Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཁྲི་དང་། སྤྱི་འཐུས་ཀྱི་འོས་འཕེན་པ་གླེང་བ།

Posted on 2010-09-022010-09-02 By ཁ་བརྡ་ 6 Comments on བཀའ་ཁྲི་དང་། སྤྱི་འཐུས་ཀྱི་འོས་འཕེན་པ་གླེང་བ།

པདྨ་ཚེ་དབང་ཤཱསྟྲིས།

བར་ལམ་ཞིག་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ། གསར་ཤོག་དང་། དྲ་གནས། ཟིན་ཐོ། བརྙན་འཕྲིན། རླུང་འཕྲིན་སོགས་བརྒྱུད་ལམ་དུ་མའི་ནང་དུ་ཡོང་ལ་ཉེ་བའི་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་ཀྱི་འོས་བསྡུའི་ཐད་ལ་ཚ་ཚ་འུར་འུར་གྱིས་གླེང་པ་མ་ཟད། ཚོགས་པ་དང་སྒྲིག་འཛུགས་འགའ་རེས་་བཀའ་ཁྲིའི་འོས་གཞིར་བཞེངས་མཁན་འགའ་ཞིག་གི་དབར་ལ་བགྲོ་གླེང་ཁ་ཤས་ཀྱང་གོ་སྒྲིག་གནང་ཡོད། འོན་ཀྱང་ད་ལྟ་བར་དུ་མང་ཆེ་བས་རང་རང་གི་ཁམས་དང་མོས་པར་བསྟུན་ཏེ། བཀའ་ཁྲི་སུར་འོས་མིན་དང་། དེ་དག་གི་འོས་པའི་ཁྱད་ཆོས་དང་། མི་འོས་པའི་སྐྱོན་ཆ། དེ་བཞིན་སྤྱི་འཐུས་ཀྱི་འོས་གཞིའི་སྐོར་ལ་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་བསྒྲིལ་མ་ཐུབ་པའི་དབང་གིས་ད་ཡོད་སྤྱི་འཐུས་འགའ་ཞིག་ལ་སྐྱར་དུ་འོས་བླུགས་མི་འོས་པའི་སྐོར་ཙམ་གླེང་བ་ལས། དེ་མིན་ཡོང་རྒྱུའི་སྤྱི་འཐུས་ཀྱི་འོས་གཞི་དང་། འོས་འཕེན་པའི་སྐོར་ལ་དེ་ཙམ་གྱི་ཐུགས་སྣང་མ་བྱུང་བ་ལྟ་བུར་སྣང་།
སྤྱིར་མང་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཕལ་ཆེ་བའི་ནང་དུ་སྲིད་ཇུས་འདྲ་མིན་འཛིན་པའི་སྲིད་དོན་ཚོགས་པ་གཉིས་གསུམ་མམ། དུ་མ་ཡོད་པར་བརྟེན། འོས་འཕེན་པ་ཕལ་མོ་ཆེས་ཀྱང་རང་ཉིད་ཚོགས་པ་གང་གི་ཚོགས་མི་ཡིན་པ་དང་། སྲིད་ཇུས་གང་ལ་མོས་པ་ཡོད་པ་དེར་འོས་འཕེན་པའི་གྲོས་ཤིག་ཡོད་པ་དང་། ལྷག་པར་དུ་སྲིད་དོན་ཚོགས་པ་དང་། འོས་དམིགས་རང་ངོས་ནས་འགྲོ་གྲོན་ཕོན་ཆེ་བཏང་སྟེ། འོས་འཐོབ་ལ་རེ་བའི་དྲིལ་བསྒྲགས་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་ཆེ་བྱེད་སྲོལ་ཞིག་ཡོད་སྟབས། འོས་འཕེན་པ་ཚོས་འོས་དམིགས་རྣམས་ངོ་ཤེས་པ་མ་ཟད་ད། དེ་དག་ལ་དབྱེ་ཞིབ་དང་དཔྱད་པ་བྱེད་རྒྱུའི་གོ་སྐབས་བཟང་པོ་ཡོད།
འོན་ཀྱང་བོད་བཙན་བྱོལ་སྲིད་གཞུང་ནི། སྲིད་དོན་ཚོགས་པ་བྲལ་བའི་གཞུང་ཞིག་ཡིན་པ་དང་། ཤས་ཆེ་བ་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ལྔ་ལས་གྲུབ་པའི་ཁྲིམས་བཟོའི་ལྷན་ཁང་ལྡན་པའི་མང་གཙོའི་སྒྲོམ་གཞི་ཞིག་རེད། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་སྲིད་ཇུས་ཀྱི་ཆ་ནས་བལྟས་ཀྱང་། རང་སྲིད་རང་སྐྱོང་དང་། རང་བཙན། རང་ཐག་རང་གཅོད་བཅས་གསུམ་གྱི་ནང་ནས་ད་ལྟའི་ཆར་བོད་གཞུང་གི་སྲིད་ཇུས་ནི། གཉིས་སྨན་དབུ་མའི་ལམ་ལ་བརྟེན་ནས་ཆོལ་གསུམ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འཐོབ་ཐབས་བྱ་རྒྱུ་དེ་ཡིན་པས། མང་གཙོའི་རྒྱལ་ཁབ་གཞན་དང་མི་འདྲ་བར་བོད་མིའི་འོས་འཕེན་པ་ཚོ་ལ་ལྟ་གྲུབ་གཞི་ལ་བཞག་པའི་སྲིད་ཇུས་འཛིན་སྟངས་མི་འདྲ་བའི་ཐོག་ཏུ་འོས་འཕེན་རྒྱུའི་གདམ་ག་དེ་མེད།
ཡིན་ནའང་བོད་མི་འོས་འཕེན་པའི་ནང་དུ་རིགས་མི་འདྲ་བ་འགའ་ཞིག་ཡོད། དང་པོའི་ནང་དུ། འོས་དམིགས་རྒན་གཞོན་དང་སེར་སྐྱ་ཕོ་མོ་སུ་འདྲ་ཞིག་ཡིན་ཀྱང་། དེས་བོད་དོན་གྱི་ཐད་ལ་སྲིད་ཇུས་འཛིན་སྟངས་དང་། སྲིད་ཇུས་དེ་ཇི་ལྟར་ལག་བསྟར་བྱེད་པའི་འཐབ་བྱུས་གང་ཞིག་བེད་སྤྱོད་བྱེད་མིན། དེ་བཞིན་འབྱུང་འགྱུར་ལོ་ལྔའི་རིང་ལ་བོད་མིའི་ཤེས་ཡོན་དང་། དཔལ་འབྱོར། འཕྲོད་བསྟེན། རིག་གཞུང་འཛིན་སྐྱོང་སོགས་ཡར་རྒྱས་གོང་འཕེལ་གྱི་ཐད་ལ་གསར་གཏོད་དང་། རྒྱུན་འཁྱོངས། བསྒྱུར་བཅོས། ཕྱིར་བསྡུ་བཅས་ཇི་ལྟར་དགོས་མིན་གྱི་ལས་གཞི་ལས་འཆར་དང་། འཆར་སྣང་། ཐབས་བྱུས་བཅས་བཟང་ཤོས་སུ་ལ་ལྡན་པ་དེར་འོས་འཕེན་གྱི་ཡིན་ཟེར་མཁན་གྱི་རིགས་གཅིག་དང་། གཉིས་པའི་ནང་དུ། ངོ་ཤེས་འབྲེལ་འདྲིས་དང་། གཉེན་ཉེ་མཛའ་ཤེས། ལུང་ཚན་དང་ཚོགས་སྐྱིད་གཅིག་པ། སྡོད་གནས་གཅིག་པ་སོགས་ཡིན་པ་ཁོ་ན་རྒྱུ་མཚན་དུ་བྱས་ཏེ་འོས་དམིགས་བྱེ་བྲག་པ་ཞིག་ལ་འོས་འཕེན་མཁན་གྱི་གྲས་གཅིག གསུམ་པའི་ནང་དུ། ཁོང་རང་སློབ་སྦྱོང་ཡག་པོ་འདུག་ཟེར་བ་དང་། ཁོང་རང་ཉམས་མྱོང་ཆེན་པོ་འདུག་ཟེར་བ། ཁོང་རང་སྐད་ཆ་ཤོད་མཁས་པོ་འདུག་ཟེར་བ། ཁོང་རང་ལྟ་བཟོ་དོད་པོ་དང་མཐོང་བདེ་པོ་འདུག་ཟེར་བ། ཁོང་རང་བོད་གཞུང་གི་ལས་བྱེད་སྙིང་པ་རེད་ཟེར་བ། ཁོང་རང་མི་བཟང་པོ་དང་བློས་འཁེལ་པོ་ཡོད་རེད་ཟེར་བ་སོགས་རྒྱུ་མཚན་གཅིག་ཁོ་ན་ལ་བརྟེན་ནས་འོས་དམིགས་བྱེ་བྲག་པ་ཞིག་ལ་འོས་འཕེན་མཁན་རིགས་གཅིག བཞི་པའི་ནང་དུ། ཁོང་རང་གིས་བཀའ་ཤག་སྔོན་མའི་སྲིད་ཇུས་མུ་མཐུད་ཀྱི་རེད་ཟེར་བ། ཁོང་རང་དབུ་མའི་ལམ་ལ་ཡིད་ཆེས་བྱེད་མཁན་རེད་ཟེར་བ། ཁོང་རང་རང་བཙན་བརྩོད་མཁན་རེད་ཟེར་བ་བཅས་ལངས་ཕྱོགས་ལ་བརྟེན་ནས་འོས་འཕེན་པ་རིགས་གཅིག ལྔ་པའི་ནང་དུ། ངས་ནི་འོས་དམིགས་སུ་ཡང་ཡག་པོ་ངོ་ཤེས་ཀྱི་མེད་ལ། སྲིད་དོན་གྱི་སྐོར་ལའང་རྒྱུས་མངའ་གང་ཡང་མེད་པས་ཁྱེད་རང་གིས་སུ་ལ་འོས་བླུགས་དགོས་རེད་ཟེར་བ་དེར་བླུགས་ཀྱི་ཡིན་ཟེར་མཁན་རིགས་གཅིག ༼འདིའི་ནང་དུ་ད་ཡོད་ཀྱི་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་ཚོགས་གཙོ་སུ་ཡིན་མི་ཤེས་མཁན་གྱི་གྲས་ཀྱང་ཡོད།༽ དྲུག་པའི་ནང་དུ། ང་རང་འོས་བླུགས་འདོད་འདུག་ཀྱང་། དཔྱ་ཁྲལ་ལག་དེབ་མེད་ཟེར་མཁན་དང་། ཡང་ང་རང་གི་ལངས་ཕྱོགས་དང་མཐུན་པའི་སྲིད་ཇུས་འཛིན་མཁན་གྱི་འོས་དམིགས་སུ་ཡང་མི་འདུག། བྱས་ཙང་ང་འོས་ཤོག་བླུགས་ཀྱི་མིན་ཟེར་མཁན་གྱི་རིགས་གཅིག་བཅས་ཡོད། དེས་ན། བཀའ་ཁྲི་དང་སྤྱི་འཐུས་ཀྱི་གོ་གནས་ལ་རེ་བའི་འོས་དམིགས་ཚང་མའི་དགོངས་པར་འཇགས་དགོས་པ་ཞིག་ལ། གོང་གསལ་འོས་འཕེན་པའི་རིགས་གཉིས་པ་དང་། དྲུག་པ་ཕུད་པའི་གཞན་རྣམས་ཀྱི་འོས་ཤོག་གི་གྲངས་འབོར་ཆེན་པོ་ཡིན་སྟབས། གནད་དོན་དེ་དག་གི་ཐོག་ལ་དགོངས་པ་བཞེས་ཏེ་འཆར་གཞི་འགོད་གལ་ཆེ་བར་སྙམ།།

རྩོམ་རིག

Post navigation

Previous Post: འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག
Next Post: རྨི་ལམ་ནང་གི་རྟ་རྒན།

Comments (6) on “བཀའ་ཁྲི་དང་། སྤྱི་འཐུས་ཀྱི་འོས་འཕེན་པ་གླེང་བ།”

  1. རང་བཙན་ལྡེའུ་ says:
    2010-09-03 at 3:50 am

    བཀའ་ཁྲིའི་བསྐོར་ཚ་ཚ་འུར་འུར་ངང་གླེང་མུས་བཞིན་ ངས་ནི་རང་གི་འོས་དེ་གོང་གི་ཨང་རིན་དང་པོའི་ནང་གི་ཆ་རྐྱེན་གྲུབ་ཐུབ་ཁན་གྱི་འོས་མི་དེར་འཕེན་རྒྱུ་ཡིན་། བྱང་ཨ་རིའི་སྤྱི་འཐུས་འོས་མིར་སུ་ལང་གི་ཡོད་མེད་གོ་རྒྱུ་ཚོར་རྒྱུ་མིན་འདུག་་།

  2. གངས་ལྷ། says:
    2010-09-03 at 12:24 pm

    ངས་བལྟས་ན། མང་ཆེ་བས། མི་འདི་བཟང་པོ་དང་བརྟན་པོ་རེད། ལས་ཀ་སྡུག་ཅག་བྱེད་ཀྱི་མ་རེད། ༸རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་རེད་ཅེས་འོས་བླུག་གི་རེད།
    བྱེ་བྲག་ཏུ། ཨ་མདོ་བ་ཚོས། འདིས་དེབ་ཡག་པོ་བྲིས་ཡོད་རེད། འདིས་སྙན་ངག་བྲིས་ནས་སྐད་གྲགས་བཞག་ཡོད་ཅེས་འོས་བླུག་གི་རེད།

  3. གངས་ལྷ། says:
    2010-09-03 at 12:28 pm

    ཁམས་པ་ཚོས། མི་འདིས་གྲོས་ཚོགས་ནང་ཡག་པོ་དང་རྫིག་པོ་བཤད་ཐུབ་ཀྱི་རེད། བཏང་ཕོད་ཀྱི་རེད། འཇོན་ཕོད་ཀྱི་རེད་ཅེས་འོས་བླུགས་མཁན་མང་།

    དབུས་གཙང་ནང་ནས། དབུས་པ་རང་ལ་ལུང་ཚན་གྱི་སྐད་ཆ་ཞེ་དྲག་ཡོད་ས་མ་རེད། མི་དྲང་ལོས་དང་ལོ་རྒྱུས་གཙང་ལོད་ལ་བལྟ་བ་འདྲ། སྟོད་པ་དང་མངའ་རིས་པ་ཚོས་རང་དང་ཕ་ཡུལ་གཅིག་པ་ཡིན་མིན་གཙོ་བོར་བལྟ་གི་འདུག་དྲན།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2010-09-03 at 3:12 pm

    ཁྱེད་ཀྱི་རྨི་ལམ་ནང་གི་རྟ་རྒན་འདིས་མ་མྱོང་གི་བསམ་པ་ཞིག་མེད། ད་དུང་དངོས་ནས་མང་བོ་མྱོང་རྒྱུ་རེད།

  5. བོད། ལྷ་ཀླུ་གཉན་གསུམ། says:
    2010-09-03 at 3:13 pm

    མཆན་པུ་ནོར་བ་ཞིག་བཏབ་པ་དེར་དགོངས་དག་ཞུ།

  6. སྐལ་བཟང་རྒྱ་མཚོ། says:
    2010-09-04 at 9:45 am

    བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་གཞི་དེ་གསར་འགྱུར་དྲ་རྒྱ་སོགས་བརྒྱུད་ལམ་ཁག་ནས་སྣ་ཚོགས་ཤིག་བཤད་ཀྱང་། མདོར་བསྡུས་ན་ང་ཚོ་ལ་དགོས་པ་ནི་ཆོལ་ཁ་དང་ཆོས་ལུགས་སོགས་ལ་ཕྱོགས་རིས་ཡོད་མཁན་ཞིག་མིན་ལ། སྐྱོན་དེ་ཡོད་ཕྱིན་བཀའ་ཁྲིའི་འོས་གཞིར་མི་འོས་ལ། སྤྱི་འཐུས་ཀྱི་འོས་གཞི་ཡང་དེ་དང་འདྲ། འདིར་བཙན་བྱོལ་དུ་སྡོད་བོད་ཀྱི་སློབ་ཕྲུག་རྣམས་མཐར་ཕྱིན་རྗེས་དེ་རྣམས་ལ་ལས་ཀ་སྤྲོད་ཐུབ་མཁན་ཞིག་དང་། དེ་མཐུན་རྐྱེན་གང་བསྒྲུབ་དགོས་པ་ལ་ནུས་པ་བཏོན་ཤེས་མཁན་ཞིག་ངེས་པར་དགོས་ཤིང་། དེ་འདྲ་དེ་ཁྲི་བར་འོས་ཤིང་འོས་ཤོག་ཀྱང་འཕེན་དགོས། དེ་མིན་ཕྱོགས་རིས་ཅན། སྤྱི་སེམས་མེད་པ། རང་གི་རྐུབ་སྟེགས་སྲུང་ནས་སྡོད་ཙམ་ཞིག་ལ་འོས་ཐོབ་ཀྱང་དགོས་པ་ཆེར་མེད་པས་བོད་མི་ཡོངས་ནས་ཕྱོགས་རིས་མི་བྱེད་རང་རང་སོ་སོའི་ངོས་ནས་དང་དུ་བླངས་ཏེ་འོས་བླུགས་དགོས་པ་གནད་ཀྱི་དོན་པོའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme