ན་མོ་གུ་རུ་པདྨ་ཏྰ་ར་ཡེ། །
༡ ཨེ་མ་སྟོང་ཉིད་ལྷ་མོ། །
ཝྃ་ཆེན་ཚོགས་ལ་ཕེབས་ནས། །
ཟུང་འཇུག་སྒྱུ་འཕྲུལ་ལོངས་སྤྱོད། །
མཉམ་རོལ་ཕྱག་རྒྱ་ངོམ་ཤོག །
༢ སྐལ་བཟང་པདྨ་གེ་སར། །
ཆོས་དཔལ་ཡིད་ཀྱི་དགའ་སྟོན། །
བཀྲ་ཤིས་བདེ་ལེགས་རོལ་དབྱངས། །
གཡུ་སྦྲང་གཤོག་པར་རང་གྲུབ། །
༣ ཤར་ནུབ་རྒྱ་མཚོ་ཆེན་པོས། །
ཐག་རིང་ཡུལ་གྱིས་བསྐལ་ཡང་། །
བརྩེ་གདུང་དམ་ཚིག་མདུད་པ། །
ནམ་ཡང་འབྲལ་བ་མི་འདུག །
༤ ཐུགས་དམ་ཤེལ་གྱི་མཆོད་རྟེན། །
ཕྱི་གསལ་ནང་གསལ་དག་པ། །
ཡིད་མཐུན་པདྨ་གེ་སར། །
སྙིང་གི་དཀྱིལ་ནས་དྲན་སོང་། །
༥ ལས་ཉོན་བག་ཆགས་རྒྱུ་བ། །
རླུང་ནག་དྲག་ཏུ་གཡོས་ཀྱང་། །
མི་འགྱུར་རྡོ་རྗེའི་སྙིང་གཏམ། །
ནམ་ཡང་འགྱུར་རྒྱུ་མི་འདུག །
༦ ལྷོ་ཁའི་ཞིང་གི་འབྲུ་སྔོན། །
བྱང་ཐང་དགེ་བའི་བསོད་ནམས། །
རང་བྱུང་རྟེན་འབྲེལ་འགྲིག་ན། །
ནུབ་མེད་འོད་གསལ་འཆར་ཡོང་། །
༧ ཉིན་སྣང་སེམས་ཀྱི་དྲན་པ། །
མཚན་སྣང་རྨི་ལམ་བག་ཆགས། །
སད་རྨིས་བར་དོའི་ཕྲེང་ནས། །
སྙིང་གྲོགས་བརྗེད་རྒྱུ་མི་འདུག །
༨ ཡ་ཀིའི་ཐང་དཀར་རྒོད་པོས། །
གནམ་ཐང་བགྲོད་པ་མཐོང་ཚེ། །
མཇལ་འདོད་བྱམས་པའི་ཕྱོགས་ལ། །
ཡིད་ཀྱི་བྱ་རྒོད་འཕུར་སོང་། །
༩ མ་ཀིའི་གསེར་ཉ་བདེ་མོས། །
གཙང་ཆབ་འཁྱུག་འགྲོས་མཐོང་ཚེ། །
བརྩེ་དུང་འགྱུར་མེད་དམ་པ། །
ཞི་བདེ་ནང་ནས་འཆར་འདུག །
༡༠ ཐུགས་རྒྱུད་ཤིན་དུ་བཟང་མོས། ། །
བརྩེ་གདུང་རྒྱུན་ཆད་མ་བྱུང་། །
ལྷ་དང་བླ་མའི་བྱིན་རླབས། །
སྙིང་གི་དཀྱིལ་དུ་སྨིན་སོང་། །
༡༡ གོ་ལའི་འབྱུང་འགྱུར་དབང་གིས། །
དཀར་གསལ་ཟླ་བའི་འཕེལ་འགྲིབ། །
ལྟར་སྣང་ཡར་མར་མཐོང་ཡང། །
དོན་ལ་འགྱུར་བ་མི་འདུག །
༡༢ ཆུང་ནས་འདོད་པའི་ནོར་བུ། །
ཆེ་ནས་ལག་ཏུ་ལོན་པ། །
རྨི་ལམ་ནང་གི་མཇལ་འཛོམས། །
རེ་འདོད་གྲུབ་པས་བདེ་སོང་། །
༡༣ རང་སེམས་མཐུན་པའི་སྙིང་གྲོགས། །
གཏན་བདེའི་འདུན་མ་བྱུང་བས། །
དགོས་འདོད་འབྱུང་བའི་ནོར་བུ། །
རྙེད་པ་དེ་དང་འདྲ་བྱུང་། །
༡༤ གཞན་གྱི་སྡུག་བསྔལ་བསལ་ཕྱིར། །
རྟག་ཏུ་ཕན་གྲོགས་བྱེད་པ། །
བྱམས་ལྡན་པདྨ་ཏཱ་ར། །
བརྩེ་ལྡན་མ་དང་འདྲ་སོང་། །
༡༥ ཐབས་ཤེས་ཟུང་འཇུག་ཡེ་ཤེས། །
བདེ་སྟོང་ལྷན་སྐྱེས་འདྲེན་པའི། །
མཚན་ལྡན་པདྨ་གེ་སར། །
ཕྱག་རྒྱའི་ཁབ་ཏུ་སོན་འདུག །
༡༦ བཅུ་དྲུག་ལང་ཚོ་སོན་པས། །
བདེ་ཆེན་མི་འགྱུར་རྡོ་རྗེའི། །
རིག་རྩལ་གློག་ཞགས་དམར་པོས། །
བརྟན་གཡོ་གཅིག་ཏུ་བཟླུམ་སོང་། །
༡༧ འཛུམ་དཀར་མུ་ཏིག་ཕྲེང་བ། །
མཛེས་ཞལ་ཟླ་བ་དཀར་པོ། །
པདྨའི་ཕྱག་རྒྱ་ཆེན་པོ། །
ཡང་ཡང་ཡིད་ལ་འཁོར་སོང་། །
༡༨ སྟོད་ན་གངས་དཀར་རི་བོ། །
གཟི་མདངས་སྔར་ལས་ལྷག་པ། །
སྙིང་གི་བརྩེ་གདུང་རྒྱ་མཚོ། །
དམ་ཚིག་དེ་ལས་ཟབ་པ། །
༡༩ ཀུན་རྟོག་དྲན་པའི་མེ་ལོང་། །
ཡང་ཡང་བྱི་དོར་བྱས་ཀྱང་། །
བརྗེད་མེད་ཡིད་ཀྱི་མེ་ཏོག །
ནམ་ཡང་དོར་རྒྱུ་མི་འདུག །
༢༠ པདྨ་གེ་སར་སྡོང་པོ། །
དབྱར་དགུན་ཁྱད་པར་ཡོད་ཀྱང་། །
སྙིང་གི་པདྨ་གེ་སར་། །
ནམ་ཡང་རྙིང་རྒྱུ་མི་འདུག །
༢༡ བོད་ཡུལ་དབུས་ཀྱི་པདྨ། །
རང་ཡིད་འཕྲོག་པའི་ལས་དབང་། །
རྒྱུ་རྐྱེན་རྟེན་འབྲེལ་འགྲིག་ན། །
འཆི་ཡང་འགྱོད་པ་མི་འདུག །
༢༢ སློབ་ཆེན་མཐར་ཕྱིན་ཁྱེད་དང་། །
སློབ་ཕྲུག་དྭ་ལི་ངེད་གཉིས། །
སྡོད་ས་ཤར་ནུབ་ཁ་ཁར། །
འཛོམས་ས་སྒྱུ་འཕྲུལ་དྲྭ་མིག །
༢༣ སྐྱིད་སྡུག་བཤད་སའི་སྙིང་གྲོགས། །
ས་ཐག་རིང་ཐུང་མི་འདུག །
སེམས་ཁུང་དུང་ཟླ་དཀར་པོ། །
ནམ་ཡང་འཕེལ་གྲིབ་མི་འདུག །
༢༤ སེམས་པ་ཁྱེད་ལ་ཤོར་ནས། །
མཚན་མོའི་རྨི་ལམ་རྨིས་ནས། །
ཉིན་མོ་མཇལ་དུ་མེད་ཀྱང་། །
ཡིད་ཐང་ཆད་རྒྱུ་མི་འདུག །
༢༥ བརྩེ་གདུང་དུང་སེམས་དཀར་པོ། །
སྙིང་གི་དཀྱིལ་ནས་ཤར་བྱུང་། །
མ་སྒོམ་པདྨའི་ཞལ་རས། །
ཡིད་ལ་འཁོར་འཁོར་བྱས་བྱུང་། །
༢༦ ན་ནིང་འཕྲད་པའི་སྙིང་གྲོགས། །
ད་ལོ་འབྲལ་དགོས་བྱུང་ན། །
རང་ལུས་སྐྱ་མོ་གྲུ་བཞི། །
མི་འདོད་གཡུག་དགོས་བསམ་ཡོད། །
༢༧ བདེན་གཉིས་མཁྱེན་པའི་ཤེས་རབ་། །
ངེས་ཤེས་རིན་ཆེན་སྒྲོན་མེ། །
མི་ཕྱེད་དད་པའི་འོད་ཟེར། །
ནམ་ཡང་ཉམས་པ་མི་འདུག །
༢༨ དཔྱིད་དུས་ལུ་གུའི་མེ་ཏོག །
ནམ་ཟླ་འཕོ་འགྱུར་སྣང་ཡང་། །
སྙིང་སྲོག་རྡོ་རྗེ་དཀར་པོ། །
གྱོང་རྒུད་འགྱུར་བ་མི་འདུག །
༢༩ དབྱར་ཐང་རྩི་ཤིང་སྣ་ཚོགས། །
སྐྱེ་འཆི་དར་རྒུད་སྣང་ཡང་། །
ལྷག་བསམ་རིན་ཆེན་ནོར་བུ། །
གང་བསམ་འགྲུབ་པ་ངོ་མཚར། །
༣༠ སྟོན་ཀའི་གསེར་སྦྲང་སེར་པོ། །
བསམ་པའི་ལས་འཕྲོ་མ་ཟད། །
གཡུ་སྦྲང་སེམས་པ་མ་སྐྱོ། །
བདེ་ཆེན་ཞིང་ནས་མཇལ་ཡོང་། །
༣༡ དགུན་དུས་གྲང་ངར་རྒྱས་ནས། །
རི་ལུང་ཁ་བས་བཟུང་ཡང་། །
གཏུམ་མོའི་བདེ་དྲོད་ཉི་མས། །
སྒོ་གསུམ་དགའ་བདེས་ཁེངས་སོང་། །
༣༢ ཆར་ཆུ་དཀོན་པའི་དུས་སུ། །
རྩི་ཐོག་སྨིན་གྲོལ་མེད་ཀྱང་། །
ཉམས་ལེན་བདུད་རྩིའི་ཐིག་པ། །
ནམ་ཡང་འབྲལ་བ་མི་འདུག །
༣༣ ང་དང་པདྨ་གཞོན་ནུ། །
མཇལ་འདོད་སྨོན་ལམ་ཚིག་གསུམ། །
དོན་གྲུབ་བསམ་པ་དཀར་པོ། །
ནམ་ཡང་བརྗེད་ས་མ་རེད། །
༣༤ གངས་དཀར་སེམས་པ་མེད་ཀྱང་། །
ལས་རླུང་ཁྲག་གི་འཁོར་ལོ། །
གདོང་དམར་དུར་ཁང་ཁྲ་མོ། །
གཤིན་རྗེའི་ཁྲིམས་ལས་བཙན་སོང་། །
༣༥ བྱ་རྒྱལ་ཁྱུང་ཆེན་དམ་པ། །
རི་རྒྱལ་རྩེ་རུ་འཕུར་སོང། །
ཁྭ་ཏ་ནག་ཆུང་ངེད་གཉིས། །
གྲོང་མཐའ་འདི་རུ་ལྷག་འདུག །
༣༦ གངས་སེང་གཡུ་རལ་ཅན་པོ། །
གངས་རིའི་ཕྱོགས་སུ་མ་ཉེ། །
རྒྱང་རིང་ནགས་སུ་བསྐྱོད་པས། །
ལས་ངན་སེང་ཕྲུག་སྐྱོ་བ། །
༣༧ རྒྱ་སྟག་དཔའ་ངར་ཇེ་ཆེ། །
འབྲོང་གཡག་ནུས་པ་ཇེ་ཆུང་། །
དགྲ་གཉེན་བསམ་པ་ཁ་ཁ། །
ནམ་ཡང་མཐུན་ས་མ་རེད། །
༣༨ གཡུ་འབྲུག་སྙན་གྲགས་ཅན་པོ། །
རྨ་བྱ་ཁབ་ཏུ་མ་བཞེས། །
སེངྒེའི་མགོ་བོ་གནོན་འདོད། །
དུག་སྦྲུལ་རྐན་སྒྲ་གནང་འདུག །
༣༩ རྟ་མཆོག་རླུང་གི་འཁོར་ལོ། །
འཛམ་གླིང་སུམ་གཉིས་དབང་བའི། །
བསོད་ནམས་རླུང་རྟ་དཀར་པོ། །
རྔོ་དང་འགྲུམ་འབིས་མནར་འདུག །
༤༠ སྐལ་བཟང་ནམ་ཟླ་དྲོན་པོ། །
རེ་ཞིག་མྱོང་དགོས་བསམ་ཡང། །
བཟང་ངན་གོ་ལོག་མོད་པས། །
རང་སེམས་ཁོ་ཐག་ཆོད་ཐལ། །
༤༡ ཕ་མེས་ཤེས་རབ་ཅན་པོ། །
མ་མེས་སྙིང་རྗེ་ཆེན་པོ། །
ཡང་མེས་བྱང་སེམས་ཅན་པོ། །
བསམ་ན་སེམས་པ་སྤྲོ་སོང་། །
༤༢ དུར་ཁང་གཤིན་ཐང་སྐྱ་མོར། །
ཞེན་པས་ཕྱི་མིག་བལྟས་ཀྱང་། །
སྙིང་རླུང་མུན་པ་ནག་པོ། །
ནམ་ཡང་སངས་ཐབས་མི་འདུག །
༤༣ འཁོར་བའི་འདམ་ལ་ཆགས་ནས། །
རེ་ཞིག་སྡོད་དགོས་བསམས་ཀྱང༌། །
ཕུ་ནུས་བྱེད་སྟངས་མཐོང་ཚེ། །
ཞེན་ཆགས་མ་གྲོལ་རང་གྲོལ། །
༤༤ ཁྲེལ་གཞུང་མེད་པའི་གྲོགས་པོས། །
གཡོ་སྒྱུས་འཁོར་ལོ་བསྐོར་ནས། །
དྲང་བདེན་རྒྱབ་ཏུ་གཡུག་པའི། །
རྫུན་གྱི་ནད་རྐྱལ་གཉེར་འདུག །
༤༥ བྱམས་བརྩེའི་པད་སྡོང་དཀར་པོ། །
སྐྱེད་ཚལ་དཀྱིལ་དུ་བཙུགས་ཡོད། །
ང་དང་པདྨ་གེ་སར། །
མཇལ་བའི་རྟེན་འབྲེལ་བསྒྲིག་ཡོད། །
༤༦ རྩ་བ་ཡན་ལག་སྟོང་ལྡན། །
བདུད་རྩི་སྨན་གྱི་མཆོད་པ། །
དཀོན་མཆོག་གསུམ་ལ་འབུལ་ནས། །
བསྟན་འགྲོར་ཕན་བདེ་སྨོན་ཡོད། །
༤༧ ས་ཆུ་མེ་རླུང་འཇིགས་པས། །
གོ་ལའི་ས་ཞིང་འཇིག་ཀྱང་། །
བརྩེ་གདུང་དགའ་བའི་སེམས་པ། །
ནམ་ཡང་འཇིག་རྒྱུ་མི་འདུག །
༤༨ སྔོན་འགྲོ་དཔག་བསམ་སྡོང་པོ། །
སྲུང་སྐྱོབ་ལེགས་པར་གྱིས། །
རང་ལུས་དལ་འབྱོར་རིན་ཆེན། །
སྙིང་པོ་ལོན་པར་འདུག་གོ །
༤༩ ངེས་འབྱུང་ཞིང་ས་གཤིན་པོ། །
བཅོས་མིན་སེམས་ལ་འཁྲུངས་ན། །
ཡོན་ཏན་འབྲུ་དྲུག་སྙིང་པོ། །
འབྲས་བུ་སྨིན་པ་འདུག་ལགས། །
༥༠ བྱང་ཆུབ་སེམས་མཆོག་རིན་ཆེན། །
ནོར་བུ་རང་ལག་ཡོད་དུས། །
བྱི་དོར་ཡང་ཡང་གྱིས་དང་། །
དགོས་འདོད་འབྱུང་གནས་ཡིན་འདུག །
༥༡ སྣང་སྲིད་རྣམ་དག་བདུད་རྩི། །
དམ་ཚིག་རྡོ་རྗེས་མཆོད་ན། །
ལྷ་ལྕམ་པདྨ་གེ་སར། །
སྐྱེ་འཆི་མེད་པར་བརྙེས་འགྲོ། །
༥༢ དུང་སེམས་གཞོན་ནུ་བུམ་སྐུར། །
འཁོར་འདས་ཁྱད་པར་མི་འདུག །
རྣམ་དག་མཉམ་ཉིད་བཀོད་པ། །
རང་གི་རིག་པའི་ཆོ་འཕྲུལ། །
༥༣ རང་སེམས་ངོ་བོ་སྟོང་པ། །
ཆོས་སྐུ་སྣང་བ་མཐའ་ཡས། །
རང་ངོ་རང་གིས་ཤེས་ན། །
ཆོས་དབྱིངས་གཞན་དུ་མི་འདུག །
༥༤ སེམས་ཉིད་རང་བཞིན་འོད་གསལ། །
ལོངས་སྐུ་ཐུགས་རྗེ་ཆེན་པོ། །
སྣང་སྲིད་རྣམ་དག་ཞིང་ཁམས། །
རང་སེམས་དག་པའི་སྣང་བ། །
༥༥ རིག་རྩལ་ཐུགས་རྗེ་ཀུན་ཁྱབ། །
སྤྲུལ་སྐུ་པདྨ་རྒྱལ་པོ། །
རྣམ་རྟོག་འཕྲོ་འདུ་བཟང་ངན། །
རིག་པའི་རྒྱན་དུ་ཤར་འདུག །
༥༦ དུག་ལྔའི་རྟོག་པ་ཅི་ཤར། །
ངོ་ཤེས་རྒྱལ་བ་རིགས་ལྔ། །
ཁོ་ཐག་ནང་ནས་ཆོད་ན། །
གནས་ལུགས་དོན་གྱི་ཡེ་ཤེས། །
༥༧ ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ། །
གཟུགས་སྒྲ་དྲི་རོ་རེག་བྱ། །
སྣང་སྟོང་ཟུང་འཇུག་གོ་ན། །
དོན་དམ་དབུ་མ་ཆེན་པོ། །
༥༨ བདེ་ཆེན་སེམས་ཀྱི་རོལ་བ། །
སྟོང་ཉིད་ངེས་ཤེས་སྒྲོན་མེ། །
གསལ་སྟོང་ཟུང་འཇུག་མྱོང་ན། །
ལྷན་སྐྱེས་ཕྱག་རྒྱ་ཆེན་པོ། །
༥༩ གང་ཤར་ཚོགས་དྲུག་རོལ་བ། །
རིག་རྩལ་སེམས་ཀྱི་དེ་ཉིད། །
རིག་སྟོང་ཟུང་འཇུག་རྟོགས་ན། །
རང་བཞིན་རྫོགས་པ་ཆེན་པོ། །
༦༠ མི་ལུས་ཡིད་བཞིན་ནོར་བུ། །
རྩ་ཐིག་རླུང་གི་དཀྱིལ་འཁོར། །
གསང་ཆེན་གནད་ལ་སྣུན་དང་། །
སྨིན་གྲོལ་ཐོབ་པར་ཡོད་འདུག །
༦༡ རང་སྣང་དགྲ་རུ་མ་བཟུང་། །
རང་ངོར་རང་གིས་ལྟོས་དང་། །
རང་སེམས་སངས་རྒྱས་ཐོབ་ཐབས། །
གཞན་དུ་རྩལ་དགོས་མི་འདུག །
༦༢ རྨི་ལམ་ནང་གི་མཐོང་སྣང་། །
སྙིང་གྲོགས་དམ་པས་བསྐུལ་མ། །
ཅི་ཤར་སེམས་ཀྱི་རི་མོ། །
མི་བརྗེད་དྲན་ཐོ་བཀོད་ཡོད། །
༦༣ དགེ་རྩ་དགོས་འདོད་ཀུན་འབྱུང། །
ཚོགས་གཉིས་རྒྱན་ཏུ་ཕུལ་ན། །
སྐུ་གཉིས་ཉི་ཟླའི་དཀྱིལ་འཁོར། །
ནམ་ཡང་ནུབ་མེད་སྨོན་ནོ། །
༦༤ རབ་རྒྱན་ལྕགས་ཕོ་སྟག་ལོའི། །
སྣྲོན་ཟླའི་མཁའ་འགྲོ་དུས་ལ། །
ལྷག་ལྷའི་ཆོས་ཚོགས་ཁང་ནས། །
དཔལ་དགྱེས་རྡོ་རྗེས་ཕུལ་ལོ། །
ཞེས་པ་འདི་ནི་རྨི་ལམ་ཚོར་སྣང་ཞིག་གིས་བསྐུལ་མས་ཐོལ་བྱུང་དུ་བྲིས་ཀྱང་ཡང་སྐྱར་བལྟས་ཀྱང་ཕྱི་ནང་གསང་གསུམ་ལ་གོ་རྒྱུ་ཆེན་པོ་དག་འདུག་སྙམ་ནས་རྒྱ་དང་དབྱིན་ཇིའི་སྐད་ཡིག་ཏུ་བསྒྱུར་བ་བྱས་པ་ཡིན། གཟིགས་དང་གྲོགས་པོ་ཚོ། །
དཔལ་དགྱེས་ལགས།ཁྱེད་ཀྱིས་བསྒྱུར་རྩོམ་དེ་ལ་བྲོ་བ་ཅི་གང་ཡང་མི་འདུག།
བཀའ་དྲིན་ཆེ་ཁ་བརྡ་དྲ་བདག་དང་ཚོགས་ཆུང་གི་འགན་ཁུར་རྣམ་པ། ཁ་བྲོ། དེ་རིང་མཁའ་འགྲོའི་དུས་ཆེན་དང་ཕག་གྲུའི་འདས་མཆོད་ལ་དྲ་ཐོག་ཏུ་བཞག་ཐུབ་པ་དེ་ཡང་རྟེན་འབྲེལ་མ་བསྒྲིག་རང་འགྲིག་གི་རྟེན་འབྲེལ་བཟང་པོ་འགྲིགས་སོང་། ། འདིཡི་དོན་དག་ཕྱི་ནང་གསང་གསུམ་ཡོད་པས། ཇོ་མོ་དང་ནག་མོ་སུ་ཡིན་ཡང་དམ་ཆོས་ལ་གོ་མྱོང་མེད་པ་གླང་ལྟ་བུ་ཚོས་སྤྱོད་ཡུལ་ཞིག་གཏན་ནས་མིན་ནོ། དེས་ན་གང་ཟག་རེ་གཉིས་ཀྱིས་གོ་མྱོང་རྟོགས་པ་མེད་པ་ཙམ་གྱིས་སྣང་མེད་དུ་འགྲོ་མི་སྲིད་སྙམ། གང་ལྟར་མཁས་པའི་འདུ་ར་ཁྲ་མོ་འདིར་ངོ་གདོང་སྟོན་མི་ཐུབ་པའི་གང་ཟག་ཚོས་སྒྲོ་བཀུར་བསྟོད་སྨད་ཅི་བྱེད་པ་དག་ནི་དྲ་སྟེང་གི་མིང་མེད་གཤིན་པོ་ཚོའི་རང་དབང་རེད། དོན་ལྡན་ཞིག་བསམ་ན་དགག་བཞག་གནང་དང་བགྲོ་གླིང་མདོར་བསྡུས་ཤིག་དྲ་ཁང་འདི་ནས་བྱེད་ཆོག ང་རང་སྒེར་མི་ཞིག་ལ་མཚོན་ན་ཁྱེད་ཚོས་བཟང་ངན་ཇི་ལྟར་བརྗོད་པར་བྱས་ཀྱང་རུང་གང་ཡང་མི་སྐྱོན།
དྲ་རོགས་གྲོགས་པོ་ཚོས་རྟོན་པ་བཞི་བོ་གོ་མ་ལོག་པར་མཁྱེན་མཁྱེན་མཁྱེན། ཤྲྰིས་སྨྱོན་པས་སོ།
དཔལ་དགྱེས་པ་རྡོ་རྗེའི་གསུངས་ལ་གོ་རྒྱུ་ཡག་པོ་འདུག
གདམ་ངག་ཟེར་ནའང་དེ་ལྟ་བུ་ལ་བརྗོད་ན་མི་ཆོག་པ་མེད་པར་མཐོང་།
གང་ལྟར་དགྱེས་རྡོར་གྱི་གསུངས་ལ་རྗེས་སུ་ཡི་རང་ཡོད་།
ཐུགས་རྗེ་ཆེ།
རེད་ཡག་གི་ཡ། མང་པོ་ཞེ་དྲག་བྲིས་བཞག
སྙན་པོ་འདུག སེམས་ལ་མངར་ཆིལ་ཆིལ་དང་གྲང་ཤུར་ཤུར་འདྲ་བའི་ཚོར་བ་ཞིག་ལྟེར་སོང་།
ཨོ་ཡ།
ལྷག་བསམ་ཞེས་པ་འདི་སྔོན་བདག་གི་སྙིང་གྲོགས་ལྷག་བསམ་རྒྱ་མཚོ་མིང་ཅན་དེ་ཡིན་པ་འདྲ། གང་ལྟར་མཆོག་གི་ཐུགས་ལ་གདམ་ངག་ཏུ་གོ་བ་མཆོག་གི་ཡོན་ཏན་རེད། དམ་པའི་ཆོས་ཀྱི་ཕན་ཡོན་དང་མཆོག་གི་བསོད་ནམས་ལས་འཁྲུངས་པའི་མཁྱེན་རབ་ཀྱི་རྩལ་ལས་བྱུང་བར་ཡིན་ནོ། །གོང་དུ་བདག་གིས་བཀོད་པའི་ལུང་ཟིན་འབེལ་གཏམ་ལས། ཇི་སྐད་དུ།
སྟོད་ན་གངས་དཀར་རི་བོ། །
གཟི་མདངས་སྔར་ལས་ལྷག་པ། །
སྙིང་གི་བརྩེ་གདུང་རྒྱ་མཚོ། །
དམ་ཚིག་དེ་ལས་ཟབ་པ། །
མཆོག་ཉིད་ལུང་གི་ཟིན་པ་ཞིག་ཏུ་སྣང་ངོ་། ། མཆོག་ཉིད་དང་གྲོགས་པོ་རྣམ་པ་ཚོ་ཐུགས་དམ་གོང་འཕེལ་ཏུ་སྨོན་ནོ། །ཕྲན་པ་ཤྲྰིས་སོ།
ལགས། འདིས་ང་ཡང་ལུང་གིས་ཟིན་འདུག
ཀུན་རྟོག་དྲན་པའི་མེ་ལོང་། །
ཡང་ཡང་བྱི་དོར་བྱས་ཀྱང་། །
བརྗེད་མེད་ཡིད་ཀྱི་མེ་ཏོག །
ནམ་ཡང་དོར་རྒྱུ་མི་འདུག །
འོ། མེ་ཏོག་དཀར་པོ་ཁྱེད་ཉིད་ནི་བདག་གི་འདོད་ཕྱོགས་དང་ཅུང་མཐུན་པས་མཆོག་གི་དགོངས་པ་བཞིན་གྱིས་དང་འགྲིག་གི་རེད། མཆོག་གིས་ཚོར་བ་མངར་སྐྱུར་དེ་དག་མདོར་བསྡུས་ཤིག་གསུང་ན་ཆོག་གམ། ང་རང་གིས་ཀྱང་འགའ་རེ་ཇི་བཞིན་གོ་བ་རྣམ་དག་ཅིག་སྐྱེས་མ་སོང་། འཆར་སྣང་དེ་བྲིས་ཟིན་ནས་བལྟ་དུས་རེ་དྭོགས་ཅན་ཞིག་དང་ཇོ་མོ་གླང་མ་མ་བདེན་པ་ཞིག་ཏུ་མཐོང་འདུག ཨ་ཙ་མ།
དཔེར་ན་ཁྱེད་ལུང་གི་ཟིན་པ་འདྲ་བོ་མང་པོ་འདུག
ཇི་སྐད་དུ།
བྱམས་བརྩེའི་པད་སྡོང་དཀར་པོ། །
སྐྱེད་ཚལ་དཀྱིལ་དུ་བཙུགས་ཡོད། །
ང་དང་པདྨ་གེ་སར། །
མཇལ་བའི་རྟེན་འབྲེལ་བསྒྲིག་ཡོད། །
ང་དང་པདྨ་གཞོན་ནུ། །
མཇལ་འདོད་སྨོན་ལམ་ཚིག་གསུམ། །
དོན་གྲུབ་བསམ་པ་དཀར་པོ། །
ནམ་ཡང་བརྗེད་ས་མ་རེད། །
ཞེས་སོགས་མང་པོ་བཟློས་སྐྱོན་ལྟ་བུ་དག་ཀྱང་འདུག མདོར་ན་ཁྱེད་ཚོས་ཡིག་ནོརདང་དོན་ནོར་ཚང་མ་ཐད་ཀར་གསུང་བར་མཁྱེན་ནོ། ཤྲྰིས་སོ
སེང་གཡུ་གཡུ་རལ་ངོམས་བགྱིད། །
གཡུ་འབྲུག་འབྲུག་སྒྲ་ལྡིར་བགྱིད། །
སྟག་ལུས་ལུས་རྩལ་ངོམས་བགྱིད། །
འཁྱུང་ཤོག་ཤོག་རྩལ་ངོམས་བགྱིད། །
ཁ་ཏས་ཁ་ཏ་ཉོན་ཅིག །
རྨ་བྱས་བྱ་སྒྲོ་ངོམས་ཤིག །
འབྱུང་བྱས་བྱ་སྐད་རྒྱོབས་ཤིག །
གསེར་ཉས་ཉ་འཁྱུག་སྟོནཅིག །
ཀ་རྩོམ་བགྲོ་གླེང་ཨ་ལ་ལ། །
ཁ་བརྡ་བཤད་པ་ཐ་ལ་ལ་། །
ག་སར་གང་ན་འདུ་རུ་རུ། །
ང་ཡི་ལས་དབང་ཨ་ཙ་མ། །
ཀོ་གྱོང་གྲུ་ཆུང་འདི་ནི།།
ཁོ་བོས་ཆུ་ལ་བཏང་ནས།།
གོ་བའི་གླུ་ཆུང་ལེན་པ།།
ངོ་ནས་སེམས་པ་སྐྱོ་བ།།
ཅོ་ཅོ་རྒྱ་ལྕང་བདག་པོ།།
ཆོ་མེད་མདོ་མེད་ངུ་རྒྱང་།།
ཇོ་བོ་མགོ་སེར་ཚོ་ལ།།
ཉོ་ཚོང་ཆེད་དུ་ཡིན་འདྲ།།
ངོ་མ་ཅན་གི་ཅིག་སྙན་གི མཁན་ཆེན་དཔལ་དགྱེས་སང་འདི་ལ་ཕྱི་ནང་གི་ཁྱད་ཆོས་མང་པོ་འདུག ཐེངས་གསུམ་བཞི་ཞིག་ལ་བཀླགས་པ་ཡིན། ཐུགས་རྗེ་ཆེ།
འཁྱུང་ཆེན་གཤོག་རྩལ་ཟད་ཀྱང་། །
སྟོང་ཉིད་ནམ་མཁའ་མི་ཟད། །
གཅིག་ཉིད་སྟོང་པ་རྟོགས་ན། །
ཐམས་ཅད་སྟོང་པ་མཐོང་བ། །
གཞན་ལ་ལྟོས་པ་ཙམ་གྱིས། །
རང་ཉིད་སྟོང་པ་ཡིན་པ། །
ལྟོས་ས་ལྟོས་ཆོག་ཉིད་ཀྱིས། །
རང་ཉིད་ཡོད་པ་མངོན་པ། །
ཤྲི་ལགས། ང་ལ་དམིགས་བསལ་གྱིས་འདིས་འདི་གོ་སོང་ཞུ་རྒྱུ་མེད།
དཔེར་ན། ཚིག་དང་སྡེབ་སྦྱོར་ལེགས་ཤིང་། ནང་དོན་ཡང་ཕལ་ཆེར་མཛའ་བརྩེའི་དོན་སྟོན་པ་འདྲ་ཞིག་འདུག
དེ་མིན་དད་པས་གདམས་ངག་ཏུ་གོ་བ་དང་། མ་རངས་པས་ཟོག་གླུར་མཐོང་བ་དེ་འདྲ་མ་རེད་ལགས།
ལག་པའི་ནང་གི་སྨྱུ་གུ། །
སྟོང་ཉིད་ཡིན་མིན་མ་རྩོད། །
དཔལ་ལྡན་ཟླ་བའི་ལུགས་ལ། །
འགལ་ན་ངོ་རེ་ཚ་བ། །
སྟོང་ཉིད་སྟོང་ཉིད་ཡིན་ན། །
སྟོང་ཉིད་ཁོ་རང་གང་གིས་སྟོང་། །
ལག་པའི་ངོས་ཀྱི་རི་མོ། །
རི་མོ་རི་མོས་ཨེ་ཡིན། །
བདུད་བཞི་བཅོམ་པའི་ཕྱིར་དུ། །
དབང་བཞིའི་བུམ་ཆུ་འཐུང་མྱོང་། །
དུག་ལྔའི་རང་མདངས་སེལ་ཕྱིར། །
ལྷ་ལྔའི་ཡེ་ཤེས་བསྒོམས་མྱོང་། །
ལས་ཀྱིས་དབང་གིས་འདུ་བའི། །
ལས་འབྲེལ་མཛེས་མ་ཁྱོད་རང་། །
ལས་ཀྱི་ཕྱག་རྒྱར་འབྱུང་ན། །
ལས་གྲོལ་ཟུང་འཇུག་གྲུབ་པ། །
མྱུ་གུ་བདེན་མེད་ཡིན་མིན། །
རྩོད་པ་འོས་སུ་སོང་ན། །
ལག་སྨྱུག་སྟོང་ཉིད་རྩོད་པས། །
ཟླ་བའི་ལུགས་དང་ཅི་འགལ། །
རང་ངོ་རང་གིས་སྟོང་པས། །
སྟོང་ཉིད་སྟོང་ཉིད་ལོས་ཡིན། །
ལག་པའི་ངོས་ཀྱི་རི་མོ། །
རི་མོ་རི་མོ་རེད་ལགས། །
མྱུ་གུ་བདེན་མེད་ཡིན་མིན། །
རྩོད་པ་འོས་སུ་སོང་ན། །
ལག་སྨྱུག་སྟོང་ཉིད་ཡིན་མིན། །
ཟླ་བའི་ལུགས་དང་མི་འགལ། །
རང་ངོ་རང་གིས་སྟོང་པས། །
སྟོང་ཉིད་སྟོང་ཉིད་ལགས། །
ལག་པའི་ངོས་ཀྱི་རི་མོ། །
རི་མོ་རི་མོ་ད་ལགས། །
གོང་གི་དེར་ཡིག་ནོར་བྱུང་སོང་དགོངས་དག
མྱུ་གུ་བདེན་མེད་ཡིན་མིན། །
རྩོད་པ་འོས་སུ་སོང་ན། །
ལག་སྨྱུག་སྟོང་ཉིད་ཡིན་མིན། །
རྩོད་འདི་ཟླ་བའི་རང་ལུགས། །
རང་ངོ་རང་གིས་སྟོང་པས། །
སྟོང་ཉིད་སྟོང་ཉིད་རེད་ལགས། །
ལག་པའི་ངོས་ཀྱི་རི་མོ། །
རི་མོ་རི་མོ་རེད་ལགས། །
དེ་རིང་ང་ལ་དུས་ཚོད་མེད་ཀྱང་རྗེས་མར་གཏན་གཏན་མཇལ་ཡོང་།
གྲོགས་མཆོག་མེ་ཏོག་དཀར་པོ། །
དམིགས་བསལ་བྱས་པ་མིན་ཀྱང་། །
སྙིང་གི་བརྩེ་དུང་དཀར་པོ། །
ཆོས་མཆེད་ཕྱོགས་ལ་ཉེ་སོང་། །
ངོ་ནག་གྲུ་ཆུང་བདག་པོ། །
གོ་བ་རང་ལ་མེད་ཀྱང་། །
ཁོ་ཐག་ཆོད་འདོག་མ་སྟོན། །
ཀོ་གྱོང་རང་གཤིས་མངོན་འདུག །
སྐུ་གསུམ་དོན་གྱི་ངོ་བོ། །
གསང་གསུམ་གོ་བ་ལོན་ན། །
རང་རིག་བློ་གྲོས་མཐའ་ཡས། །
དག་མཉམ་བདེན་པའི་ཕྱག་རྒྱ། །
སྣང་སྟོང་ཕྱོགས་ལྷུང་བྲལ་བ། །
ཟུང་འཇུག་ཡེ་ཤེས་རྟོགས་ན། །
རང་གཞན་སྟོང་རྩོད་མི་དགོས། །
རྩམ་གཟན་འཆི་རུང་མི་འགྱོད། །
འཇམ་དཔལ་རྡོ་རྗེ་རྣོན་པོས། །
ཐབས་མཆོག་ཤེས་རབ་རལ་གྲིས། །
དམ་སྲི་ཐེའུ་རང་ཚོགས་པ། །
མགོ་ལུས་མེད་པར་ཆོད་ཅིག །
སྣང་སྟོང་ཕྱོགས་ལྷུང་བྲལ་བ། །
བདེ་ཆེན་ཡེ་ཤེས་རྡོ་རྗེ། །
ཟུང་འཇུག་མངོན་དུ་བྱ་བར། །
ངེས་ཤེས་སྒྲོན་མེ་སྦྲར་དགོས། །
མེ་ཏོག་དཀར་པོའི་ཕྲེང་བ། །
བྱམས་པའི་དབུ་ལ་ཕུལ་ཡོད། །
ལྷག་བསམ་ཟླ་བ་གཞོན་ནུ། །
འཛུམ་ཞལ་ནང་ནས་བཞད་འདུག །
དཔལ་དགྱེས་པ་རྡོ་རྗེའི་གསུང་ལན་གློ་བུར་ཐོལ་བྱུང་མ།
ངོ་བོ་རང་བཞིན་ཐུགས་རྗེའི།།
ལྡོག་ཆ་མི་འདྲ་ཙམ་ལས།།
སྐུ་གསུམ་དབྱེ་བ་མི་འདུག།
གསང་གསུམ་དེ་འདྲ་ཨེ་རེད།།
གདོད་ནས་གནས་པའི་ཡེ་ཤེས།།
ཐབས་ཀྱིས་མངོན་དུ་བྱས་ན།།
རང་གནས་སྐུ་གསུམ་མཐོང་བ།།
གསང་གསུམ་དེ་འདྲ་ཨེ་རེད།།
དགེ་ལྡན་བླ་མས་བཤད་ན།།
སྟོང་ཉིད་ཙམ་ཞིག་ཡིན་ཟེར།།
བཀའ་བརྒྱུད་བླ་མ་མང་པོས།།
དེ་ཀར་ཞལ་གྱིས་བཞེས་འདུག།
རོང་ཀློང་སོགས་ཀྱིས་ཟེར་ན།།
སངས་རྒྱས་རང་ལ་གནས་ཟེར།།
དོལ་པོ་ཡབ་སྲས་རྣམས་དང།།
དགོངས་པ་དབྱེར་མེད་གྱུར་འདུག།
འཁོར་ལོ་བར་ཐ་གཉིས་ཀྱི།།
དགོངས་པའི་བབས་སོ་གཅིག་ཅེས།།
རིག་འཛིན་འཇིགས་མེད་གླིང་པས།།
བཤད་པ་སེམས་ལ་འཕྲོད་སོང་།།
མ་ཧཱ་ཡོ་ག་མན་ཆད།།
གནས་སྣང་གཉིས་སུ་ཕྱེ་ན།།
ཐ་སྙད་སྣང་ཚུལ་ཙམ་དུ།།
སྐུ་གསུམ་རྫོགས་པ་དཀའ་མོ།།
ཐེག་རྩེ་ཨ་ཏིའི་དགོངས་པ།།
བསོད་ནམས་ཅན་གྱིས་རྟོགས་ན།།
འཁོར་འདས་དབྱེ་བ་མེད་སྐད།།
སྐུ་གསུམ་སྤངས་ཐོབ་མེད་ཚུལ།།
ཏིང་འཛིན་གསུམ་ལ་བརྟེན་ནས།།
སྐུ་གསུམ་རིམ་གྱིས་བསྒྲུབས་ཀྱང་།།
འབྲས་བུའི་དུས་ཀྱི་སྐུ་གསུམ།།
ཅིག་ཆར་ཉིད་དུ་འདུག་ལགས།།
དག་མཉམ་ལྟ་བའི་རྒྱལ་པོ།།
སྒྱུ་འཕྲུལ་མཁན་པོས་བཤད་པར།།
ཉན་ནས་རྣ་བ་གཟེར་སོང་།།
གོམས་ནས་དངོས་ཞེན་ལྡོག་སོང་།།
གྲུབ་པའི་རིག་འཛིན་བཞི་ཡི།།
དགོངས་ཉམས་གཅིག་ཏུ་བསྡུར་ཏེ།།
བཤད་པའི་མན་ངན་ཟབ་མོའི།།
ཕ་ནོར་བུ་ལ་ཡོད་ལགས།།
ཨ་བྷྱ་ཀ་རས་བཤད་ན།།
འཁོར་བ་རྒྱུ་འབྲས་གཉིས་ཀྱི།།
ཆ་དང་བཅས་པ་སྤངས་པ།།
བདེ་ཆེན་ཡེ་ཤེས་ཡིན་ཟེར།།
འཇིགས་མེད་གླིང་པས་བཤད་ན།།
འགྱུར་བའི་ཟུག་ངུ་སྤངས་པའི།།
འགྱུར་མེད་ཡེ་ཤེས་ཆེན་པོ།།
བདེ་ཆེན་ཡེ་ཤེས་ཡིན་ཟེར།།
གང་ལྟར་ལྡོག་ཆ་ཙམ་ལས།།
དོན་ལ་བབས་ས་གཅིག་རེད།།
ཤེས་རབ་རྣོན་པའི་བུ་ཡིས།།
ཕ་ཡི་གསང་གཏམ་གོ་སོང་།།
ཧ་ཧ་ཧ་ཧ་ཧ་ཧ། ཀི་ཧོ་ཧོ།
གྲུབ་སྨྱོན་རྣམས་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བར་གྱུར་ཅིག།
༧མཁན་སྤྲུལ་བློ་གྲོས་མཐའ་ཡས་ལ་ཕུལ་བ་་ཡི་རང་དྲན་པའི་མེ་ལོང་ཞེས་བྱ་བ། །
ན་མོ་གུ་རུ་པདྨ་ཀ་ར་ཡེ། །
སྐུ་གསུམ་དོན་གྱི་ངོ་བོ། །
གསང་གསུམ་གོ་མྱོང་རྟོགས་པའི། །
མཁས་གྲུབ་བློ་གྲོས་མཐའ་ཡས། །
ལ་རྒྱའི་ཁག་ཏུ་སོན་འདུག །
སྟོང་གསལ་རང་སེམས་དབྱེར་མེད། །
ངོ་བོ་རང་བཞིན་ཐུགས་རྗེའི།།
གསང་གསུམ་གོ་མྱོང་རྟོགས་པ། །
པདྨའི་ཐུགས་དམ་དེ་ཀ །
གཞི་གྲོལ་ཀ་དག་ཡེ་ཤེས། །
ལམ་མཆོག་རྫོགས་པ་ཆེན་པོས། །
མངོན་སུམ་ཉམས་སུ་མྱོང་བ། །
སྐུ་གསུམ་དབྱེར་མེད་དེ་ཀ །
དགེ་ལྡན་བླ་མས་སྟོང་བཤད། །
བཀའ་བརྒྱུད་དམ་པས་སྒོམ་པ། །
ས་སྐྱའི་ཟུང་འཇུག་བརྗོད་ཀྱང་། །
ཡང་གསང་རྟོགས་པ་མི་འདུག །
དགེ་ལྡན་གོ་བ་སྐམ་པོ། །
བཀའ་བརྒྱུད་མྱོང་བ་དྲོན་པོ། །
ས་སྐྱའི་བདེ་གསལ་མི་རྟོག །
འབྲས་བུ་མཐར་ཐུག་མ་རེད། །
དེ་བཞིན་ལྟ་གྲུབ་ཁག་ཏུ། །
གནས་སྐབས་བཤད་པ་མང་ཡང་། །
མཐར་ཐུག་སྙིང་ཐིག་འདི་འདྲའི། །
དགོངས་པ་མཐར་ཕྱིན་མི་འདུག །
ཕ་ནོར་ཡིད་བཞིན་ནོར་བུ། །
བུ་མཆོག་ཕྱག་ཏུ་སོན་པ། །
མ་ལུས་འགྲོ་བའི་བསོད་ནམས། །
ཡི་རང་དགའ་སྤྲོ་བརྟས་སོང་། །
ང་ཡི་རྨི་ལམ་འཁྲུལ་བ། །
ཁྱེད་ཀྱི་རྟོགས་པ་ཚད་མ། །
གྲུབ་སྨྱོན་ཕྱོགས་རྣམ་རྒྱལ། །
མཇལ་འདོད་སེམས་ལ་ཤར་ཐལ། །
ཅི་དྲན་དུ་ཤྲྰི་སྨྱོན་པས་གུས་ཕུལ། །
ང་ཡི་རྨི་ལམ་འཁྲུལ་བ། །
ཁྱེད་ཀྱི་རྟོགས་པ་ཚད་མ། །
གྲུབ་སྨྱོན་ཕྱོགས་ལས་རྣམ་རྒྱལ། །
མཇལ་འདོད་སེམས་ལ་ཤར་ཐལ། །
ཅི་དྲན་དུ་ཤྲྰི་སྨྱོན་པས་གུས་ཕུལ། །
དགེ་ལྡན་པའི་བླ་མ་མཆོད་པ་ལ་གཟིགས་དང་གནད་ཅིག་འདུག
དགེ་ལྡན་པའི་བླ་མ་མཆོད་པའི་ཚོགས་ལ་གཟིགས་དང་གོ་རྒྱུ་ཞིག་འདུག
དགེ་ལྡན་བདེ་སྟོང་ཟུང་འཇུག །
བཀའ་བརྒྱུད་ཕྱག་རྒྱ་ཆེན་པོ། །
ས་སྐྱའི་ལམ་འབྲས་བདེ་ཉམས། །
རྙིང་མའི་སྙིང་ཐིག་འབྲས་བཟང་། །
ཁྱད་པར་ང་ཡིས་མ་མཐོང་། །
རིས་མེད་རུ་དམ་ལུང་བུས། །
དགེ་ལྡན་བླ་མཆོད་གཟིགས་ནས། །
གོ་རྒྱུ་གསར་པ་འདུག་ཅེས། །
འགྲམ་ཆུ་གཞན་ལ་ཤོར་འདུག །
ཤྲྰི་སྨྱོན་འདོ་མེད་འཁྱམ་པོས། །
ག་ས་གང་དུ་བལྟས་ཀྱང་། །
ཡང་གསང་སྙིང་ཐིག་ལྷག་ཅིག །
མེད་པར་ཁོ་ཐག་ཆོད་ཡོད། །
བླ་མཆོད་བགྲང་ཡུལ་འདས་ཀྱང་། །
གསོལ་འདེབས་ཚིག་བདུན་རྣམ་བཤད། །
པདྨ་དཀར་པོ་གཟིགས་དང་། །
ཀུན་འདུས་རྩ་བའི་བླ་མ། །
གོ་རྒྱུ་དེས་ལྷག་མི་འདུག །
མྱོང་རྒྱུ་དེས་ཆོག་རྒྱལ་པོ། །
རྟོགས་རྒྱུ་རང་བྱུང་ཡེ་ཤེས། །
འབྲས་བུ་མཐར་ཐུག་ཉག་ཅིག །
མདོ་སྔགས་རབ་འབྱམས་སྨྲ་བས། །
གཞི་ལམ་འབྲས་བུའི་རྣམ་བཞག །
གོ་མྱོང་རྟོགས་པ་ཡོད་ན། །
དབུ་ཕྱག་རྫོགས་ཆེན་དེ་ཀ །
ཐོས་བསམ་རི་རྒྱལ་རྩེ་མོར། །
བགྲོད་པའི་གོམས་པ་དེ་དང་། །
ཕྱིན་པའི་གྲུབ་འབྲས་དེ་ཚོ། །
གཅིག་ཏུ་འདོད་པ་འཁྲུལ་འདུག །
དང་པོ་དགེ་ལྡན་རིང་ལུག་མཐོས་པ་རྩལ།
གཉིས་པ་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོར་སློབ།།
གསུམ་པ་ས་སྶྐྱའི་ལམ་འབྲས་ཞིབ་བཞིན་གཟིགས།།
དེ་གསུམ་འཛོམ་ན་སྙིང་ཐིག་འབྲས་བཟང་ལ།།
རྟོགས་པ་སྐྱེས་སླ་རྫོགས་ཆེན་མངོན་དུ་གྱུར།།
སྙིང་ས་བཀའ་དགེའི་རིང་ལུག་དྲི་མ་མེད།།
སྙིང་ཐིག་བདེ་ཉམས་ཕྱག་རྒྱ་བདེ་སྟོང་ལ།།
བཞེས་རྒྱུན་རིང་ལུགས་ཙམ་ལས་དོན་དུ་ཅིག
མིན་ནམ་སྙམ་ནས་འདི་ལྟར་འབྲི་བར་ཐལ།།
མཐུན་མིན་ཁྱད་ཆོས་བཟང་པོའི་ཆོས་རྒྱུད་ལ།
འདག་གི་སྒོ་གསུམ་གུས་པས་ཕྱག་བགྱིས་ཏེ།།
བོད་ཀྱི་ནང་པའི་ཆོས་ལ་སློབ་བཞིན་པས།།
མཁས་པ་རྣམས་ནས་སློབ་སྟོན་གནང་རོག་ཞུ།།
འཕན་པོ་བསྟན་དར་ནས་གུས་པ་ཆེན་པོས།།
ན་མོ་གུ་རུ་བྷྱ། །
སྔོན་འགྲོའི་ཆོས་ལ་འབད་ནས། །
དད་གུས་སྐྱབས་སེམས་ལྡན་ན། །
ནང་ཆོས་རྩ་བ་བརྟན་པས། །
ཐུན་མོང་ཕྱི་ཡི་ལམ་རིམ། །
ཁམས་དབང་བསམ་པའི་བྱེ་བྲག །
རབ་འབྲིང་ཐ་མ་ཡོད་པས། །
ས་དགེ་བཀའ་རྙིང་ལྟ་གྲུབ། །
གསལ་རྒྱས་རྫོགས་པའི་ཁྱད་པར། །
ཐེག་དགུ་རིམ་པའི་གནད་གསང་། །
ལྟ་བསྒོམ་སྤྱོད་འབྲས་སློབས་དང་། །
ངེས་ཤེས་རིན་ཆེན་སྒྲོན་མེ། །
སྙིང་ནས་འཆར་བར་འདུག་གོ །
དད་པ་དག་སྣང་ཅན་གྱི། །
གྲོགས་མཆེད་འཕན་པོ་བསྟན་དར། །
རང་མོས་ཆོས་ལ་བརྩོན་དང་། །
ཕྱོགས་རིས་དགོས་དོན་མི་འདུག །
བརྒྱད་ཁྲི་བཞི་སྟོང་སྙིང་པོ། །
བབས་ས་སེམས་འདི་འདུལ་བྱེད། །
ཡེ་ཤེས་སྐྱེས་པའི་ཐབས་ཤེས། །
སྙིང་གི་དཀྱིལ་དུ་བཟུང་ཞིག །
ཤྲྰིས་གུས་ཕུལ། །
རྒྱབ་ཆོས་དྲི་མེད་འཁྲུལ་ཞིག་རིན་ཆེན། །
ཨེ་མ་ཧོ། །
བརྒྱུད་པ་དགུ་ལྡན་བླ་མ། །
སྙིང་གི་དཀྱིལ་དུ་བཞུགས་ནས། །
མ་དག་སེམས་ཅན་རྣམས་ལ། །
འཁྲུལ་མེད་ཡེ་ཤེས་སྩོལ་ཅིག །
སྟོན་པ་གཅིག་གི་བསྟན་པར། །
ཕྱོགས་རིས་བྱས་པ་མེད་ཀྱང་། །
ཐེག་དགུའི་འཛིན་མཚམས་ཁ་ཁ། །
ས་ལམ་རྣམ་བཞག་གཟིགས་མཛོད། །
བོད་བརྒྱུད་རྣལ་འབྱོར་ཁག་ལ། །
ལྟ་གྲུབ་ཤན་འགྱེད་མཁྱེན་ན། །
རིས་མེད་རང་གྲོལ་ལམ་བཟང་། །
ཨ་ཏིའི་ཐེག་པ་ཁོ་ན། །
རིག་རྩལ་དབང་ཆེན་ཐོབ་ན། །
ཡེ་གནས་རྩོལ་སྒྲུབ་བྲལ་བས། །
དབང་པོའི་ཁྱད་པར་མི་འདུག །
ཡིད་ཆེས་ཁོ་ཐག་ཆོད་ངེས། །
རང་སེམས་ཁོ་ཐག་ཆོད་ན། །
སྤྲོས་བཅས་ཀུན་རྟོག་སྣོན་མ། །
བཙལ་སྒྲུབ་དམིགས་སྒོམ་འཆིང་བྱེད། །
རེ་དྭོགས་ནང་ནས་ཆོད་ཡོང་། །
སྨྲ་བསམ་བརྗོད་བྲལ་སྟོང་ཉིད། །
མདོ་སྔགས་ཁྱད་པར་མེད་ཀྱང་། །
ཀ་དག་ལྷན་གྲུབ་ཡེ་ཤེས། །
རྫོགས་ཆེན་ལྟ་གྲུབ་ཁོ་ན། །
སྟོང་འཛིན་དུག་གི་ལྟ་བ། །
རྩོལ་བཅས་སྒོམ་པའི་གོལ་ས། །
བླང་དོར་བྱ་སྤྱོད་ཟུང་རྔུ། །
ཀུན་སྤངས་རྫོགས་པ་ཆེན་པོ། །
རང་རིག་གཞོན་ནུ་བུམ་སྐུ། །
མཁྱེན་ཆ་འོད་གསལ་ཡེ་ཤེས། །
རང་བྱུང་རིག་པའི་སྒྲོན་མེར། །
མུན་པ་གཏན་ནས་མི་འདུག །
དབྱིངས་རིག་ཐིག་ལེ་ཉག་ཅིག །
འཁོར་འདས་རེ་དྭོགས་ཞིག་པ། །
སྤྲོས་བྲལ་ཆོས་སྐུའི་བླ་མ། །
དོན་དམ་རྫོགས་པ་ཆེན་པོ། །
ཕྱི་ལྟར་དགེ་ལུགས་ལམ་རིམ། །
ནང་ལྟར་བཀའ་བརྒྱུད་ཕྱག་ཆེན། །
གསང་བ་ས་སྐྱའི་ལམ་འབྲས། །
ཡང་གསང་རྫོགས་ཆེན་ཁོ་ན། །
ཁྱི་ལ་སྐར་མ་སྟོན་ལྟར། །
ངུ་ཟུག་རྒྱག་གི་མ་འདུག །
རང་གིས་རང་ལྟོས་དང་། །
དགྲ་གྲོགས་རེ་དྭོགས་མི་དགོས། །
ཕན་བདེའི་ཡིད་བཞིན་ནོར་བུ། །
སྒྲིབ་བྲལ་རིག་པའི་ཡེ་ཤེས། །
ཀུན་གྱིས་རྟོགས་པར་གྱུར་ནས། །
རྫོགས་ལྡན་དགའ་སྟོན་རོལ་ཤོག །
དྲ་གྲོགས་ཚོ་ལ་ཕན་ཐོག་ཏུ་རེ་ནས་ཅི་དྲན་དུ་ཤྲྰིས་གུས་ཕུལ། །
ཁྱི་ལ་སྐར་མ་སྟོན་ལྟར། །
ངུ་ཟུག་རྒྱག་གི་མ་འདུག །
རང་གིས་རང་ལ་ལྟོས་དང་། །
དགྲ་གྲོགས་རེ་དྭོགས་མི་དགོས། །
སེམས་ཀྱིས་རྫོགས་ཆེན་མ་རྟོགས། །
ཁ་ནས་རྫོགས་ཆེན་བཤད་རྐྱང་། །
གསང་བ་ཕྱིར་བསྒྲགས་བྱས་ན། །
གསང་སྔགས་དམ་ཚིག་ཉམས་ཡོང་། །
རྫོགས་པ་ཆེན་པོའི་ཆོས་འདི། །
སྣོད་ལྡན་སློབ་མ་གཏོགས། །
སུ་མ་ཡིན་ལ་བཤད་ན། །
དབྱིངས་ཀྱི་མཁའ་འགྲོ་འཁྲུགས་ཡོང་། །
ཐེག་རྩེའི་ཉི་མ་འཆར་དུས། །
འུག་རྒན་མིག་ལ་གནོད་ཡང་། །
གསང་བསྒྲགས་བྱས་པ་མ་རེད། །
རང་སྣང་དབང་པོའི་རྣམ་གྲངས། །
ཐེག་རྩེའི་ཆོས་ཀྱི་སྒྲ་དབྱངས། །
ཐོས་པའི་ཕན་ཡོན་སོམས་དང། །
དམ་ཉམས་དམ་ལྡན་ཞེས་པ། །
རང་སེམས་འདི་ལ་ཐུག་གདའ། །
སྣོད་མིན་སེམས་ཅན་མེད་ཅེས། །
ཀུན་བཟང་དགོངས་པ་ཟང་ཐལ། །
རིག་མཛོད་དཀྱིལ་དུ་བཀོད་པ། །
དབྱིངས་རིག་མཁའ་འགྲོར་འབུལ་ལགས། །
སྙིང་དམར་ཁྱོད་ཚོར་སྟོན་ཀྱང་། །
ཁ་བཤད་སྟོང་པར་གོ་ནས། །
གྲྭ་སའི་དབུ་དཀར་ཁྱེད་ཚོ། །
ཐུགས་རྒྱལ་བཞེས་དགོས་ཐུགས་ཐལ། །
འཇམ་དཔལ་རྫོགས་པ་ཆེན་པོའི། །
མཁྱེན་རབ་རལ་གྲི་རྣོན་པོ། །
རང་གི་ལག་ཏུ་ཡོད་ན། །
འཁོར་འདས་རེ་དྭོགས་ཡལ་འདུག །
རྩོལ་བཅས་ཐེག་པས་གདུལ་དཀའ། །
སྙིགས་ལྔ་ཇི་ལྟར་མོད་ཀྱང་། །
ཀུན་བཟང་ཐུགས་ཀྱི་བསྟན་པ། །
འཇིག་རྟེན་ཀུན་ཏུ་ཤར་འདུག །་་་་་་་་་་་་་མང་པོ་ཞིག་ཤར་ཡང་དེ་ཙམ་མོ། ད་མ་ཁོམ་ཐལ། སྨྱོན་པ་འགྲོ་རན་ཐལ། །ཁྱེད་ཚོ་བདེ་མོ་གྱིས།
ཤྲྰིས་ཅི་དྲན་གུས་ཕུལ། །
སྒྱུ་ལུས་ཁམས་དྲུག་ལྡན་ཀྱང་། །
སྙིང་པོ་ཡིད་བཞིན་ནོར་བུ། །
ཕྱི་དོར་མེད་པར་བཞག་ན། །
འགྲོ་དྲུག་ཁྱད་པར་མི་འདུག །
ཡང་གསང་གདམས་པའི་མེ་ལོང་། །
སྐལ་མཉམ་གྲོགས་ཚོས་གཟིགས་དང་། །
ཉམས་རྟོགས་འཆར་བའི་བརྡ་བརྒྱུད། །
ཀ་མད་གཟུགས་སྐུ་ཤར་འདུག །
སྣང་སྲིད་དཔེ་ཆ་ཤེས་ན། །
དྲ་ཁང་འདི་ཚོར་ཤོག་དང་། །
འཁོར་འདས་ཕྱག་གི་ཕྱི་ནང་། །
དབྱེ་བསལ་རི་མོ་མངོན་འདུག །
ཆགས་སྡང་དུཿཁ་ཅན་པོ། །
མཚན་ལྡན་བླ་མ་མཇལ་ཡང་། །
འཁོར་ངན་སྒྲུབ་ཆོས་མ་གཏོགས། །
མྱང་འདས་ལག་པ་སྟོང་འདུག །
སྤྱི་ནོར་ཡིད་བཞིན་ནོར་བུ། །
རང་ནོར་སངས་རྒྱས་ཡེ་ཤེས། །
མ་ནོར་རང་ངོ་ཤེས་པ། །
རྒྱུ་ནོར་གཞན་དང་མི་འདྲ། །
ཨ་རོགས་གདོང་དམར་སྐལ་བཟང་། །
ཨ་ཏིའི་ཟབ་དོན་སོམས་དང་། །
ཨ་མ་གཅིག་པའི་སྤུན་ཟླར། །
ཨ་དོན་གསང་རྒྱ་མི་དགོས། །
ཨ་ལ་ཀུ་རེ་མིན་པར། །
ཨ་ཁུ་འདོ་མེད་ང་ལ། །
ཨ་ཁ་འདི་འདྲ་མ་གཏོགས། །
ཨ་མྱེར་འཆར་རྒྱུ་མི་འདུག །
ན་མོ་གུ་རུ་ཡེ། །
གཏེར་ཆོས་ཡང་དག་མིན་ཡང་། །
རྟོག་ཆོས་རང་རིག་ཚད་མ། །
གང་བསམ་ཐོལ་བྱུང་བརྡ་གླུ། །
ཀུན་རྟོག་ལམ་ནས་ཤར་བྱུང་། །
སྙིང་གི་མཆེད་ལྕམ་ཚོ་ལ། །
བརྡ་གླུ་སྦྲང་མའི་གཤོག་སྒྲ། །
ཡིད་མཐུན་འདོད་པ་ཡོད། །
སྦྲང་རྩི་མཉམ་དུ་རོལ་ཆོག །
མི་ཆོས་རིག་པའི་རྣམ་བཞག །
བརྩེ་གདུང་སེམས་ཀྱི་རི་མོ། །
ཕྱི་ནང་གསང་གསུམ་ཡོད་ན། །
འཁོར་འདས་སྲོག་རྩ་ཟིན་འདུག །
དེ་མིན་གོ་ལ་ཟླུམ་པོ། །
འཚོ་འདོད་སེམས་ལ་ཡོད་ཀྱང་། །
རང་ཕུང་རོགས་རླག་རྡུལ་རྫས། །
གནམ་ས་བར་སྣང་གང་འདུག །
རྣམ་དཔྱོད་ཐབས་ཤེས་ཉི་ཟླ། །
འཁོར་འདས་གྲོགས་སུ་སོང་ན། །
ཞི་བདེ་སེམས་ཀྱི་དགའ་སྟོན། །
བློ་བདེ་ནང་ནས་འཆར་འདུག །
དོ་ཧ་ཡོད་ན་མགུར་ཤོག །
བརྡ་གླུ་ཡོད་ན་བླངས་ཤོག །
རིགས་མཐུན་བོད་པ་རྣམས་ལ། །
སྐྱིད་སྡུག་གླུ་རེ་ལེན་ཡ། །
ཤྲྰིས་སོ། །
སྙིང་གཏམ་དྲོན་མོ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
དཀོན་མཆོག་ཀུན་འདུས་ངོ་བོ་བཀའ་དྲིན་ཅན། །
འདྲེན་མཆོག་དཔལ་ལྡན་བླ་མར་གསོལ་བ་འདེབས། །
མ་རིག་ལོག་རྟོག་འཁྱམ་པའི་འགྲོ་བ་ཀུན། །
ཀུན་བཟང་རིག་པའི་ཡེ་ཤེས་དོན་རྟོགས་སྨོན། །
ཚུར་ལ་དགོངས་དང་ཆོས་མཐུན་གྲོགས་པོ་ཚོ། །
སྡང་སྡང་གཤེ་གཤེ་མ་གནང་སྙིང་གྲོགས་ཚོ། །
སྙིང་ལ་ཅི་ཡོད་ཁ་ནས་མ་བཤད་ཚེ། །
ཁ་ཁོག་མི་མཚུངས་གཏམ་ལ་ཡིད་ཆེས་སམ། །
དོན་ལ་ཡོད་ཚད་རིགས་པས་བརྟག་ཅིང་དཔྱད། །
གཤིས་ལ་གནས་པའི་ངོ་བོ་ཉིད་མཐོང་ན། །
རང་བྱུང་རིག་པའི་ཡེ་ཤེས་དེ་ཁོ་ན། །
རང་རྒྱུད་ཡོད་རུང་གཞན་དུ་འཛིན་པར་འཁྲུལ། །
འཁྲུལ་རྟོག་ལོག་ཤེས་འཇོམས་པའི་ཐབས་ཤེས་སམ། །
རང་བྱུང་གནས་ལུགས་བཤད་པའི་བདེན་དྲང་ལ། །
གཟུར་གནས་བློ་ལྡན་དོན་གཉེར་ལེགས་སློབ་ན། །
རིང་མིན་རང་བྱུང་རིག་པའི་ངོ་བོར་མཐོང་། །
རང་ཉིད་མི་བརྩོན་གཞན་ལ་སྨད་ཅིང་སྡང་། །
གནས་ལུགས་མི་ཤེས་ཆོས་ལུགས་ཕྱོགས་རིས་མཁན། །
ཆགས་སྡང་རྨོངས་པའི་སེམས་ཁ་མ་དམའ་ན། །
གང་ཡང་ནུས་པ་མི་ཐོན་གང་ཟག་སྐྱོན། །
འདོད་ཆགས་གཉེན་པོར་ཉན་ཐོས་སྡོམ་པར་འབད། །
ཞེ་སྡང་གཉེན་པོར་བྱང་སེམས་བསླབ་པར་བརྩོན། །
གཏི་མུག་གཉེན་པོ་གསང་སྔགས་དམ་ཚིག་སྤྱོད། །
གསུམ་ལྡན་རྡོ་རྗེ་འཛིན་ལ་རྟག་བརྩོན་མཛོད། །
སོར་སྐྱེའི་གཅིན་སྐྱག་འདྲེས་པའི་དོ་ར་རུ། །
འཕགས་ཆོས་བདུད་རྩི་འགྲིམ་པར་དཀའ་ལགས་མོད། །
ཤིང་བཟང་དྲི་དང་གསེར་གླིང་དཔེ་བཞིན་དུ། །
སྙིང་པོའི་ཆོས་འདི་སྙིང་ནས་བསྟན་པར་སྤྲོ ། །
ལྕགས་ལ་གསེར་འགྱུར་ཐེབས་པའི་དཔེ་དོན་ལྟར། །
དོན་ལ་སྙིང་པོར་ལོན་པའི་མི་ལུས་ལ། །
རིན་ཆེན་རིན་ཐང་ལྡན་པར་ངོ་ཤེས་ན། །
སྣང་གྲགས་རིག་པ་སྐུ་གསུམ་བརྒྱན་དུ་ཆེ། །
རྒྱུ་དང་དངུལ་གྱི་རིན་ཚད་ངར་མི་དགོས། །
དུང་དང་རོལ་བསུའི་སྣ་འདྲེན་ངར་མི་དགོས། །
ཁྲི་དང་གདུགས་ཀྱི་ངོམས་ཆོས་ངར་མི་དགོས། །
ཆོས་དང་མཐུན་པའི་བསམ་སྤྱོད་གནང་རོགས་ཞུ། །
དམ་ཆོས་བརྟེན་ནས་སྡིག་གི་ལས་མི་གསོག །
སྲིད་ཆོས་བརྟེན་ནས་དབྱེན་རྐུ་རྫུན་མི་བྱེད། །
ཆོས་དང་མཐུན་པའི་བྱ་བ་རྣམ་དག་ཅིག །
རིགས་པས་གཞལ་ནས་འདི་ཕྱིའི་དོན་སྒྲུབ་བོ། །
བླ་མ་བསམ་ན་ཐབས་ཤེས་དོན་མཐོང་གཅིག །
གདམས་ངག་བསམ་ན་རང་རྒྱུད་འདུལ་ནུས་གཉིས། །
གྲོགས་མཆེད་བསམ་ན་ཁ་ཁོག་མཐུན་པ་གསུམ། །
ལྡན་ན་ཆོས་དང་འཇིག་རྟེན་ལེགས་པར་འགྲུབ། །
ཁ་ནས་བསྟན་འགྲོར་ཕན་བདེ་སྒྲུབ་ཁུལ་ལོ། །
ཁོག་ནས་རང་ཁ་གསོ་བའི་ཐབས་སྟོན་མཁན། །
སྟོན་པ་དེ་ཚོས་བསྟན་པ་བསྣུབ་པ་ལ། །
ལུང་དང་རིགས་པ་ཡོད་ན་དེ་ཚོ་རྒྱོབས། །
ཆོས་ལ་བཀུར་བཏབ་གྲོགས་ལ་ངན་སྨྲས་བརྗོད། །
སྲིད་ལ་ཁ་ཁྱེད་རང་ལ་རྒྱུ་ཐོབ་དམིགས། །
རྒྱ་ལ་ངོ་སྟོན་བོད་ལ་རྐུབ་སྟོན་པའི། །
བླ་བཙོང་དེ་ཚོ་སྲིད་ན་དབེན་གྱུར་ཅིག །
དཔལ་ཡོན་དགྱེས་པའི་དགྱེས་པ་རྡོ་རྗེ་ངས། །
མང་མང་བསམ་བློ་གཏོང་བར་མ་བྱས་ཀྱང་། །
བཅོས་མིན་ལོག་རྟོག་འཁྲུལ་བ་རྒྱུན་འབྱམས་པས། །
ཨ་རིའི་ཡུལ་ནས་ཨ་ཁུའི་ངག་འདི་ཤོར། །
དགེ་བས་ཆོས་དང་ཆོས་མིན་ལེགས་མཐོང་ནས། །
ཆོས་སྲིད་མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེངས། །
ཆོས་བཞིན་སྤྱོད་པས་ས་ཆེན་འདི་གང་ནས། །
ཆོས་སྲིད་དབྱར་གྱི་མཚོ་ལྟར་རྒྱས་གྱུར་ཅིག །
ཅེས་པ་འདི་ནི་ཕྱི་ནང་རྒྱལ་ཁབ་དུ་མ་ནས་ཆོས་པའི་གཟུགས་བརྙན་མཐོང་དྲག་པ་དང་ ཆོས་ལ་བཀུར་བཏབ་མང་མང་བྱེད་པ་འདི་ཚོ་ཆོས་ཀྱི་སྐྱོན་མིན་པར་སྒེར་གྱི་སྐྱོན་ ཡིན་པར་ཤེས་པའི་ཐབས་སུ་ཤྲྰི་ཨནྣྟ་བཛྲས་སོ།། །། 2009 9 9
མཁྱེན་ལྡན་གྱི་གྲོགས་པོ་ཚོ་དང་བྱམས་ལྡན་གྱི་གྲོགས་མོ་རྣམ་པ་ལགས། ཁྱེད་ཚོས་བཀའ་བསྟན་མན་ངག་དག་སྣང་གི་སྐོར་ལ་ཐོས་བསམ་མ་མྱོང་བ་ཚོས་དང་པོ་དྲྭ་མིག་འདི་ལ་གཟིགས་ནས་བསམ་ཞིབ་ལེགས་པོ་གནང་ནས་གཟོད་འཆད་རྩོད་རྩོམ་པར་གྱིས་དང་རྒྱལ་བའི་བསྟན་པ་ལ་འཛིན་སྐྱོང་སྤེལ་བ་ཞེས་པ་དེ་ཡང་རེད་ཡ། །
དེ་མིན་ང་བཟང་ཁྱོད་ངན་གྱིས་ཁ་མཆུ་མང་པོ་ཅི་ཞིག་བྱ།
གཟིགས་དང་
http://www.dharmadownload.net/index.html
ཨ་ལ་ལ་ཤིན་ཏུ་སྙན་པ་ལ། །དཔལ་དགྱེས་པ་རྡོ་རྗེས་ང་ཡང་ལུང་གི་དངོས་སུ་ཟིན་འདུག པདྨ་གེ་སར་དེ་ང་ཡིན་ལགས། ། ཧ ཧ
བོན་རྙིང་རྫོགས་པ་ཆེན་པོ།
བཀའ་རྒྱུད་ཕྱག་རྒྱ་ཆེན་པོ།
ས་སྐྱ་འོད་གསལ་ཆེན་པོ།
དགེ་ལྡན་སྟོང་པ་ཆེན་པོ།
ཇོ་ནང་གཞན་སྟོང་ཆེན་པོ།
ཐམས་ཅད་ཆེན་པོར་སྨྲ་ཡང་།
སྨྲ་བའི་སྨྲ་ལུགས་མི་མཚུངས།
དགུ་ཐུག་བཀོལ་བར་མི་བྱའོ།
གོང་གི་མཆན་རྣམས་ཀྱི་མཆན་གྱི་གཤམ་བུར་ཕུལ་བའོ།
རེད་ཡ། འཇིག་རྟེན་པའི་གཏམ་དཔེར། ཕོ་ཡས་ན་ང་ཡིན་ཁོ་ཡིན། །སྐྱོན་བྱུང་ན་ང་མིན་ཁོ་མིན་ཟེར་རྒྱུ་བོ་ལུས་ཡིན་ལགས། པདྨ་གེ་སར་ལགས། ཁྱོད་ང་ཡི་ངོ་དེབ་གསང་རྒྱ་ཕྱི་ལ་བསྒྲག་མཁན་པོ་ཨོས་རེད། ངོ་དེབ་ནང་གི་གྲོགས་པོ། རང་ཚུགས་མེད་པའི་གསང་གཉེར་ཞིག་ལས་བློ་གཏད་ཅི་ཡང་མི་འདུག ངའི་ངོ་དེབ་ནང་གི་ཁ་མཆུ་ཁོ་ན་སློང་བའི་པདྨ་རྒྱལ་པོ་ཟེར་བ་ཞིག་དང་ངོ་དགའ་ཁོ་ན་བཤད་མཁན་གྱི་པདྨ་གེ་སར་ཟེར་བ་ཁྱེད་ཚོ་མིང་ཙམ་ཞིག་རེད། འུར་རྒྱག་གི་མ་འདུག །
ཆེན་པོའི་ཆེ་ཚུལ་མ་ཤེས། །
ཆུང་ངུས་གྲགས་རྒྱུགས་བྱས་ན། །
ཆེན་པོའི་ལྟ་བ་མི་དགོས། །
ཆུང་སའི་རང་དོན་ཤོར་ཐལ།
དགུ་ཐུག་བཀོལ་བར་མི་བྱས། །
གནམ་གང་ཁ་འདོན་མ་སྒྲུབ། །
ལོ་སར་ཚེས་འདོད་ཡོད་པ། །
ཁ་རྒྱབ་ཁོ་ན་ལོས་ཡིན། །
ཆེན་པོའི་ཡིན་ལུགས་མ་ཤེས།
ཆུང་ངུས་འབེལ་གཏམ་ཡིན་ཚུལ།
ཆེ་ཚུལ་ཇི་ལྟར་བསྟན་ཡང།
ཆུང་ངུའི་རང་གཤིས་བསྟན་འདུག
དགུ་ཐུག་ཇི་ལྟར་ཞིམ་ཀྱང།
མངར་མིན་སྐྱུར་མིན་ཐུག་པ།
ལོ་གསར་ཚེས་ལ་བྲེལ་བས།
ལྟག་རྒྱབ་རླུང་བཞིན་གཡུག་ཆོག
པདྨ་གེ་སར་མེ་ཏོག
ཡིན་པར་བརྫུས་པའི་པར་རིས།
དཔྱད་ཟོད་འོས་པར་མེད་ཀྱང།
གླུ་ཨ་ལ་ཐ་ལ་རེད།
ཆོས་པའི་ཆོས་གཏམ་བཤད་སྐབས།
ཆོས་མིན་རྣ་བར་མི་འགྲོ།
ཆོས་གྲོགས་དགྱེས་རྡོར་མཆོག་གིས།
ཆོས་དང་མཐུན་པ་གསུང་འདུག
དམ་ཆོས་རྫོགས་པ་ཆེན་པོ།
ཁ་བཤད་མཁས་པ་མིན་པར།
སྙིང་ནས་ཉམས་ལེན་མཛད་ན།
ཆོས་པའི་གྲལ་ལ་སླེབས་ཐུབ།
དེ་མིན་ཁ་བདེ་ཙམ་གྱིས།
མགོ་བདེ་ག་ཚོད་བྱས་ཀྱང་།
རང་རྒྱུད་ཉོན་མོངས་འདུལ་བ།
ཉིན་སྐར་ཙམ་ལས་མ་མཐོང་།
ཕྱག་རྫོགས་དབུ་གསུམ་ལྟ་བ།
གཅིག་ཅེས་སྨྲ་བར་འདོད་པ།
སྟག་པགས་གྱོན་པའི་བོང་བུ།
བརྫུས་པའི་རང་མཚངས་སྟོན་འདུག
སྟོན་པ་གཅིག་ཅེས་སྨྲ་ཡང།
ཐེག་དགུ་ཐེག་བཞི་སྟོན་པར།
མི་འདྲ་མི་གཅིག་ཡོངས་སྟངས།
དབང་པོའི་ཁྱད་པར་ཡིན་ནམ།
དབང་པོའི་ཁྱད་པར་མ་ཤེས། །
ཆེ་ཆུང་རྣམ་གྲངས་མ་དགོངས། །
གྲུབ་མཐའིའཛིན་མཚམས་མ་རྟོགས། །
རྟོགས་འདོགས་བྱིས་པ་འཁྲུལ་ཐལ། །
དགུ་ཆེན་མེད་པའི་ལོ་སར། །
གྲུབ་ཆེན་ལ་སྟོད་བུ་ཆུང་། །
སྲོལ་རྒྱུན་ཆེན་མོའི་རྣ་མཆོག །
ལྟག་རྒྱབ་གཡུག་པ་མིན་ནམ། །
བོད་ཀྱི་བུ་ཆུང་དམ་པས། །
རྒྱ་ཡི་ཤྲྰི་སེང་ཇི་བཞིན། །
ཉམས་ལེན་ཡང་དག་མཛད་པ། །
དྲོད་རྟགས་ཕྱི་རོལ་མངོན་འདུག །
དང་པོར་ཉམས་རྟོགས་ཡོད་རབས།
མགུར་གླུས་ལུང་སྟོང་བཀང་སོང།
བར་དུ་རང་གཞན་ལྟ་བར།
སྡང་ཞེན་གཏམ་གྱིས་བཀང་སོང།
ནང་ཉམས་རྟོགས་པ་ཇི་ཡོད།
བོང་ཆས་ཕྱི་རུ་སྟོན་འདུག
དེ་ལྟར་མེ་ཆུ་ལྟ་བུའི།
ཁ་ཁོག་མི་གཅིག་གྲུབ་ཐོབ།
བཟང་ངན་གཉིས་མེད་ལྟ་བ།
རྟོགས་ཚུལ་གྲུབ་ཐོབ་འདི་འདྲ།
སྔར་མེད་ད་བྱུང་གྲུབ་ཐོབ།
འགྲོ་བའི་བསོད་ནམས་ཟད་འདུག་
གྲུབ་ཐོབ་གླེང་བ་སླ་ཡང་། །
གྲུབ་པ་ཐོབ་རྒྱུ་དཀའ་ནོ། །
གཤོག་རྩལ་ཞེན་པའི་བྱིའུ་ཆུང་། །
མཁའ་ལ་འཕུར་འདོད་འདྲ་གི །
ལྷ་ཤིང་ཤུག་པའི་རྩེ་ནས། །
ཁུ་ལོ་མ་གྲགས་གོང་ལ། །
བལྟས་ངན་འུག་པའི་འཐེན་སྐད། །
བདེ་བདེ་སྒྲོགས་པ་མ་གནང་། །
རྒྱུ་འབྲས་ལམ་སྟོན་གྱི་གླུ་ཆུང་བཞུགས་སོ།
ཕར་མེ་ལ་ཕུ་ཆེན་མ་བཏབ་ན།
ཚུར་ཁ་སྤུ་ཚིག་ལུགས་ག་ལ་ཡོད།
ཕར་འདྲེ་ལ་ཕཌ་སྒྲ་མ་བཏབ་ན།
ཚུར་སྡང་མིག་བགྲད་དོན་ག་ལ་ཡོད།
ཕར་མི་ལ་ཞེ་ངན་མ་བཅང་ན།
ཚུར་བསམ་ངན་འཆང་ལུགས་ག་ལ་ཡོད།
ཕར་གྲོགས་ལ་ཚིག་མདའ་མ་འཕེན་ན།
ཚུར་ངོ་ཤག་བྱེད་དོན་ག་ལ་ཡོད།
ཕར་གཞན་ལ་བརྡུང་བརྡེག་མ་བྱས་ན།
ཚུར་སྦར་ལག་འདྲེས་ལུགས་ག་ལ་ཡོད།
ཕར་གཞན་གཞན་ལ་རྒྱུ་འབྲས་མ་བསྣོག་ན།
ཚུར་རྣམ་སྨིན་འཁོར་ལུགས་ག་ལ་ཡོད།
མཚོ་གཏིང་རིང་ནང་གི་རྡོ་རིལ་དེ།
འཕེན་ཚར་ནས་ཡར་ལ་ལེན་ཐབས་བྲལ།
ལས་དགེ་སྡིག་ཐོད་པའི་རི་མོ་དེ།
བྲིས་ཚར་ནས་ལག་པས་བསུབ་ཐབས་མེད།
བྱ་མ་བབས་རྟ་རྒན་འདྲོག་ལུགས་མེད།
རྟ་འདྲོག་པ་བྱ་ཡི་ཁོང་ནས་བྱུང།
བདག་མེད་ན་དུག་ལྔ་ལངས་ལུགས་མེད།
སེམས་དུག་ལྔ་བདག་འཛིན་ཁོང་ནས་བྱུང།
རྩ་རྩི་ཐོག་མི་སྐྱེ་དགུ་སྐྱེ་ལ།
རྫི་བྱུང་ན་རྩེ་མོ་ཕྱོགས་མཐུན་རེད།
ཤ་ཕུ་ནུ་མི་མཐུན་དགུ་མཐུན་ལ།
གྱོད་ཐུག་ན་གྲོས་ཁ་མཉམ་མཐུན་རེད།
ལས་རྒྱུ་འབྲས་ཤོད་པའི་གླུ་བ་རྣམས།
དོན་ལག་ལེན་ཐེབས་པའི་བཀྲ་ཤིས་ཤོག
ཉམས་རྟོགས་པའི་མགུར་གླུ་ལེན་པ་རྣམས།
ཕྱི་ཚིག་ཙམ་མིན་པའི་བཀྲ་ཤིས་ཤོག
སྤྱི་དོན་གླེང་བ་མང་ཡང་། །
རང་དོན་སེམས་པའི་བུ་ལོ། །
དཔལ་རྩལ་ཆེ་འདོག་སྟོན་ཡང་། །
རྩམ་གཟན་རང་རྐུབ་སྟོན་འདུག །
ཁུ་ལོ་སྐད་གྲགས་ཆེ་ཡང་། །
རང་རྒྱུད་གསོད་པ་ཨེ་ཤེས། །
ཁ་ཏ་ཁ་ལས་ཞན་ཡང། །
ཨ་དབྱངས་སྒྲོག་པ་ཨེ་གོ །
ལྷ་འདྲེ་ཡིད་ཀྱི་ཆོ་འཕྲུལ། །
རྟེན་འབྲེལ་སེམས་ཀྱི་རྣམ་རྟོག །
གོ་མྱོང་རྟོགས་པ་ཡོད་ན། །
རྩམ་དགའ་ཁྲོ་དགོས་མི་འདུག །
རྒྱུ་འབྲས་ལམ་སྟོན་གླུ་ཆུང་། །
བུ་ཆུང་སེམས་ལ་འཕྲོད་ཡང་། །
རང་དོན་མེད་པའི་ཤག་རྒན། །
ཁ་མཆུ་བཟུང་འདོད་མི་གདའ། །
ཁ་གཡང་བཀྲ་ཤིས་བརྗོད་ནས། །
ལོ་རྒན་དྲུག་ཅུ་ལོངས་སོང་། །
ཁ་ཁོག་མ་མཐུན་གྲུབ་མཐར། །
དོལ་སྲི་ཁོག་ཏུ་ཞུགས་གདའ། །
ཆོལ་གསུམ་ཆོས་ཀྱི་ཞིང་སར། །
ཚིག་གསུམ་རེ་བ་ཕུལ་ཡང་། །
སྐུ་གསུམ་གླུ་བྲོ་མི་དགོས། །
སྒོ་གསུམ་ཨེ་མཐུན་ལྟོས་ཤིག །
པདྨ་གེ་སར་མེ་ཏོག །
རང་གི་སྙིང་ལ་ཡོད་ཀྱང་། །
དགྱེས་རྡོར་བླ་མས་མ་གོ །
གོ་ལོག་འཐེབ་པ་བདེན་ནམ། །
ཨ་ལ་ཀུ་རེ་ཡིན་གདའ། ཁྱེད་ཀྱི་ངོ་དེབ་ལས་སྙན་རྩོམ་དེ་ངས་ཁ་བརྡ་དྲ་ཐོག་ཏུ་བཀོད་པ་དགོངས་དག
ད་དུང་ཡང་སྐྱར་འདིར་བཀོད་ཀྱིན་ཡིན་གདའ། གང་ཡིན་ཞེ་ན་ང་རང་གི་སེམས་ལ་ཤིན་ཏུ་འཕྲོད་སོང་ལགས། ། བཀྲ་ཤིས་བདེ་ལེགས། །
དྲ་རོགས་གྲོགས་པོ་ཚོ། དཔལ་དགྱེས་པ་རྡོ་རྗེ་འདི་ནི་གཞན་དང་མ་འདྲ་བ་ཞིག་འདུག
དྲ་ཁང་དག་གི་ནང་དུ་ནང་ནས་ཉུལ་འདུག་ཀྱང་ལེགས་པའི་ཆ་ཡང་འདུག
གཟིགས་དང་སྔོན་ཁོས་བྲིས་པའི་ལུང་བསྟན་ཞིག་འདི་ན་འདུག
http://www.facebook.com/profile.php?id=100000455764759#!/photo.php?pid=356999&fbid=153558314669360&id=100000455764759
གལ་ཏེ་སྒོ་ཕྱེ་མ་ཐུབ་ན་འདིར་བྲིས་ཡོད།
༄༅། །རྨི་ལམ་གྱི་མཐོང་ཚུལ་དང་ཡིད་ཆེས་བརྙེས་པའི་ལུང་བསྟན་དུས་གསུམ་གསལ་བའི་མེ་ལོང་། །
ན་མོ་མ་ཧྰ་གུ་རུ་པདྨ་ཀ་ར་ཡེ། །
བདེ་ཆེན་ལྷན་སྐྱེས་དགྱེས་པ་རྟག་རོལ་བ། །
ཉིན་མཚན་ཁོར་ཡུག་འོད་གསལ་ངང་གནས་པའི། །
འཕགས་བོད་མཁས་གྲུབ་བླ་མ་བརྒྱུད་པར་བཅས། །
མི་ཕྱེད་དད་པའི་ཕྱག་གིས་ཡང་ཡང་འདུད། །
རྩ་ཁམས་ལས་རླུང་གཡོས་པའི་ཀུན་རྟོག་རྩལ། །
བག་ཆགས་རང་སྣང་ཞེན་པའི་འཁྲུལ་རྟོག་ཆེ། །
སྟོང་གཟུགས་རྨི་ལམ་སྒྱུ་མའི་གྲོང་ཁྱེར་དུ། །
སྐྱེ་བོ་ཕལ་ཆེར་རང་དབང་མེད་པར་འཁྲུལ། །
མ་བརྟགས་བདེ་སྡུག་ཚོར་བ་བསླུ་མེད་ཅིང་། །
བརྟགས་ན་རྡུལ་ཙམ་རང་བཞིན་མ་གྲུབ་པས། །
རྨི་ལམ་དང་ནི་ད་ལྟའི་སྣང་བ་ལ། །
བདེན་རྫུན་ཁྱད་པར་གང་གིས་འབྱེད་པར་ནུས། །
རྣམ་རྟོག་བློ་ལས་འགོངས་པའི་ལྐོག་གྱུར་ཅིག །
རྣམ་དཔྱོད་རྩལ་ལས་མིན་པའི་འཁྲུལ་སྣང་ཉིད། །
དུས་གསུམ་བརྟག་པའི་ལུང་བསྟན་འཁྲུལ་མེད་དེ། །
རྨི་ལམ་བར་དོའི་སྒྱུ་འཕྲུལ་ཨེ་མ་ཧོ། །
བརྒྱ་ཕྲག་དཀའ་བའི་ཚེགས་ལ་མ་ལྟོས་པར། །
ཐུན་གསུམ་མནལ་དུ་ཡུར་བའི་གཉིད་ཁུང་ནས། །
མི་ཚེའི་གསང་གནད་འཚོལ་བའི་མན་ངག་དེ། །
རྨི་ལམ་རྣལ་འབྱོར་ལས་གཞན་མེད་ཅེས་གསུངས། །
ལྕགས་ལ་གསེར་འགྱུར་རྩི་ཡིས་བཏབ་པ་བཞིན། །
རྨི་ལམ་སྤྲུལ་བསྒྱུར་འོད་གསལ་འབྱོངས་པ་ཡིས། །
སྣང་སྲིད་དག་པའི་ཞིང་དུ་བསྒྱུར་བའི་ཚེ། །
ཡ་མཚན་ལྟད་མོ་སེམས་ཀྱི་གསང་ནས་མཐོང་། །
གྲངས་མེད་འཇིག་རྟེན་མང་པོས་ཆོད་པ་ཡི། །
དག་པའི་ཞིང་ཁམས་མིག་འཕྲུལ་ལྟར་བགྲོད་ནས། །
རྒྱལ་དང་རྒྱལ་བའི་སྲས་ལས་ཟབ་རྒྱས་ཀྱི། །
ངོ་མཚར་གདམས་ངག་ནོད་པར་ཨེ་མ་ཧོ། །
སྔོན་དུས་སྟོན་མཆོག་ལྷ་ལས་བབས་པ་གཅིག །
པདྨ་འབྱུང་གནས་བོད་དུ་ཕེབས་པ་གཉིས། །
དམ་པ་མང་པོའི་གཟིམ་ལམ་ལུང་བསྟན་གསུམ། །
མཇལ་བས་རྨི་ལམ་གདམས་པ་ཤིན་ཏུ་ཟབ། །
བདག་ལ་བཟང་པོ་ཡོན་ཏན་ཆེར་མེད་ཀྱང་། །
ཆུང་ནས་རྨི་ལམ་བཟང་ངན་ཐིག་མོ་ཞིག །
ཡིད་ཆེས་ང་ཡི་མི་ཚེ་འདི་ལ་བརྟེན། །
དེས་ན་བདེ་སྡུག་འཁྲུལ་མེད་བདག་གིས་མཐོང་། །
སྔོན་ཡང་བདག་གི་ཨ་ཕ་འདས་ཚུལ་དང་། །
དྲིན་ཆེན་ཨ་མ་ནད་ཀྱིས་ཟིན་ཚུལ་དང་། །
ང་རང་རྒྱལ་ཁམས་གང་དུ་འགྲོ་འདུག་ཀུན། །
རྨི་ལམ་ལུང་བསྟན་འདི་ལ་བསྟེན་ནས་སྒྲུབ། །
རང་ཡུལ་མ་དབང་རྒྱ་ཡི་བྲན་དུ་བཀོལ། །
རང་བླ་དམ་པ་ཕྱི་གླིང་ཡུལ་དུ་བཞུགས། །
རང་ཆོས་གཙང་མ་འཛིན་པའི་བན་འཁྱམ་ངས། །
རང་ཆོས་བསྟན་སྲིད་ཕྱོགས་ལ་དྲན་པ་བརྟས། །
རང་གི་རྨི་ལམ་ལུང་བསྟན་མ་མཐུན་ན། །
ཀརྨ་གྲགས་ཆེན་ཡིན་ནས་དད་རྒྱུ་དང་། །
གྲོགས་པོ་རྒྱུ་ཆེན་རིགས་ནས་བརྩེ་གདུང་ཞིག །
མ་བྱུང་ད་བར་ལ་རྒྱའི་དཔལ་ལ་ཆགས། །
ཨ་རིའི་ཕོ་བྲང་གནམ་གྲུས་གཏོར་བ་དང་། །
བལ་ཡུལ་རྒྱལ་འབངས་རང་མྱིས་བསད་པ་དང་། །
རང་ཡུལ་སྐྱེ་དགུར་ས་ཡོམ་གནོད་པ་དག །
བདག་ལ་སྔོན་ནས་རྨིས་ཀྱང་བཅོས་ཐབས་བྲལ། །
གཅིག་ན་བདག་ནི་གྲོགས་མེད་གཅིག་པུར་དགའ། །
གཉིས་སུ་སྙིགས་དུས་སྐྱེ་བོ་མགུ་ཐབས་དཀའ། །
གསུམ་ན་དམ་པ་རྣམས་ནི་སྨྲ་བ་ཉུང་། །
དེས་ན་ཡིད་ཆེས་རྨི་ལམ་བྱེད་པར་དཀོན། །
བོད་རིགས་འདྲ་བའི་དྲང་བདེན་བྱམས་བརྩེ་ཅན། །
བདག་གིས་སྙིང་གྲོགས་དག་ལ་བཤད་པ་ལགས། །
སྐྱེས་བའི་སྒྱུ་ལུས་དངོས་སུ་མ་འཕྲད་ཀྱང་། །
བརྩེ་བའི་གདུང་བ་དྭངས་མ་བོད་ལ་ཕྱོགས། །
ཀུ་རེ་རྩེད་མོ་མིན་པར་སེམས་ནས་དྲན། །
དྲེད་མོ་གཏམ་འཆལ་མིན་པར་དགོས་པར་ལྡན། །
རྨི་ལམ་འཁྲུལ་བ་ཡིན་ཡང་ཐ་སྙད་ཙམ། །
སད་རྨི་བར་དོ་ཚང་མ་འདྲ་མཉམ་ལགས། །
མཆོག་གསུམ་སྐྱབས་སུ་འཛིན་པའི་གངས་ཅན་པས། །
རྒྱལ་འགོང་དམ་སྲིར་བརྟེན་ན་མི་ལེགས་པས། །
བསླུ་མེད་སྐྱབས་གནས་དམ་པ་བཞུགས་པའི་དུས། །
ཐབས་མཆོག་རྟེན་འབྲེལ་མ་རལ་ས་མ་ཡ། །
བླ་མ་ལྷག་པའི་ལྷ་ལ་སྐྱབས་འགྲོ་བར། །
འདི་ཕྱི་བར་དོའི་འཇིགས་པ་བསལ་ཕྱིར་དང་། །
རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་ཕྱིར། །
ཚེ་རབས་གཏན་གྱི་སྐྱབས་གནས་བསྟེན་པ་ལགས། །
ངོ་དགའ་ཁོག་ནག་རང་དོན་ཁ་རྒྱབ་ཙམ། །
དཀོར་རྫས་ཚོང་ལས་ཞིག་ལ་མི་རེ་བར། །
ལས་འབྲས་བདེན་པའི་མཐའ་ལ་ལེགས་བསམ་ནས། །
དད་གསུམ་མི་ཕྱེད་འདུན་པས་སྐྱབས་འགྲོར་འབོད། །
ཤ་རུས་ཁྲག་རྒྱུན་བོད་ལས་མཆེད་པའི་དོན། །
བློ་སྙིང་བྲང་གསུམ་དཀར་པོ་བོད་ལ་མཛོད། །
ལུས་ངག་ཡིད་གསུམ་མཐུན་ན་བོད་རིགས་ཀུན། །
འདོད་གཟུགས་སྲིད་པའི་ཁམས་འདིར་འགྲན་ཟླ་བྲལ། །
ཆོས་ལུགས་ཟེར་ནས་ཕྱོགས་རིས་མཁན་ཞིག་དང་། །
འཚོགས་འདུ་ཟེར་ནས་རང་དོན་ཉི་ཚེ་བ། །
མདོ་སྔགས་རིག་པའི་གཞུང་དང་མི་མཐུན་པའི། །
ལ་རྒྱ་དེ་འདྲ་སྲིད་ན་དབེན་གྱུར་ཅིག །
བཀའ་བསྟན་མན་ངག་རྒྱ་མཚོ་མ་མཐོང་བར། །
སྔ་དུས་སྲོལ་རྒྱུན་དོན་མེད་ཟུར་ཟའི་ཚིག། །
དེང་དུས་ཨ་གསར་ངོ་གཉིས་གྲགས་རྒྱུག་ལས། །
གནའ་དུས་བོན་བན་དེ་ཚོ་ཁྱད་དུ་འཕགས། །
རང་གཤིས་བདེན་པའི་རང་བཞིན་མ་དོར་ནས། །
རང་ལུགས་བྱམས་བརྩེ་ལྷག་བསམ་རྣམ་དག་གིས། །
རང་ཡུལ་གངས་རིའི་འདུག་ཆོས་བསམ་པ་ཚོ། །
རང་གཞན་མི་འདུག་མི་མཆོག་རྒྱལ་བའི་སྲས། །
སྙིང་བརྩེའི་བོད་ཡུལ་ཁ་བ་གངས་ཅན་པས། །
སྙིང་གཏམ་གཙང་མ་ཐུགས་ལས་མི་འདོར་མཁྱེན། །
སྙིང་དང་སྲོག་ལས་གཅེས་པའི་ཆོས་སྲིད་ལ། །
སྙིང་ནས་དམ་ཚིག་དོན་དང་ལྡན་པར་མཛོད། །
རིག་འཛིན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །
རིག་པ་དམ་པའི་ཡིད་དམ་དངོས་གྲུབ་ཐོབ། །
རིག་མ་དགྱེས་པའི་སྙིང་བརྩེས་རྗེས་སུ་བཟུང་། །
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །
ཅེས་པ་རབ་རྒྱན་ལྕགས་སྟག་སྤྲེལ་ཟླ་བའི་དབང་ཕྱོགས་དགའ་བ་དང་པོར་རང་གི་རང་ཡུལ་དྲན་པའི་གདུང་དབྱངས་དང་རྨི་ལམ་ཐིག་པའི་ངོ་སྤྲོད་མདོར་བསྡུས་ཤིག་ཡིད་ངོ་ལ་ཅི་དྲན་དུ་མྱུར་བྲིས་སུ་དཔལ་དགྱེས་པ་རྡོ་རྗེས་བྲིས་པ་དགེའོ། ། ཤྲྰི་སརྦ་བི་ཛ་ཡནྟུ་ཨ་ལ་ལ་ཧོ། །
ངོ་གྲོགས་པདྨ་གེ་སར་གྱིས་འདིར་དཔལ་དགྱེས་པ་རྡོ་རྗེ་ཚང་གི་ངོ་དེབ་དེ་འདིར་འདྲ་བཤུས་བྱས་པས་དགོངས་པ་མ་ཚོམས་ཨ།
ཨེ་མ་ཧོ། །
པདྨ་གེ་སར་ཁྱེད་འདྲ། །
མཚན་ལྡན་སློབ་མ་ནང་བཞིན། །
སྙིང་གཏམ་ཐུགས་ལ་ཁྲོད་པས། །
རང་སེམས་ཅུང་ཟད་བདེ་སོང་། །
ཐོས་པ་དཔེ་ཐོག་བྲོ་རྡུང་། །
བསམ་པ་ཆགས་སྡང་གཏི་མུག །
སྒོམ་པ་རང་དོན་སོང་ན། །
འབྲས་བུ་འཇིག་རྟེན་ཆོས་བརྒྱད། །
ཐོས་པ་མ་རིག་མུན་སེལ། །
བསམ་པ་ལོག་རྟོག་ཀུན་བསལ། །
སྒོམ་པ་བྱང་སེམས་ལྡན་ན། །
འབྲས་བུ་རྒྱལ་སྲས་རྣམ་དག །
ཚུལ་གནས་དགེ་སྦྱོང་སྡོམ་ལྡན། །
ཏིང་འཛིན་རྒྱུན་དུ་བརྟེན་ན། །
ཤེས་རབ་དྲི་མེད་ཡེ་ཤེས། །
ཁོ་ཐག་ཆོད་པར་ཡོད་འདུག །
པདྨ་རྒྱལ་པོའི་ལྟ་བ། །
སྒོམ་པ་རྒྱ་མཚོའི་མཉམ་བཞག །
གེ་སར་རྒྱལ་པོའི་སྤྱོད་པ། །
རང་རིག་རྒྱལ་པོས་མཐོང་ཡོང་། །
ཅི་དྲན་དུ་ཤྲྰིས་སོ། །
རྨི་ལམ་སྒྱུ་མར་སྨྲ་བ། །
སྔོན་བྱུང་དམ་པའི་རང་ལུགས། །
སྒྱུ་མ་བདེན་པར་ལྟ་བ། །
དཔལ་རྡོ་མཆོག་གི་འགྲོ་ལུགས། །
ཆོས་ཀུན་སྒྱུ་མར་ཤེས་ན། །
སྒྱུ་མའི་སྐད་ངག་མ་མཐོ། །
དྲུག་འགྱུར་སྐད་སྙན་ཁུ་ལོའི། །
རྣ་བ་སྡིག་ལ་བཏོན་གི། །
སྒྱུ་མའི་འཇིག་རྟེན་གྲོང་ན། །
སྒྱུ་མའི་མཁན་པོ་དག་གིས། །
སྒྱུ་མའི་མིག་འཕྲུལ་བསྟན་བཞིན། །
སྒྱུ་མའི་ལ་ཡས་ལེན་གི། །
ཁུ་ལོའི་ཀུག་ཀུག་སྙན་ཡང། །
ཁ་ཁོག་མ་མཚུངས་ཁུ་ལོས། །
རང་རྒྱུད་གཞན་དུ་བསད་བཅོལ། །
གཞན་ཕྲུག་དམར་གསོད་གཏོང་འདུག །
ལམ་རིམ་ཆེན་མོ་དེ་ཡང་། །
དོལ་སྲི་ཁུ་ལོའི་དྲུག་འགྱུར། །
འདོད་ན་རྩམ་དགའ་རང་དབང་། །
དགེ་སྡིག་ཅི་འགྱུར་ཤེས་ཡ། །
སྒྱུ་མའི་དཔེ་བཅུ་གསུངས་པ། །
བདེན་མེད་སྟོན་པའི་བླ་མ། །
སད་རྨི་རྩོད་པའི་བཀའ་བསྟན། །
སྔོན་བྱོན་དམ་པའི་རིང་ལུགས། །
རྨི་ལམ་ལུང་བསྟན་མདོ་ལས། །
སད་རྨི་ཁྱད་པར་མེད་ཅེས། །
སྟོན་མཆོག་ཤྰཀྱའི་རྒྱལ་པོས། །
བདེན་གསུང་ཚད་མར་གཟིགས་མཛོད། །
རྩམ་དགའ་དགའ་བའི་ངོ་དགའ། །
དགྱེས་རྡོར་དགྱེས་པའི་ཐབས་ཤེས། །
ཡང་ཡང་དཔྱད་སྒོམ་གྱིས་དང་། །
རང་བཞིན་རྨི་ལམ་རྟོགས་ཡོང་། །
ཤྲྰིས་སོ། །
བསྟོད་ན་དགའ་བའི་མགུར་གླུ།
སྨད་ན་སྡིག་པའི་སྡུག་གླུ།
དགའ་སྡུག་འདྲེས་མའི་སྣང་བ།
འཇིག་རྟེན་ཐ་མལ་རང་བཞིན།
སྔོན་བྱོན་གྲུབ་ཐོབ་དམ་པས།
རང་སྐྱིལ་ཕུག་པའི་ནང་ནས།
འཇིག་རྟེན་འདིར་སྣང་སྣང་བར།
སྐྱོ་བའི་མགུར་གླུ་བླངས་སོང།
ད་བྱོན་གྲུབ་ཐོབ་དམ་པས།
ཟང་ཟིང་གྲོང་ཁྱེར་གླིང་ནས།
འཇིག་རྟེན་འདིར་སྣང་སྣང་བར།
ཞེན་པའི་མགུར་གླུ་བླང་བྱུང།
བརྡ་གླུའི་གོ་བ་ལོན་ན། །
ཕྱི་ནང་གསང་བའི་མགུར་གླུ། །
མ་གོ་གོ་ལོག་འཐེབ་ན། །
འཁྲུལ་སྣང་སྒྱུ་མའི་ཞེན་གླུ། །
འཁོར་འདས་རེ་དྭོགས་བྲལ་བ། །
དབེན་གསུམ་ཞིང་དུ་བཞུགས་སོ། །
ལ་ཕྱིའི་རྒན་པོ་རྐུབ་སེར། །
དྲྭ་ཁང་འདི་ནས་སྒུག་ཡོད། །
ཆགས་སྡང་ཆོས་བརྒྱད་སྣང་བ། །
མི་མངོན་དབྱིངས་སུ་ནུབ་ན། །
རི་གྲོང་ཁྱད་པར་མི་གདའ། །
བློ་བདེ་ཉི་མ་འཆར་འདུག །
༡༠༣༽ དཔལ་དགྱེས་པ་རྡོ་རྗེ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༥ གི་ཆུ་ཚོད་ ༧ སྐར་མ་ ༠༨
ཁྱད་པར་དུ་བཀུར་འོས་པའི་༧ བློ་གྲོས་མཐའ་ཡས་ལགས། མཆོག་གིས་བདག་ལ་ཐུགས་སྨོན་གནང་བར་བཀའ་དྲིན་ཆེའོ། གོང་དུ་མཆོག་ཉིད་ཀྱིས་བཤད་པ་བདེན་རེད་ལགས། ཡིན་ན་ཡང་གཏམ་ལན་པོ་མེད་ན་ལྐུག་པ་དང་ཟས་ལན་པོ་མེད་ན་ཁྲམ་པ་ཟེར་བའི་དཔེ་བཞིན་སོང་ན་མི་ཉན་པས། དུས་ཚོད་ཅུང་ཟད་རེ་གཏོང་བ་ཡིན། ནམ་རྒྱུན་དུ་ང་ཚོ་གངས་རིའི་ལས་དབང་ལ་བསམ་བློ་གཏོང་ཆེ་ནས་རྨི་ལམ་བཟང་ངན་མང་ པོ་རྨིས་ཀྱིན་འདུག ང་ལ་ཡོན་ཏན་གཞན་སྣ་གཅིག་མེད་ཀྱང་ང་ཡི་རྨི་ལམ་འདི་དག་ལུང་བསྟན་དངོས་དག་ཅིག་ ཡིན། ང་ཡི་རྨི་ལམ་རྩ་ཆེན་ཞིག་ཏུ་འཛིན་མཁན་ཞིག་ཡིན་ནས་བཟུང་། ང་ལ་ཡིད་ཆེས་ཡོད་པ་ཚོས་གསོན་དང་། ཁྱད་པར་ལ་རྒྱ་ཅན་གྱི་མཁན་སྤྲུལ། རང་ཆོས་བསམ་པའི་ཕོ་རབ། རང་རིགས་དྲན་པའི་མཛངས་མ། བོད་རིགས་རྒན་གཞོན་བྱིས་པ་ཕལ་ཆེ་བས་ངེད་ཅག་གངས་རིའི་ལྗོངས་ཀྱི་ལས་དབང་ དང་། ལ་རྒྱ་བསམ་ནས་རང་སྲོག་ལ་མི་འཛེམ་པ་འདི་ཚོ་དྲན་ཚེ་གཉིད་ཀྱང་ཡེ་ཡོང་གི་མི་འདུག་མོད། གཉིད་མ་འོང་ན་རྨི་ལམ་ག་ནས་འབྱུང་། ད་ཡིན་ན་སད་རྨི་བར་ནས་སྣང་ཆ་གལ་ཆེན་པོ་ཞིག་ཞུ་འདོད་བྱུང་ཡ། སྔོན་བདག་གི་བལྟས་ངན་གྱི་རྨི་ལམ་ལས། པོ་ཏ་ལ་ཡང་གས་ཆག་་་་་སོགས་བཤད་པ་དེ་དག་སྣང་མེད་དུ་མ་བཞག་ན་བསམ་གྱིན་ཡོད། གང་ཡིན་ན་ང་ཚོ་ཚང་མ་བོད་ཀྱི་བསྟན་སྲིད་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ཚེ། བོད་རིགས་རྒྱལ་ཕྱི་ནང་གི་ཁྱད་པར་མེད་པར་རང་རང་གི་ཁ་རྒྱབ་ཙམ་གྱི་ཆེད་དང་ཕ་ མའི་ལྟ་བ་ལོག་ལམ་དུ་སོང་བ་དེ་རྩ་ཆེན་ཞིག་དུ་མི་འཛིན་པར། ཁ་ངོ་ལྐོག་མཚུངས་པར་ ༧གོང་ས་ཡིད་བཞིན་ནོར་བུའི་དགོངས་བཞེད་བཞིན་དུ་བོད་རིགས་གཅིག་ཡིན་ནས་བཟུང་ སྟེ་དོལ་རྒྱལ་དམ་སྲིའི་རིགས་ལ་མཆོད་གསོལ་སྐྱབས་འཇུག་བྱེད་པ་འདི་དག་མཚམས་ འཇོག་དགོས་ཀྱིན་འདུག དེ་མ་སྤངས་ན་གངས་རིའི་རང་བཙན་ཞེས་པ་དེ་ཡང་ནམ་ལངས་ཀྱི་སྐར་མ་བཞིན་དུ་འགྱུར་ ཉན་འདུག་པས། ཀུན་གྱིས་བག་ཡོད་པར་གྱིས་ཤིག ། མདོར་ན་བོད་ཡུལ་གྱི་བསྟན་སྲིད་སྤྱི་དོན་ལ་བསམ་ནས་དོལ་རྒྱལ་ལ་སྐྱབས་གནས་ བསྟེན་པ་དེ་མཚམས་འཇོག་བྱེད་མ་ཐུབ་ན་བོད་ཡུལ་རང་ཆོས་ཟིན་པའི་དུས་ཞིག་མེད་པ་ ནི་ཤེས་པར་མཛོད་ཅིག དེ་ངའི་རྨི་ལམ་དང་ཉམས་སྣང་རེད་ཡ། དེ་མིན་མང་པོ་ཞུས་ན་ཉོབ་འགྲོ་གི་འདུག གལ་ཆེན་པོའི་རེ་བ་ཞིག་ཞུས་ན་དོལ་རྒྱལ་ད་སྔོན་བསྟེན་པའི་གངས་ཅན་བླ་མ་རྒྱ་བོ་གཙོས་བོད་རྒྱལ་ཕྱི་ནང་གི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ནང་ན་དོལ་རྒྱལ་ལྷ་ རུ་འཛིན་པ་ཚོས་མི་བརྟེན་པ་དང་མི་བརྔན་པར་༧གོང་ས་མཆོག་ལ་བཤགས་སྡོམ་བཟོད་གསོལ། དོལ་རྒྱལ་མི་སྒྲུབ་པར་ཁས་ལེན་མཛད་པར་མཁྱེནན། ཁྱད་པར་རྒྱལ་ངན་དེས་དར་ལྕོག་བོད་ཡུལ་གྱི་རི་གླིང་ལ་སྒྲོན་པ་དེས་ལྷག་རང་ཡུལ་ ཉམས་བསྐྱེད་ཞིག་མི་འདུག་པས་མི་མཛད་པར་མཁྱེན་མཁྱེན། འདི་ནི་མི་ཆོས་བླ་མ་བཤད་པ་ཞིག་ཡིན་ཡང་མི་ཆོས་བླ་མའི་རྫུན་ཞིག་ནི་གཏན་ནས་ མིན་ནོ། ། ད་དུང་དེ་འདྲའི་རིགས་བོད་རིགས་སྤྱི་ལ་ཕན་བདེའི་རིགས་ལ་གོང་སྤེལ་དང་གནོད་ པའི་རིགས་ལ་བག་ཡོད་པར་བྱས་ན་ཀུན་འདུས་ཀུན་འཛོམས་ཀྱི་དགའ་སྟོན་ཆེན་པོ་ཞིག་ཀྱང་འཆར་རྒྱུ་ཡོད་ངེས་སོ། ། མ་ཏི་རཏྣའི་བསྐུལ་མ་ལ་བསྟེན་ནས་གུས་པ་ཤྲྰིའི་སྙིང་ཁྲག་དྲོན་མོ་དེ་ཁ་ནས་ཐོལ་བྱུང་དུ་ཐལ་ལོ། །
ཨེ་མ་ཧོ་ལགས། །
པདྨ་གེ་སར་ལྷ་མོ། །
རིག་མ་མཚན་ལྡན་ང་ལ། །
དགྱེས་རྡོར་དགྱེས་པ་ཡོད་ན། །
ཉིན་མཚན་མེད་པར་སྤྱོད་ཆོག །
ཧ ཧ
རྩོམ་ལ་མཆན་བུ་མི་དགོས།
རྩོམ་ལ་སྨད་པ་མི་དགོས།
བསྟོད་པ་གཅིག་པོར་རེ་ན།
ལ་སྟོད་ལ་འགོར་འགྲིམས་ཆོག
བསྟོད་ལ་དགའ་བའི་དྲྭ་གྲོགས།
འདི་རུ་བཞུགས་པ་གནང་དང།
དགྱེས་ལ་དགའ་བའི་རྩོམ་པོ།
ཨ་རྩོམ་ཡང་རྩོམ་གནང་རོགས།
དང་ཆགས་ཅན་གྱི་ཆོས་གཟུགས།
རང་བསྟོད་གཞན་སྨོད་གྱིས་ལ།
མགུར་གླུས་རི་ལུང་བཀང་སྟེ།
རྒྱལ་བའི་དགོངས་པ་དོར་ཤོག
རང་ལྟར་ཆགས་པའི་གསང་མགུར།
གཞན་ལྟར་སྡང་བའི་ཕྱི་མགུར།
རང་གཞན་རྨོངས་པའི་ནང་མགུར།
ཉེར་གཅིག་དུས་ཀྱི་ཆོས་པ།
སྒྱུ་ལུས་མ་ཞིག་བར་དུ། །
སྒྱུ་མའི་བརྡ་གླུ་ལེན་ཡ། །
སྒྱུ་འཕྲུལ་ཁྱུང་ཆེན་ང་ལ། །
སྒྱུ་མའི་རྐུན་རྫུན་མི་དགོས། །
རིག་པའི་མཁའ་དབྱིངས་བགྲོད་པར། །
རིག་གྲོལ་གཤོག་པ་རང་གྲུབ། །
རིག་འཛིན་བརྒྱུད་པའི་ཁྱད་ཆོས། །
རིག་མ་རིག་རྩལ་རང་ཤར། །
དྲ་ཁང་དོ་ར་འདི་རུ། །
གྲྭ་རྐྱང་ཨམ་རྒོད་འགའ་རེས། །
རིག་པ་རིག་མ་མ་ཤེས། །
མ་རིག་སྒྲོ་བཀུར་མང་ཐལ། །
ཨ་རོ་དྲ་གྲོགས་ཚང་མས། །
ཨ་ཁུ་ཐུབ་ཚོད་མ་བཏང་། །
ཨ་ལ་ཀུ་རེ་ཡིན་ན། །
ཨ་ཧོ་ཅི་དགོས་གསུང་ཤོག །
ལ་སྟོད་དགའ་བའི་རྒྱུ་འབྲས་ཉིན་འཁོར་མ་བཞུགས་སོ། །
ལ་སྟོད་བུ་ཆུང་ངོ་གཉིས། །
ལ་རྒྱ་ཡོད་འདོག་མ་བསྟན། །
ལ་གཏམ་ལོང་གཏམ་དེ་ཚོ། །
རྒྱུ་འབྲས་གླུ་ཆུང་ཡིན་ནམ། །
ཕྱི་ལྟར་བྱམས་བརྩེའི་གླུ་བྲོ། །
ནང་ལྟར་བྱང་སེམས་མགུར་མ། །
གསང་ཆེན་དོ་ཧ་བླངས་པ། །
ཡང་གསང་བསྟན་པའི་ཆེ་ཆོས། །
དགྱེས་རྡོར་སྨད་རུང་མི་སྐྱོན། །
དུས་རབས་ཉེར་གཅིག་ནང་དུ། །
ཆོས་པ་ཡང་དག་ཡོད་པས། །
ཀུན་ལ་བཀུར་འདེབས་མ་སྔ། །
རྩོམ་ལ་འཆན་བུ་མི་དགོས། །
གཏམ་ལ་ལེན་པོ་མེད་པར། །
ཁྱོད་ཀྱིས་གོ་བ་ཡོད་ན། །
བསྟོད་སྨད་ཆུ་ནང་གཟུགས་བརྙན། །
ལ་སྟོད་ལ་མགོར་མ་འགྲོ། །
ལ་རྒྱ་བཟུང་ནས་སྡོད་དང་། །
ལ་ལུང་འཁྱམ་པའི་གནུབས་བན། །
ལ་རྒྱ་མི་དགོས་གཡུག་ཆོག །
སྟོན་པའི་བཀའ་འགལ་ཡོད་རབས། །
བསྟན་པའི་ཁྲིམས་འགལ་ཡིན་རབས། །
གསང་གསུམ་གོ་ལོག་ཡོད་རབས། །
བཤད་པ་རྒྱུ་འབྲས་ཡིན་ནམ། །
ཨ་ལ་ཆགས་སྡང་མེད་ན། །
ཨ་ཕོ་ཁྱོད་རང་ཅི་འདོད། །
ཨ་ཇག་གྱོད་ཁུར་ཅི་ཡོད། །
ཨ་ཁུའི་མགོ་ལ་གཡོག་ཆོག །
ཤྲྰིས་སོ། །
དྲ་གྲོགས་དཔལ་དགྱེས་པ་རྡོ་རྗེ་ལགས། ད་ཆོག་ཐལ་ཡ། ཁྱེད་ལ་དུས་ཚོད་མང་པོ་ཞིག་ཡོད་ས་རེད། འདུག་ཚོད་མེད་ན་རྡར་སར་ཡོང་ན་འགྲིག་དང་འགྲིགས། །རྙིང་མའི་སྤྱི་འཐུས་བྱས་ན་ཆོག་ས་རེད།
ཨ་ཁུ་དགྱེས་པ་རྡོ་རྗེ། །
ཨ་མའི་བུ་ཡི་བརྡ་གླུ། །
ཨ་རོགས་ང་ཡིས་མ་གོ །
ཨ་ཁ་ཁ་གྱོང་རེག་ཐལ། །
ཨ་ཅག་སེམས་ལ་ཡོད་པ། །
ཨ་རྒོད་ང་ཡི་གོ་ཐལ། །
ཨ་ཕོ་སྐྱ་ས་མ་བབས། །
ཨ་ཁ་ཁྱེད་རང་རང་སྡུག །
ཨ་འུ་དཔལ་རྡོར་ལོ་ལོ། །
ཨ་དོན་མཁྱེན་པ་ཡོད་ན། །
ཨ་ཁུས་ངར་ཁུ་མ་འདུག །
ཨ་རིག་ངོ་བོར་སྐྱོངས་དང་། །
ལ་སྟོད་ལ་མགོར་བྲོས་ཐལ། །
རྩམ་དགའ་མི་དགའ་རེད་ཐལ། །
ཀརྡོ་ས་རྡོར་ལོག་ཐལ། །
དགྱེས་རྡོར་དགྱེས་ཚོད་ཡིན་ཡ། ། ཧ ཧ ཨ་ལ་ཀུ་རེ་ཡིན་ནོ།
༄༅། །བསྔོ་སྨོན་བསམ་དོན་ལྷུན་གྲུབ་བཞུགས་སོ། །
ན་མོ་གུ་རུ་པདྨ་ཀ་ར་ཡེ། །
སྐྱེ་མེད་སྟོང་དང་རྟེན་འབྱུང་། །
འགག་མེད་ཟུང་འཇུག་ཡེ་ཤེས། །
སྟོན་མཆོག་མ་ཧྰ་གུ་རུ། །
སྐྱབས་ཀུན་འདུས་པ་མཁྱེན་ནོ། །
བྱམས་བརྩེའི་སྙིང་རྗེ་ཆེན་པོས། །
རྩོད་ལྡན་སྙིགས་མའི་ཞིང་དུ། །
བཟུང་བའི་སྨོན་ལམ་བཏབ་མཛད། །
བཅོམ་ལྡན་འདས་ཀྱིས་དགོངས་ཤིག །
བདག་གཞན་དུས་གསུམ་དགེ་བ། །
ཀུན་བཟང་མཆོད་སྤྲིན་འབུལ་ན། །
ཐོག་མེད་བསགས་པའི་སྡིག་ལྟུང་། །
སྙིང་ནས་འགྱོད་བཤགས་བགྱིའོ། །
འཕགས་དང་སོ་སྐྱེའི་དགེ་བར། །
ཡི་རང་ཆོས་བསྐུལ་བཞུགས་གསོལ། །
སྙིང་ནས་ཡང་ཡང་སྨོན་ལམ། །
འགྲོ་ཀུན་ཕན་བདེར་མཆོད་དོ། །
མགོན་མེད་འགྲོ་བ་འདི་དག །
ཐུགས་རྗེས་ལྷག་པར་བཟུང་བའི། །
དྲིན་ཆེན་རྩ་བརྒྱུད་བླ་མས། །
ཕྲིན་ལས་མཁའ་ཁྱབ་སྨོན་ནོ། །
ཉན་རང་བྱང་སེམས་ཐེག་པ། །
གསང་ཆེན་རྒྱུད་སྡེ་བཞི་དྲུག །
ལུང་རྟོགས་བཤད་སྒྲུབ་བསྟན་པ། །
ཞིང་འདིར་དར་སྨིན་རྒྱལ་ལོ། །
རྒྱལ་བསྟན་ཡིད་བཞིན་ནོར་བུ། །
རྒྱལ་ཁམས་ཀུན་ལ་ཁྱབ་ནས། །
རྒྱལ་སྲས་འཕགས་བཞིའི་དགེ་འདུན། །
བཞེད་དོན་འགྲུབ་པར་སྨོན་ནོ། །
བརྡ་གླུའི་སྨྲས་པའི་དགེ་བས། །
བདག་བཞག་སེམས་ཅན་མ་ལུས། །
དོན་གཉིས་ལྷུན་གྱིས་གྲུབ་པའི། །
བཀྲ་ཤིས་བདེ་ལེགས་ཞུའོ། །
ཤྲྰི་སྨྱོན་པས་ཅི་དྲན་དུ་གུས་ཕུལ། །
བརྡ་གླུ་སྨྲས་པའི་དགེ་བས། །
བདག་བཞག་སེམས་ཅན་མ་ལུས། །
དོན་གཉིས་ལྷུན་གྱིས་གྲུབ་པའི། །
བཀྲ་ཤིས་བདེ་ལེགས་ཞུའོ། །
ཤྲྰི་སྨྱོན་པས་ཅི་དྲན་དུ་གུས་ཕུལ། །
དམར་པོ་རི་ནས་གྲགས་པའི།།
ཚངས་དབྱངས་རྒྱ་མཚོའི་མགུར་གླུ།།
རྒྱ་མཚོའི་མཐའ་ནས་གྲགས་པའི།།
དགྱེས་པ་རྡོ་རྗེའི་གསུང་གླུ།།
རྨོངས་པ་བདག་གི་བློ་ལ།།
ཁྱད་པར་དེ་ཙམ་མི་སྣང་།།
འོན་ཀྱང་གང་ཟག་སོ་སོར།།
མཐོང་སྣང་སོ་སོར་ལོས་མཆིས།།
ཚིག་ལ་བསམ་བློ་གཏང་ན།།
སྙིང་སྡུག་དྲན་པའི་སྐྱོ་གླུ།།
དོན་ལ་བསམ་བློ་གཏང་ན།།
ཨ་དོན་སྟོང་ཉིད་ཆེན་པོ།།
ཀརྡོ་བྲེལ་བས་འཚུབ་དུས། །
དཀའ་ལས་ཁག་ཙམ་བྱུང་སོང་། །
བཀའ་དབང་བྱིན་ཅན་ཐོབ་ཞོར། །
བཀའ་སློབ་སྙིང་བཅུད་ཐོབ་བྱུང་། །
ཁ་བརྡ་དྲྭ་བའི་ནང་ལ། །
བརྡ་གླུ་དོ་ཧས་ཁེངས་ཤག །
བརྡ་གླུ་ཀློག་ཁོམ་ཙམ་ལས། །
འདི་རིང་འབྲི་བར་མི་ཁོམ། །
དམར་པོ་རི་ནས་གྲགས་པའི།།
ཚངས་དབྱངས་རྒྱ་མཚོའི་མགུར་གླུ།།
རྒྱ་མཚོའི་མཐའ་ནས་གྲགས་པའི།།
དགྱེས་པ་རྡོ་རྗེའི་གསུང་གླུ།།
རྨོངས་པ་བདག་གི་བློ་ལ།།
ཁྱད་པར་དེ་ཙམ་མི་སྣང་།།
འོན་ཀྱང་གང་ཟག་སོ་སོར།།
མཐོང་སྣང་སོ་སོར་ལོས་མཆིས།།
ཚིག་ལ་བསམ་བློ་གཏང་ན།།
སྙིང་སྡུག་དྲན་པའི་སྐྱོ་གླུ།།
དོན་ལ་བསམ་བློ་གཏང་ན།།
ཨ་དོན་སྟོང་ཉིད་ཆེན་པོ།།
ཚིག་ལ་སྙན་ཆ་མང་ཞིང་།།
དོན་ལ་ཞིབ་ཆ་མང་བའི།།
སྙན་རྩོམ་འདི་འདྲ་སྤེལ་བར།།
སྙིང་ནས་དགའ་སུ་ཞུའོ།།
ལ་ལས་ལ་ཁའི་རྩེ་ནས། །
ལ་ཡས་བརྡ་གླུ་གྱེར་བར། །
ལ་ལ་གོ་ལོག་ཐེབས་ཏེ། །
ལ་རྒྱུགས་ལུང་རྒྱུགས་བྱེད་ཀི། །
མ་མི་མིན་མེད་འདི་དག །
མ་བོར་སེམས་ལ་ཡོད་ན། །
མ་ལུས་ཁྲོམ་ལ་སྒྲོག་རྒྱུར། །
འོས་མིན་ཐུགས་བསམ་གཞེས་རོགས། །
ང་ཡི་བླ་མ་ཨོ་རྒྱན། །
བསམ་བཞིན་གླིང་ལ་ཕེབས་ཀྱང་། །
གང་དྲན་ཁྲོམ་བསྒྲགས་གནང་ནས། །
བཞུགས་རབས་གོ་ཐོས་མ་བྱུང་། །
གོ་ན་རྣ་བའི་བུ་རམ། །
མ་གོ་མགོ་ལ་རྒྱུག་པ། །
ཟ་དང་ཟུར་ནས་རེག་པ། །
མ་བརྗེད་ཐུགས་ལ་ཉལ་རོགས། །
དགྱེས་རྡོར་རྗེས་ཀྱི་སྨོན་ལམ། །
མཐའ་མའི་འཇུག་བྱང་ཡིན་འདྲ། །
ད་དུང་མ་ཕེབས་བཞུགས་ནས། །
བསྟན་འགྲོར་ཕན་བདེ་སྤེལ་རོགས། །
རྙིང་མའི་རྩམ་དགའ་ཕེབས་འདུག །
གསར་མའི་ཀརྡོ་ཐོན་ཤག །
དོལ་སྨྱོན་སྲོག་སྙིང་ཕུལ་འདུག །
དགྱེས་རྡོར་དགྱེས་གླུ་ལེན་རོགས། །
བརྡ་གླུ་གོ་བརྡ་སྤྲད་རོགས། །
པདྨའི་རྒྱལ་ཚབ་གནང་རོགས། །
གེ་སར་དཔའ་གླུ་ལེན་རོགས། །
སྐུ་ཚེ་ཞབས་བརྟན་བཞུགས་རོགས། །
ཉམ་ཆུང་པདྨ་གེ་སར། །
དྲ་མཐའ་འདི་རུ་མ་བཞག །
ཐུགས་དམ་གཞན་ལ་མ་དགོངས། །
མགུར་གླུ་དོ་ཧ་གསུང་རོགས། །
ཐུགས་ལ་ཁྲོ་བ་ཡོད་ཀྱང་། །
འཛིན་པ་གཏན་ནས་མེད་པའི། །
གྲུབ་ཆེན་ཨེ་མ་ཧོ་ལ། །
སྙིང་ནས་བཤགས་པ་ཞུ་ཡ། །
བཀྲ་ཤིས་བདེ་ལེགས་དྲྭ་གྲོགས་དཔལ་དགྱེས་པ་རྡོ་རྗེ་ལགས།
གང་ན་བཞུགས་ཡོད་དམ། དགོངས་གསོལ་འདི་མཁྱེན་པར་མཛད་ནས་ཁ་བརྡ་དང་བརྡ་གླུ་རེ་མུ་འཐུད་དུ་གསུང་བར་མཁྱེན་ནོ། །
ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ། །
འབུམ་མཁའ་འགྲོའི་སྙིང་ཁྲག་དྭངས་མ། །
ཁ་བརྡའི་ནང་ན་ཁ་ལུད་འཕེན་འཕེན། །
མ་གནང་ཨེ་གོ་དགྱེས་པའི་རྡོ་རྗེ། །
དབྱིངས་ཀྱི་རྗེ་མོར་ཁྲོ་བ་མེད་ཀྱང་། །
འཁོར་གྱི་མཁའ་འགྲོས་སྐྱོན་མཐོང་ཙམ་ནས། །
ཆད་པ་གཅོད་ཅེས་རྣ་བས་ཐོས་པས། །
ཚུལ་འདི་དགོངས་ལ་གཟབ་པར་མཛོད་ཅིག །
གལ་ཏེ་ཡང་གསང་ཨ་ཏིའི་དགོངས་པ། །
བྱུང་རྒྱལ་གླུ་རུ་ལེན་ཐལ་ཤོར་ན། །
མིག་གཅིག་མ་དང་མིག་སྟོང་བདག་པོས། །
ཁྱོད་ལ་སྡང་བའི་འབུར་ཚུགས་ལྟ་སྲིད། །
མ་མཐོང་སེམས་ཐག་ཉེར་བའི། །
གྲོགས་མཆོག་དཔའ་རྡོ་དགྱེས་པའི། །
བརྡ་གླུ་རྨི་ལམ་གཉིས་ཀར། །
མ་མཐོང་ཡུན་རིང་བུད་ཐལ། །
སླར་ཡང་རྨི་ལམ་ཞིག་གིས། །
ཡང་གསང་པདྨའི་བརྡ་གླུ། །
གང་བྱུང་ཁྲོམ་བསྒྲགས་གནང་བར། །
བཀའ་ཆད་ཕོག་པ་ཡིན་ནམ། །
འདི་ན་སྤུན་ཟླ་འགའ་ཡི། །
སེམས་ཁམས་སྐྱོ་བས་གདུང་བཞིན། །
རེ་བའི་མིག་ཟུང་དག་གིས། །
དྲྭ་ངོས་ཅེར་བཞིན་སྒུག་འདུག །
སྙན་ཚིག་དུང་གི་ཁོག་པ་ལས། །
སྙན་ཚིག་ལྷུག་པ་འཇོ་བ་ཡི། །
མེ་ཏོག་དཀར་བོར་འབོད་པ་ཁྱོད། །
ཡུན་རིང་མ་མཐོང་ཡིད་རེ་སྐྱོ། །
ད་ནས་མ་འདུག་ཕེབས་ལ་ཤོག །
སེམས་ངར་དྭངས་པའི་གླུ་རེ་ལེན། །
ལུས་ཁམས་བདེ་བའི་གར་རེ་འཁྲབ། །
སེམས་གཏམ་དྲོན་མོ་མཉམ་དུ་གླེང་། །
གྲོགས་རྩམ་པར་ཐུགས་རྗེ་ཆེ་ཞུ།
བཀའ་མོལ་ཚིག་གསུམ་སྙན་གསུམ་
འདྲ་ཆགས་རང་དང་འདུག་སྟེ་
འཇིག་རྟེན་འདི་ཡི་རྩེ་བ་ཞེས་བྱ་
དགོས་པ་རང་དང་མི་འདུག་
ཡིད་ལ་བརྣག་པའི་འདོད་དོན་
ཕ་ཡུལ་རང་དབང་རང་བཙན་
བྱུང་ན་བསམ་པ་འདུག་སྟེ་
མ་གྲུབ་ཅི་བྱ་ལྟོས་བྲལ་
གེ་སར་རྒྱལ་པོ་མཐོང་ན་དགའ་ལ་
བཙན་པོ་སྲོང་བཙན་ཕེབས་ཨེ་ཐུབ་
ཡང་ན་ལྷ་སྲས་དར་མ་
ད་ལྟ་ཡོད་ན་ཅི་མ་རུང་
རྒྱ་གར་ཨ་ཙ་ར་མི་དགོས་
རྒྱ་ནག་རྒྱལ་པོ་མི་དགོས་
གདོང་དམར་བོད་ཀྱི་མི་རིགས་
གདེངས་སྤོབས་གཞན་ལས་མཐོ་བ་
སྙན་ངག་འཇབ་ཆུང་མི་དགོས་
ཕ་ཡུལ་རང་ལག་བྱུང་ན་
མཛངས་མ་ཡེ་ཤེས་མཚོ་མོ་
ཕ་ཡུལ་ནང་དུ་མཇལ་ཡོང་
ཨ་རོགས་མེ་ཏོག་དཀར་པོ་དང་། ahpa ཟེར་བ་ཁྱེད་གཉིས་ཀྱིས་ད་ལབ་རྒྱག་གི་མ་འདུག རྫོགས་ཆེན་གྱི་ལྟ་སྒོམ་ལ་གོ་མྱོང་ཅི་ཡང་མེད་པའི་གཞས་པ་གཞས་མ་ཚོས་དེང་སང་རྫོགས་ཆེན་གྱི་གླུ་རྐྱང་རྐྱང་ལེན་གྱི་འདུག དེར་མ་ཟད་སྒོམ་སྡེ་ལྷ་རམས་པ་ཟེར་བ་སེ་ར་དགོན་པའི་གྲྭ་ལོག་དེས་བྲིས་པའི་རིས་མེད་ཆོས་ཀྱི་ཚིག་མཛོད་ཟེར་བ་དེ་ལ་གཅིག་ལྟོས་དང་། རྫོགས་སྐོར་གྱི་བརྡ་ཆད་མཁའ་འགྲོའི་ཁ་རླངས་མ་ཡལ་བ་མང་པོ་ལོག་འགྲེལ་བྱས་པས་མི་ཚད། རྫོགས་ཆེན་ལ་དགག་པའི་ཡིག་ཆ་ཚོ་གཞིར་བཟུང་ནས་རྫོགས་སྐོར་གྱི་ཚིག་དོན་མང་པོ་འགྲེལ་བཤད་བྱེད་ཀྱི་འདུག མིག་གཅིག་མ་དང་མིག་སྟོང་མས་སྡང་མིག་གིས་བལྟ་ན་དེ་ཚོ་ལ་མི་བལྟ་བར་རྫོགས་ཆེན་གྱི་ཚིག་དོན་ལ་གོ་མྱོང་གང་མཚམས་ཡོད་པའི་མིས་རྫོགས་ཆེན་གྱི་ཚིག་དོན་གཞུང་བཞིན་བརྗོད་པ་ལ་སྡང་མིག་གིས་བལྟ་གི་མ་རེད། ཡང་གཅིག་བཤད་ན། དྲ་ཐོག་འདིར་ཡོང་མཁན་ཞིག་ཡིན་ན་བོད་པ་ཞིག་གམ། ཡང་ན་བོད་པའི་རིག་གཞུང་ལ་རྒྱུས་མངའ་ཡོད་མཁན་ཞིག་ངེས་པར་ཡིན་ལ། དེ་ཡིན་ན་དུས་འཁོར་དབང་ཆེན་སོགས་གསང་སྔགས་ཟབ་མོའི་དབང་ཐོབ་མ་མྱོང་མཁན་ཞིག་ཧ་ལམ་མེད་པས་སྐྱོན་ཅི་ཡང་ཡོད་ནི་མ་རེད། རྙིང་རྒྱུད་ནང་གི་ཀུན་ཏུ་བཟང་པོའི་ཆེ་བ་རང་ལ་གནས་པའི་རྒྱུད་སོགས་ལ་ལྟོས་དང་སྐྲག་དགོས་ས་མང་པོ་ཞིག་མེད་ཐལ། ད་དུང་རྒྱལ་བང་ཀར་མ་པ་ཟེར་བ་སུ་ཡིན་མི་ཤེས་ཀྱང་། རྒྱལ་དབང་ཀརྨ་པ་ལ་ཟེར་གྱི་ཡོད་ན་ཁོང་དང་བཟོད་པ་རིན་པོ་ཆེ་ལ་ངན་བརྗོད་པ་ཙམ་གྱིས་དམ་ཉམ་ཅི་ཡང་ཆགས་ཀྱི་མ་རེད། གལ་ཏེ་སྤྱི་ཡི་མཆེད་དང་ཉེ་བའི་མཆེད་སོགས་ལ་བཤད་ཀྱི་ཡོད་ན་ཁྱོད་ཀྱིས་ཀྱང་དགྱེས་རྡོར་ལ་ངན་བརྗོད་སྟབས་ཁྱོད་ཀྱང་དམ་ཉམ་ཆགས་ཟིན་འདུག ཧ་ཧ་ཧ་ཧ། ད་ཞར་རྒོག་ཅིག་གིས་མི་གཞན་ལ་ཁྱོད་ཞར་རྒོག་རེད་ཟེར་ནས་མཛུབ་མོ་འཛུགས་ཀྱིན་འདུག་ཡ།
ད་ནི་མི་ཞུ་ཐབས་མེད་དུ་ཆག་སོང་། ང་རང་གིས་དགྱེས་རྡོར་ལ་ཀུ་རེ་འགའ་ཞུ་ཆེ་ནས་ཕེབས་སོངབ་ཡིན་ནམ། མི་ངོ་མི་མཐོང་སར་གྲོགས་པོ་འགའ་རེས་བཟོད་སྡིག་གི་འདུག ཁྱད་པར་སྔ་འགྱུར་བ་ཡིན་ཟེར་མཁན་འཇམ་དཔལ་རྣོན་པོ་དང་ལ་སྟོད་བུ་དང་རྩམ་དགའ་དང་མེ་ཏོག་དཀར་པོ་སོགས་དགྱེས་རྡོར་ལ་སྡང་བ་འདི་དག་མཐོང་ཚེ་རྙིང་མ་པའི་ནང་ འཁྲུག་གཅིག་རེད་བསམ་གྱིན་འདུག་ལགས། ང་རང་གིས་བསམ་ན་དགྱེས་རྡོར་འདིས་བོད་མིའི་སྐད་ཡིག་དང་སྲོལ་རྒྱུན་སྤྱི་དང་ཁྱད་པར་དམ་པའི་ཆོས་ཕྱོགས་ནས་དམ་པའི་ཆོས་ནང་བཞིན་མཛད་མཁན་དང་བཤད་མཁན་ཞིག་ རེད་འདུག
ཁོང་གིས་ཁ་བརྡ་དྲ་བ་འདི་ ལ་ཡང་ཁ་ལུད་གཡུག་ས་དང་ཁ་གྱོད་འཕེན་ས་ཙམ་ཞིག་མ་ཡིན་པར་རྩ་ཆེན་དང་མཐོང་ཆེན་ ཞིག་ཏུ་བརྩིས་ནས་ཁ་བརྡ་དེ་དོན་དང་ལྡན་པའི་སྙིང་པོ་ཅན་ཞིག་དུ་དགོངས་ཀྱིན་ ཡོད་པ་འདྲ་འདུག
[༡] ད་སྔོན་དགྱེས་རྡོར་གྱིས་བརྩམས་ཆོས་ཚོ་ལ་བལྟས་ན་ཤིན་ཏུ་གསལ་ལོ། ཁོས་བརྩམས་པའི་མདོ་གདུགས་སྒྲོན་གསུམ་གྱི་འགྲེལ་ཆེན་དང་། ལེའུ་བདུན་དང་བར་དོ་དྲུག་ཁྲིད་ཀྱི་རྣམ་བཤད་སོགས་ལ་བལྟས་ན་དམ་པའི་ཆོས་ཀྱི་ སྙིང་པོ་བཤད་འདུག་གོ །
[༢ ]དམ་ པའི་ཆོས་དང་མི་མཐུན་ཚེ་བླ་ཆེན་དང་དཔོན་ཆེན་རྒྱུ་ནོར་སོགས་འཇིག་རྟེན་པའི་ དཔུང་ཤུགས་ཀྱི་ངོ་སོ་ལ་མི་བལྟ་བ་དེ་ཁོ་རང་གི་དམ་བཅའ་དང་ཕྱག་ལས་རེད་གསུངས་ འདུག །
[༣ ]དེང་དུས་ལྷ་མེད་འདྲེ་མེད་རྒྱུ་འབྲས་བཀུར་འདེབས་ཀྱི་འཆལ་དེབ་དེ་ཚོ་རྡ་ས་ནས་ཁྲི་ འདོན་བྱེད་པ་ནང་བཞིན་གཏན་ནས་མ་རེད་སྙམ་ཡོད། གོང་དུ་ཁོས་བརྩམས་ཆོས་ཞིག་བཀོད་པ་ཚོས་ཀྱང་ཟུར་ཙམ་སྟོན་གྱིན་འདུག ། ཀླུ་སྨྱོན་སོགས་ཀྱིས་ཆགས་གཏམ་དྲེད་མོའི་གཏམ་འཆལ་བཤད་པའི་རྗེས་སུ་མི་ཕམ་རིན་ པོ་ཡང་བླ་བཙོང་ཡིན་པ་ཐལ་ཟེར་བ་ནང་བཞིན་གཏན་ནས་མ་རེད། ཧ་གོ་སོང་ངམ།
[༤] ཕྱི་ལོགས་སུ་ཡོད་པའི་བོད་རིགས་དུ་མ་ལས་ཁྱད་དུ་འཕགས་པའི་ཕྲིན་ལས་ནི་རྒྱུ་དང་ནོར་ལ་བཙོང་བའི་ཚོང་དཔོན་ལྟ་བུ་མ་ཡིན་པར་དབྱིན་ལན་ཧ་ཝར་ཊི་གཙུག་ལག་སློབ་གྲྭ་ཆེན་མོར་ཆོས་ལུགས་དབུ་ཁྲིད་དང་བོད་བརྒྱུད་རྣལ་འབྱོར་གྱི་མདོ་སྔགས་ཀུན་ ལ་སློབ་ཁྲིད་མཛད་པའི་མཁས་པ་ཞིག་དང་། རྙིང་ཞེན་ཁོ་ན་མ་ཡིན་པར་མི་ཆོས་རིག་པ་དང་སེམས་ཁམས་རིག་པ། ནང་དོན་རིག་གསུམ་ཟུང་དུ་འཇུག་པའི་གསུང་བཤད། སངས་རྒྱས་ཀྱི་ཀླད་པ་དང་སེམས་ཅན་གྱི་རྣམ་ཤེས་ཞེས་པའི་དབྱིན་དེབ་ལ་གཟིགས་དང་ ཤིན་ཏུ་གསལ་ལོ། །
[༥ ]རིགས་རུས་དང་རྒྱུ་ནོར་གྱིས་ཉོས་པའི་མཁན་སྤྲུལ་བཏགས་མིང་ཞིག་གཏན་ནས་མ་ཡིན་པར་ཁྱིམ་ཚང་དཀྱུས་མ་འབྲོག་ཕྲུག་ཅིག་ངེས་འབྱུང་རྣལ་མ་ཐུགས་ལ་འཁྲུངས་ནས་འདོད་ཆུང་ཆོག་ཤེས་དམ་པས་ཆོས་གྲྭ་ཁག་གི་བཤད་གྲྭ་དང་སྒྲུབ་གྲྭར་ཐོན་པའི་མཁས་གྲུབ་ཚད་ལྡན་ཞིག་རེད་འདུག །
[༦ ]ཅོལ་ ཆུང་བླུན་པོ་རྣམས་གྲགས་རྒྱུག་དང་རྨོངས་ཞེན་གཡམ་རྒྱུག་ཙམ་མ་ཡིན་པར་ཆོས་དང་ འཇིག་རྟེན་གཉིས་ཀ་ལ་བྱང་ཆུབ་པའི་རྣམ་དཔྱོད་ཤེས་རབ་ཅན་ཞིག་ཡོད་པར་གསུང་ཆོས་ པོད་ཁག་ལས་གོ་རྟོགས་ཐུབ་པར་འདུག ། དེ་ལ་ཆོས་སྐྱོང་སྲུང་མས་རོགས་དན་དང་སྲུང་སྐྱོབ་མེད་པར་སྡང་མིག་བལྟ་བ་ཡིན་ན། ནོར་སྲུང་ཁྱི་བཞིན་ལས་བཀའ་སྲུང་མིག་གཅིག་དང་མིག་སྟོང་ཟེར་བ་ཡང་སྒྲོ་བཏགས་ རྟོག་སྒྲུང་ཙམ་དུ་མ་སོང་ངམ། །
མདོར་ན། སྙིང་དམར་གྱི་གདམས་པ་འདི་དག་རྟོན་པ་བཞི་བོ་གོ་མ་ལོག་པ་ཡིན་ནས་བཟུང་ཐུགས་ལ་ ཁྲོད་པ་ཞིག་ཏུ་ཐེ་ཚོམ་མེད་པར་སྣང་ངོ་། ། པདྨ་གེ་སར་ནས་་་
མགྲིན་པའི་རྩ་མདུད་ལྷུག་པོར་གྲོལ་བ་ཡི།།
ངག་གི་དབང་ཕྱུག་དཔལ་དགྱེས་རྡོ་རྗེ་ལ།།
གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ།།
ཨེ་མ་ཧོ་ནི་ཨེ་མ་ཧོ།
དཔལ་དགྱེས་པ་རྡོ་རྗེ་སང་ལགས། ད་ཡིན་ན་དྲ་གྲོགས་ཚོ་ལ་གཟིགས་བལྟ་དགོས་པའི་དུས་ལ་བབས་པ་རེད། རྨི་ལམ་འདྲ་རྨིས་འདུག་གི་མེད་ན་ཁ་བརྡ་དྲ་ཐོག་ལ་ཕེབས་ན་ལེགས་ཤོས་རེད་ལགས། ངོ་དེབ་སྟེང་ན་ཁྱེད་བཞུགས་འདུག་པ་མཐོང་སོང་བས་ང་དང་འདྲ་བའི་རྨོངས་པ་འགའ་རེ་གྲགས་རྒྱུགས་ཀྱིས་ངོ་བསྟོད་དང་སྨད་ར་ཙམ་མ་ཡིན་པར་དེང་དུས་མཁས་པའི་ཚད་དུ་གླེང་བའི་རྙིང་མའི་མཁས་དབང་བློ་གྲོས་མཐའ་ཡས་དང་གསར་མའི་དགེ་བཤེས་བེ་རི་འཇིགས་མེད་སོགས་མཁས་དབང་མང་པོས་ཐུགས་དཀྱིལ་ནས་འབོད་ཀྱིན་འདུག་གདའ། ། ཨེ་མ་ཧོ་ཡ་ཕེབས་དང་། །ཨེ་མ་བརྡ་གླུ་བླངས་ནས། །ཨེ་ཝྃ་ངོ་བོ་སྟོན་དང། །ཨེ་གླིང་དཔའ་མོས་ཉན་ཡ། ། པདྨས་་
ahpa ཟེར་བ་ཞིག་དང་། བློ་གྲོས་མཐའ་ཡས། པདྨ་གེ་སར་བཅས་གསུམ་ནས་ཁོ་བོ་ཕར་ཚུར་འཐེན་དགའ་རབ་གནང་འདུག
མཁྱེན་པའི་བདག་པོ་བློ་གྲོས་མཐའ་ཡས་ཀྱིས་འདིར་རྫོགས་ཆེན་ཆོས་སྐད་གྲ་མ་ཉམས་གྲུ་མ་ཞིག་པར་ཤོད་པ་ལ་མ་དང་མཁའ་འགྲོས་བཀའ་ཆད་མི་ཕོག་པར་ཐག་གཅོག་གནང་འདུག་པས་དེས་ན་ཅི་དགའ་མཛོད།
རྒྱུ་མ་ཧ་ཡོ་གའི་སྐབས་ནས།
ཕྱི་གསང་ནང་བར་གསང་སོགས་མང་པོ་བཤད་འདུག་སྟེ་ཐེག་དགུའི་རྩེ་མོ་རྒྱུ་འབྲས་ལས་འདས་པའི་ས་འདིར་གསང་དང་མ་གསང་མི་དགོས་དེ་ལས་ཡག་རྒྱུ་ཅི་ཡོད།
སྒོམ་སྡེ་སོགས་ཀྱིས་མ་གསང་བས་ངེད་ཚོས་ཀྱང་གསང་མི་དགོས་སོ་ཞེ་ན་ཁྱི་ཡིས་མི་གཙང་བ་ཟོས་པས་ངེད་ཀྱིས་ཀྱང་ཟའོ་ཞེས་པ་དང་འདྲ་བས་ཡིད་སྐྱོ།
ཨ་ཕའམ་དེས་ངས་དགྱེས་རྡོར་ལ་དགག་པ་བྱས་སོ་སྐད་ཀྱིས་རྣམ་འགྱུར་བསྟན་ནའང་དེར་ངོས་ལེན་མེད།
པདྨ་གེ་སར་གྱིས་ངེད་ཁག་གཅིག་གིས་མིང་ནས་སྨོས་ཏེ་དགྱེས་རྡོར་ལ་ཁ་ཟེར་རོ་ཟེར་ཀྱང་དོན་མེད་ཅོལ་གཏམ་སྟེ་ཕལ་ཆེ་བས་གསང་སྒྲོགས་གི་ཉེས་པ་དྲན་བསྐུལ་ལས་གཞན་དགྱེས་ལ་མངོན་པར་བསྟོད་པ་ལས་མེད།
དེ་མིན་དགྱེས་རྡོར་ལ་དགའ་བས་སྐྱབས་སུ་མཆི་སྐྱབས་སུ་མཆི་ལབ་དགོས་ཟེར་ན་ཧ་ཅང་ཐལ་ལ་དེ་ལྟར་ཁྱེད་ཀྱིས་རྒྱུགས་པ་འཁྱེར་ནས་ཟེར་བཅུག་ན་ལས་གཟན་དེར་ཟད།
དོན་མེད་པའི་རྙོགས་གླེང་འགོ་མ་བཙུགས་རོགས།
དཔལ་མཆོག་རྡོ་རྗེ་དགྱེས་པ། །
དགྱེས་པའི་རྡོ་རྗེ་ཚིག་གསུམ། །
གསུམ་ལྡན་ཀ་དག་རང་བཞིན། །
ཐུགས་རྗེ་རང་འབྱུང་ཡེ་ཤེས། །
ཤེས་ཀྱང་འབུལ་ཐབས་བྲལ་བས། །
བས་མཐའི་དམ་ཚིག་གཙང་ཆབ། །
ཆབ་ཆུ་བརྒྱད་ལྡན་ཕོར་གང་། །
གང་འཐུང་གཅིག་ལ་དགྱེས་མཛོད། །
དེ་ནས་བློ་གྲོས་མཐའ་ཡས་ལགས།
འདུལ་བ་ནས་བཤད་པའི་ཉེས་པ་དང་ཕན་ཡོན་འདུལ་བའི་ཁྲིམས་ལ་ཞུགས་མཁན་དང་མ་ཞུགས་མཁན་སུ་ལ་ཕོག
དཔེ་དེ་བཞིན་ཨ་ཏིའི་ས་མ་ཡ་ལའང་སོམས་མཛོད།
དེ་ལྟར་ཡིན་ན་མེ་ཏོག་དཀར་པོ་ཟེར་བ་ལ་དགོངས་དག་ཞུ། ཡིན་ན་ཡང་དགྱེས་རྡོར་དམ་ཉམས་སུ་བཞག་པ་དང་རྫོགས་པ་ཆེན་པོའི་ཆོས་སྐྱོང་རྣམས་ཀྱིས་ཐུགས་ཀྱིས་ཁྲེལ་ཚུལ་དེ་འདུལ་བ་ནང་བཞིན་དུ་གཞི་བསམ་སྦྱོར་བ་མཐར་ཐུག་གིས་རྫོགས་པ་ཆེན་པོའི་དམ་ཚིག་དང་འགལ་ཚུལ་ཞིག་བཤད་རྒྱུ་མེད་ན་རྨོངས་པ་ང་ལྟ་བུས་ཧ་གོ་གི་མི་འདུག །་ད་དུང་རྒྱུ་མ་ཧ་ཡོ་ག་བོ་མདོ་སྔགས་དང་བཀའ་བསྟན་གང་དུ་ཡོད་དམ། སུས་གསུང་ངམ། མ་ཟད་རྙིང་མའི་བླ་ཆེན་འགས་དབྱིན་ཇིའི་དྲ་ཐོག་ནས་རིན་ཚད་ཀྱིས་སྒྲོ་ལོ་ཚོང་བ་དེ་ཚོ་སྒོམ་སྡེ་ལས་ཀྱང་ཐུ་བ་ཞིག་རེད་བསམ་བློ་ལ་འཁོར་ཡོང་གི་འདུག་ཡ། །དེ་ཚོ་ཚང་མ་མིག་སྟོང་དང་མིག་གཅིག་མས་མ་མཐོང་བ་ཡིན་ནམ།
དམ་གཙང་གི་མེ་ཏོག་དཀར་པོ་ལགས།
དབྱུག་པ་ལྟ་བུ་ཚིག་ནག་གྱོང་པོ་འཁྱོས་ལ་མི་འཁྱོས་པ་བཤད་མཁན་དེ་ahpaཨ་ཕ་ཟེར་བ་དང་ཇོ་མོ་གླང་མ་ཟེར་མཁན་དེ་ཚོ་རེད་མ་གཏོགས་ང་མ་ཡིན་པར་མཁྱེན་པར་མཛོད་ཅིག་གུ །
པདྨ་གེ་སར་ལགས།
མེ་ཏོག་དཀར་པོས་གསུངས་པའི་རྒྱུ་མ་ཧ་ཡོ་ག་ཟེར་བ་དེ་མཚམས་གཅོད་ནས་ཀློག་དགོས་པ་རེད། དེ་ལྟར་བྱས་ན་བོད་སྐད་དང་ཇར་པན་གྱི་སྐད་གཉིས་བསྲེས་པའི་དོན་དག་ཅིག་སྟོན་ཐུབ། རྒྱུ་མ། ཧ་ཡོ་ག ཧ་ཡོ་ག་ཟེར་ན་རེད་དམ་ཟེར་བའི་དོན་རེད། དེས་ན་རྒྱུ་མ་རེད་དམ་ཟེར་བའི་དོན་སྟོན་ཐུབ། ཡིན་ན་ཡང་ahpa ལགས་ཀྱིས་ཀ་མ་པ་ཨོརྡྱན་འཕྲིན་ལས་རྡོ་རཇེ་ཟེར་བ་དེའི་དོན་ཅི་ཡིན་ཤེས་མ་སོང་། འདི་སཾཀྲྀཏ་དང་བོད་སྐད་གཉིས་ཀྱི་ཀློག་ཐབས་གང་ལྟར་བྱས་ཀྱང་ཀློག་ཐུབ་ཀྱི་མི་འདུག དགྱེས་རྡོར་ལ་མཚོན་ན་ཁོང་དམ་ཉམ་ཡིན་མིན་གྱི་ལན་རྒྱག་རྒྱུར་དཀའ་ལས་ཡོད་ཀྱི་མ་རེད་དེ་འདི་ཀློག་མ་ཐུབ་ན་དེ་ལ་ལན་རྒྱག་ཤེས་ཀྱི་མ་རེད་བསམ་གྱི་འདུག ཧ་ཧ། ད་དགྱེས་རྡོར་གྱིས་ཀློག་མི་ཤེས་ནས་མྱང་རྒྱུ་རེད་ཡ།
པདྨ་གེ་སར་དང་བློ་གྲོས་མཐའ་ཡས།
ངས་རྒྱུད་མ་ཧ་ཡོ་ག་ཞེས་པར་རྒྱུ་མ་ཧ་ཡོ་ག་ཞེས་བྲིས་པས་རྗེས་འཇུག་ད་ཡིག་ཆད་པར་ཁྱེད་ཀྱིས་ཐུགས་དགྱེས་ནས་གར་སྟབས་ལིང་ལིང་བསྒྱུར་གི་འདུག་པར་ད་དུང་། ངའི་གོང་བྲིས་ནང་ཚིག་སྦྲོར་མི་བདེ་བ་གཅིག་དང་། དགྱེས་རྡོར་ལ་རྡོར་ཆད་པས་དགྱེས་གཅིག་པུ་དང་།
གཞན་ལ་གཟན། མི་དགོས་ན་ཞེས་པར་མི་དགོས་ཞེས་ན་ཆད། ཁག་ཅིག་གི་ལ་ཁག་ཅིག་གིས་ཞེས་འབྲེལ་བ་བྱེད་པ། ཕྱི་གསང་ནང་གསང་བར་གསང་ལ་ཕྱི་གསང་བར་ནང་གསང་ཞེས་གསང་ཞེས་པ་གཅིག་ཆད་པ་སོགས་ཉེས་པ་གཞན་ཡང་འདུག་པས་ཁྱེད་གཉིས་དགའ་བའི་གླུ་ལེན་སྐྱིད་པའི་བྲོ་ཁྲབ་ནས་བཞུགས་རོགས།
དེ་གཞན་ངས་བྲིས་པ་དེར་བརྗོད་དོན་ཅི་ཞིག་འདུག་དེའི་དོན་ནི་གོ་ཟིན་པ་འདྲ་བས་དེར་ཟད།
པདྨ་གེ་སར་གྱི་དྲི་བར། དེ་ནི་དཔེ་བཞག་པ་ཡིན་ཏེ་འདུལ་བའི་ནང་ནས་བཤད་པའི་རབ་ཏུ་བྱུང་བའི་ཕན་ཡོན་བཅུ་པོ་དང་། དགེ་འདུན་གྱི་རྫས་ལ་མི་དབང་བའི་ཉེས་པ་རྣམས་འདུལ་བའི་ཁྲིམས་ཁས་བླངས་ཞིང་སྡོམ་པ་ལྡན་པ་ལ་འབྱུང་གི་དེ་ལས་གཞན་ལ་ཕན་གནོད་ཀྱི་འབྲེལ་བ་མེད་པ་བཞིན། ནང་རྒྱུད་སྡེ་གསུམ་གྱི་དམ་ཆུ་འཐུང་ཞིང་ལྟ་བསྒོམ་སྤྱོད་པ་ལ་གནས་པའི་གང་ཟག་ལ་གསང་སྒྲོགས་སོགས་ཀྱི་ཉེས་པ་འབྱུང་གི་དེ་ལས་གཞན་ལ་ཉེས་པ་འབྱུང་བ་མེད་དོ།།
ཞེས་པའི་དོན་ཡིན་ལགས།
ལགས་སོ་བློ་གྲོས་མཐའ་ཡས། ཡ། རྒྱུ་མ་རེད་བཞག
མེ་ཏོག་དཀར་པོ་ལགས། འོ། ད་བལྟ་དུས་ཡིག་ནོར་ཤོར་བཞག་པ་རེད་འདུག ཨ་ཙི། ང་ལ་དགའ་སྐྱིད་ཀྱི་ཚོར་བའི་གར་སྟབས་ཞིག་ལྟ་ཅི། ཨ་ཕ་ཟེར་བས་བཤད་པ་ནང་བཞིན་སྐད་ཡིག་གི་སྒྲ་ཟུར་ཉམས་པའི་དིག་ཆོས་དང་ཡིག་ནོར་ཚོ་ག་ཤོར་མི་གོ་བ་ཞིག་གིས་མདོ་སྔགས་ཀྱི་སྡོམ་ཚིག་ས་ཡ་འབུམ་སྡེའི་རྣམ་གྲངས་ཤེས་པར་སྨྲ་བ་ཡ་མཚན་རེ་ཆེ། ། ཧ ཧ དགྱེས་པ་རྡོ་རྗེས་འདི་དག་རིག་གི་ཡོད་པ་འདྲ། ཡོད་ན་་་
ཁ་བརྡའི་དྲྭ་གྲོགས་རྒན་གཞོན། །
རྒན་གཞོན་གོ་རིམ་ལྡན་དགོས། །
ཕ་ཡུལ་ཕོ་མོ་ཆོས་བརྒྱུད། །
རིས་མེད་ལས་ལ་བརྩོན་དང་། །
ཁ་གཏད་ཕ་རོལ་བཞག་ནས། །
ནང་ཁུལ་རྙོག་གླེང་མ་མང་། །
དགྲ་དགའ་གཉེན་སྡུག་ལས་རིགས། །
མཚམས་འཇོག་དུས་སུ་གནོངས་དང་། །
ཀ་རྡོ་རབ་ཏུ་འབྱམས་པ་ལགས། ཁ་བརྡའི་ནང་ན་རྒན་གཞོན་བཀུར་གོ་རིམ་དགོས་སྙམ་ཡང་སུ་རྒན་པདང་སུ་གཞོན་པ་མི་ཤེས་འདུག་པས་ངོ་སྤྲོད་ཅིག་ཞུ།
ཨ་རོགས་མེ་ཏོག་དཀར་པོ་ལགས། ཁྱེད་ཀྱིས་རྗེས་འཇུག་ཆད་པ་ཙམ་གྱིས་ཚད་ཀྱི་མི་འདུག དངོས་གནས་ཡིན་ན་རྒྱུད་མ་ཧཱ་ཡོ་ག་ཟེར་བ་ཞིག་ཡོད་ནི་མ་རེད། མ་ཧཱ་ཡོ་ག་ཟེར་བ་དེ་བརྗོད་བྱའི་དོན་གྱི་ཆ་ནས་བཏགས་པའི་མཚན་ཞིག་རེད། དཔེར་ན་ཀུན་མཁྱེན་བླ་མའི་གྲུབ་མཐའ་མཛོད་ལས། གདུལ་བྱ་ཞེ་སྡང་ཤས་ཆེ་ཞིང་རྟོགས་པ་མང་བ་རྣམས་ཀྱི་ཆེད་དུ་ཐབས་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་བསྐྱེད་པ་མ་ཧཱ་ཡོ་ག་ཞེས་གསུངས་པ་དང་། སེམས་ཉིད་ངལ་གསོ་ལས། མ་ཧཱས་རླུང་དང་བསྐྱེད་རིམ་ཐབས་གཙོ་ལ།། ཞེས་དང་། བཀའ་སྡེ་ཟུར་བའི་ལུགས་ལ། རྒྱུད་ཀྱི་དངོས་པོ་བཅུ་ལ་ཆེད་འཛིན་ཤས་ཆེ་བ་མ་ཧཱ་ཡོ་ག་ཞེས་གསུངས་པ་དང་། ཡང་ཟུར་ཆུང་ཤེས་རབ་གྲགས་པས། ཆོས་ཐམས་ཅད་རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ་ཡོ་ག་ཞེས་དང་། རྡོ་གྲུབ་ཆེན་གྱིས་སྐུ་གསུམ་ལམ་བྱེད་ཀྱི་བསྐྱེད་ཆོག་བསྡུས་པ་མ་ཧཱ་ཡོ་ག་ཞེས་དང་། མི་ཉག་འབྱུང་གྲགས་སོགས་ཀྱིས་བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ་ཞེས་གསུངས་པ་སོགས་དོན་གཅིག་ཏུ་འབབ་ཀྱང་ཐ་སྙད་མཛད་ཚུལ་མི་འདྲ་བ་མང་པོ་ཡོད་པ་ལྟ་བུ་རེད། མ་ཧཱ་ཡོ་ག་ལ་ནང་གསེས་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཟེར་བ་ཡོད་པའི་ནང་གི་རྡོར་སེམས་སྒྱུ་འཕྲུལ་དྲ་བ་ལྟ་བུ་ལ་རྒྱུད་སྒྱུ་འཕྲུལ་དྲ་བ་ཟེར་བའི་མཚན་འཇུག་གི་ཡོད་པ་རེད། ཡ་ད་མང་པོ་མི་བཤད། དུས་ཚོད་མི་འདུག མོག་མོག་ཀྱང་ཚོས་སོང་། སླར་མཇལ།
ཨོ་ཨོ། མ་ཧ་ཡོ་གའི་རྒྱུད་ཅེས་གསུངས་ན་མི་འགྲིག་གམ། རྒྱུད་མ་ཧ་ཡོ་ག་ཟེར་ན་དངོས་གནས་ཐ་སྙད་མི་བདེ་བ་འདུག ནོར་སོང་། ནོར་སོང་།
དགོངས་དག་དང་ཐུགས་རྗེ་ཆེ།
ཧ་ཧ། ད་འདི་ནས་ངས་ངའི་གྲོགས་པ་རྙིང་པ་མེ་ཏོག་དཀར་པོ་ལ་རོགས་པ་ཞིག་མ་བྱེད་ཐབས་མེད་ཆགས་སོང་། ང་འདི་གར་མ་སླེབས་པར་ཟླ་བ་གཅིག་ཙམ་ཕྱིན་སོང་། བཀྲིས་བདེ་ལེགས་མེ་ཏོག་དཀར་པོ།
བློ་གྲོས་མཐའ་ཡས་ཀྱིས་ལུང་ཁུང་མང་པོ་དྲངས་ནས་ཤེས་མདོག་དང་མཁས་མདོག་ལུང་པ་གང་བྱས་འདུག་ཀྱང་རྙིང་མའི་གཞུང་ཅང་མི་ཤེས་པ་འདུག
རྙིང་མ་པས་རྩ་རྒྱུད་གསང་བ་སྙིང་པོའི་མཚན་དོན་བཤད་སྐབས་ཕྱི་ནང་གསང་གསུམ་དང་སྦྱར་ནས་དང་རྒྱུད་ལུང་མན་ངག་གསུམ་དང་སྦྱར་ནས་བཤད་སྲོལ་ཡོད།
རྒྱུད་ལུང་མན་ངག་གསུམ་དང་སྦྱར་དུས། གསང་བ་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ་ཞེས་པ་དེ་ལ་རྒྱུད་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག མན་ངག་ཨ་ཏི་ཡོ་ག་གསུམ་གྱི་དགོངས་དོན་དང་མཐུན་པར་བཀྲལ་རྒྱུ་ཡོད།
དེས་ན་རྙིང་མ་རྣལ་མ་ཞིག་ཡིན་ན་རྒྱུ་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག མན་ངག་ཨ་ཏི་ཡོ་ག་ཞེས་པ་ཁ་ནས་མ་ཎི་བཏོན་བཏོན་བྱས་ད་བྱེད་བཞིན་པ་ཡིན།
ཞེད་མི་དགོས་མེ་ཏོག་དཀར་པོ། དེའི་ཐོག་ལུང་རིགས་གཉིས་ཀྱི་ཐོག་ནས་ངས་ལན་འདེབས་དང་རོགས་སྐྱོར་ཞུ་ཆོག
གཟིམས་འཇམ་པོ་གནང་རོགས།
སྙིང་ནས་བརྩེ་བའི་གྲོགས་པོ་རྣམ་པས་བདག་ལ་མཐོང་ཆེན་དུ་གཟིགས་པ་བཀའ་དྲིན་ཆེའོ། །ཁྱད་པར་བློ་གྲོས་མཐའ་ཡས་དང་པདྨ་གེ་སར་ལ་བཀའ་དྲིན་ཆེ་ཞུ། དེ་མིན་པ་ཚོས་དངོས་རྒྱུད་ཚིག་གི་བསྟོད་སྨད་ཀུན་ལ་དགའ་སྤྲོ་ཆེ་ཞུ་བ་དང་ཅི་འདོད་གསུང་དང་དེ་ཚེ་ཤིང་བཞིན་གནས་པར་བྱ་ཞེས་པའི་དོན་ལ་མཉམ་པར་བཞག་ནས་བཟོད་སྒོམ་བྱ་རྒྱུ་ཡིན་ནོ། ། ང་རང་ནི་དུས་དབང་གིས་གནས་སྐབས་སུ་བྱ་བ་ཙ་ཙིག་འགའ་རེས་མི་ཁོམ་པའི་བྲེལ་བ་ཤིན་ཏུ་ཆེ་བས་དུས་ཐོག་ཏུ་ལན་འདེབས་པའི་དུས་ཚོད་མེད་པས་གྲོགས་པོ་རྣམ་པ་དགོངས་པ་ཚོམས་ཞིག །བྱེ་བྲག་ཏུ་གང་ཟག་མི་གཙོ་ཆོས་གཙོ་བ་ཡིན་ཡང་ང་ཚོ་ཚང་མ་བོད་རིགས་ཞིག་ཡིན་པའི་ཆ་ནས་ཆོས་སྲིད་ཀྱི་ཕྱོགས་ནས་ཀུན་མཐུན་གྱི་ཁ་བརྡ་ཁ་ཁོག་མཚུངས་པ་དང་ངོ་ལྐོག་མེད་པར་ཞིག་དང་། ང་ཚོ་བོད་རིགས་སྤུན་ཟླ་ཚང་མ་ལརིག་མཛོད་ཀྱི་ཁ་བརྡ་དྲ་ཁང་འདི་ཚོ་ཡང་། གླིང་དཀར་དཔའ་བོའི་འདུ་ར་སྟག་ཐང་ཁྲ་མོ་ནང་བཞིན་དུ་བགྲོ་གླེང་དང་སྐྱིད་སྡུག་གི་སྐད་ཆ་བཤད་ས་ཡག་པོ་ཞིག་ཏུ་དུས་རིག་འཕྲུལ་གྱི་དཔལ་ཡོན་ལས་གྲུབ་པ་དེ་བེད་སྤྱོད་པའི་དུས་ཚོད་རེད་འདུག ། དེ་དག་སྐྱ་སེར་ཀུན་པོས་ངོ་ཡག་པོ་ཞིག་ཏུ་ཤེས་ཐུབ་ན་གྲུབ་མཐའ་ཀུན་དང་མདོ་དབུས་ཁམས་གསུམ་ཡང་རིས་སུ་མ་ཆད་པ་དང་ཆོས་ལུགས་ལ་ཡང་ཕྱོགས་རིས་མེད་པར། ཐོབ་དང་རྒྱུ་ནོར་གྱི་གོ་ས་ཙམ་མིན་པར་ཤེས་ཡོན་གྱི་ཕྱོགས་ལ་འབད་ནས། རྒྱ་ཚ་སྐྱེ་ན་གླིང་གི་བུ། །ཇོ་རུ་སྐྱེ་ན་གླིང་གི་བུ་ཞེས་པའི་དོན་བཞིན་དུ། བོད་རིགས་སྤུན་ཟླ་ཆོས་མཆེད་དམ་པ་དང་གྲོགས་པོ་གསར་རྙིང་ཚང་མས་བོད་རང་གི་ཐུན་མིན་བཅུ་ཕྲག་རིག་པའི་གནས་ལུགས་ལ་འབད་བརྩོན་བྱས་ནས་ས་དགེ་བཀའ་རྙིང་བོན་དང་འཇིག་རྟེན་ཡ་རབས་ཀྱི་ལེགས་བཤད་རྣམས་གོང་སྤེལ་དུ་གཏོང་བར་འབད་པར་མཁྱེན་མཁྱེན་མཁྱེན། །དེང་དུས་ང་ལ་དུས་ཚོད་མེད་པ་རེད་མ་གཏོགས་ཡོད་ན་ཅི་ནུས་ཀྱིས་ཐོན་ཡོང་ལགས། ཀུན་ཏུ་རྒྱུ་ཤྲྰིས་སོ། །
མེ་ཏོག་དཀར་པོ་ལགས། དེ་རིང་ནས་བཟུང་ངའི་མིང་ལ་རྩམ་གཟན་ཟེར་གྱིན་མིན། རྡོ་རྗེ་ངང་དཀར། ཟེར་རྒྱུ་ཡིན་པས་ཤེས་པར་གྱིས།
ཧ་ཧ་ཧ་ཧ།
རྩམ་གཟན་ལགས། དང་པོ་དེ་ལ་ཁྱོད་ཀྱིས་ང་ལ་ཆོས་གཏམ་བྱས་པར་བཀའ་དྲིན་ཆེ་ཞུ། དེ་ནས་
((དེས་ན་རྙིང་མ་རྣལ་མ་ཞིག་ཡིན་ན་རྒྱུ་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག མན་ངག་ཨ་ཏི་ཡོ་ག་ཞེས་པ་ཁ་ནས་མ་ཎི་བཏོན་བཏོན་བྱས་ད་བྱེད་བཞིན་པ་ཡིན།))ཟེར་བའི་ཕྱོགས་ནས་ཚིག་འགའ་ཞུ་ན། ཁྱེད་ཀྱི་ཐུགས་ལ་ཁྱེད་ཀྱིས་མཆན་འདི་འདྲ་ཞིག་བྲིས་ན་ཧ་ལམ་ངས་རིག་རྒྱུ་མ་རེད། དེས་ན་རྫུན་ཞིག་བཤད་དགོས་ཀྱི་འདུག་དྲན་ཡོད་པ་འདྲ། ཁ་ནས་མ་ཎི་བཏོན་བཏོན་བྱས་དང་བྱེད་བཞིན་པ་ཕར་ཞོག རྙིང་མའི་གཞུང་གང་ཡང་རུང་བའི་གླེགས་བམ་གཅིག་གི་ནང་དུ་རྒྱུ་མ་ཧཱ་ཡོ་ག་ཞེས་བྲིས་ཡོད་པ་གཅིག་སྟོན་རྒྱུ་ཡོད་ན་ངས་ཁྱེད་ལ་དཔའ་དར་གྱི་སྟོན་མོ་ཐེངས་བཅུ་བཤམས་ཆོག ཞོར་ལ་མེ་ཏོག་དཀར་པོ་ཡང་གདན་འདྲེན་ལོས་ཞུ། འདིར་ཡོད་ཀྱི་དྲ་གྲོགས་རྣམས་པ་དཔང་པོ་ཡིན། མདོ་སྒྱུ་སེམས་གསུམ་ཟེར་བའི་ཐ་སྙད་དེའི་ནང་གི་སྒྱུ་ནི་ངས་གོང་དུ་བཤད་པ་བཞིན་རྒྱུད་སྒྱུ་འཕྲུལ་དྲ་བ་ཟེར་བའི་བསྡུས་ཚིག་རེད། དེ་ནི་ས་མགོ་ཡིན་པ་ལས་ར་མགོ་མིན། མདོར་ན་ར་མགོ་ཅན་གྱི་རྒྱུ་མ་ཧཱ་ཡོ་ག་ཟེར་བ་ཞིག་དང་། ཡང་ན་མདོ་རྒྱུ་སེམས་གསུམ་ཞེས་ར་མགོ་བྲིས་ཡོད་པ་གཅིག་ཡོད་ན་ཁྱེད་ལ་སྟོན་མོ་ཐེངས་བཅུ་ཟ་རྒྱུ་ཡོད་ལགས། ཁོ་བོའི་ལག་ཏུ་སྒྱུ་འཕྲུལ་གསང་སྙིང་གི་འགྲེལ་བ་ཉི་ཤུའི་མི་ཚད་པ་ཞིག་ཡོད་པས། ཁྱེད་ཀྱིས་སྔར་གཟིགས་མྱོང་བའི་ར་མགོ་ཅན་གྱི་རྒྱུ་དེ་གང་ན་ཡོད་ན་གཞུང་དེའི་མཚན་སྨྲོས་དང་ངས་ཁྱེད་ལ་འཚོལ་རོགས་བྱེད་ཆོག ད་དུང་སྤྱི་མདོ་དགོངས་འདུས་ཀྱི་འགྲེལ་བ་དང་རྫོགས་སྐོར་ཀྱི་ཡིག་ཆ་བོད་ལ་ད་སྐབས་གང་ཞིག་ཡོད་པ་ཕལ་ཆེར་ང་ལ་ཡོད་པས་ཁྱེད་ལ་ཡིག་ཆའི་དཀའ་ངལ་མི་ཡོང་ལགས། དེ་མིན་ངས་མཁས་མདོག་བྱས་པ་མིན་ཏེ་ང་ནི་ནམ་རྒྱུན་ཟབ་པ་ཀུ་སུ་ལའི་ལུགས་དང་རྒྱ་ཆེ་བ་པཎ་ཊིའི་ལུགས་གཉིས་ལས་ཕྱི་མ་ལྟར་ཆོས་བཤད་མཁན་ཞིག་ཡིན་པས་ཁ་སྐྱག་ལངས་ལ་ཤོར་བ་རེད། ཧ་ཧ་རྩེད་མོ་ཡིན། དེ་ནས་དགྱེས་རྡོར་མཆོག་གིས་ང་ལ་མཁན་སྤྲུལ་ཞེས་གསུངས་འདུག་པ་དེ་མི་གཞན་ལ་ནོར་བ་འདྲ། ང་ནི་ཁྱེད་དང་བླ་མ་གཅིག་པའི་མཆེད་གྲོགས་རྒད་པོ་དེ་ཡིན་ལགས།
ན་མོ་གུ་རུ་ས་མནྟ་བྷ་དྲ་ཡེ། །
ཀུན་ལ་ཕན་བདེའི་ཐབས་ཤེས། །
ཀུན་ཏུ་བཟང་པོའི་རིག་པ། །
ཀུན་མཁྱེན་རྒྱལ་བའི་དགོངས་དོན། །
ཀུན་གྱིས་རྟོགས་པར་གྱུར་ཅིག །
མཁན་སྤྲུལ་བློ་གྲོས་མཐའ་ཡས་ལགས། ང་རང་གིས་ཨ་ཕ་དང་ཨ་མའི་སྤྲུལ་པ་དང་འཁྲུལ་བ་ཚང་མ་ཤེས་ཀྱིན་མེད་ཀྱང་ཁྱེད་ལྟ་བུ་དག་ལ་དམིགས་བསལ་གྱི་རྨི་ལམ་རེ་རྨིས་སོང་ངོ་། །མ་ཚད་ད་ལོ་ཡིན་ན་བོན་གྱི་སྤྲུལ་སྐུ་ཞིག་ཀྱང་ངོས་འཛིན་བྱས་ཡོད་ལགས། བཀུར་འོས་པ་མཆོག་ལ་མདོ་སྔགས་རབ་འབྱམས་ལ་མཁས་པ་དང་། ཁྱད་པར་བཀའ་གཏེར་དག་སྣང་ལ་བཀའ་བབས། དད་དམ་འགྱུར་བ་མེད་པའི་ངེས་ཤེས་ཅན་གྱི་མཆེད་པོ་དམ་པ་ཁྱེད་ལ་ཤེས་ཡོན་གྱིས་ཕྱུག་པས་མཁན༵་པོ་དང་། ང་ཡིས་ཁ་སྔོན་མཆོག་ལ་འཕྲིན་ཐུང་ཞིག་འཕུལ་བ་བཞིན་རང་གི་རྨི་ལམ་སྒྱུ་མའི་སྣང་བ་ལས། མཆོག་ཉིད་ཐོན་མའི་ཕྱག་རྒྱ་ཅན་དུ་སྣང་བར་སྤྲུལ༵་བའི་ཞིང་ཁམས་ཞིག་ནས་མཇལ་བ་ཡིན་པས་ན་མཁན་སྤྲུལ་ཞེས་གུས་པའི་ཞེ་ས་དང་དོན་གྱི་མཁན་སྤྲུལ་ལམ་སློབ་དཔོན་དམ་པ་རུ་མཐོང་ནས་ཞུས་པ་ཡིན་ལགས། །
ཞབས་བརྟན་གསོལ་འདེབས་རྡོ་རྗེ་ཕ་ལམ་ཞེས་བྱ་བ། །
ཨོཾ་སྭ་སྟི། །
བཀའ་གཏེར་ཟབ་རྒྱས་དེ་ཉིད་ཇི་བཞིན་མཐོང་། །
མདོ་སྔགས་འཆད་ཉན་སྒོམ་པའི་ཕྲིན་ལས་ཅན། །
གསང་གསུམ་ཐབས་ཤེསདཔལ་ལྡན་དགེ་བའི་བཤེས། །
ཀུན་བཟང་རྡོ་རྗེ་འཆང་དབང་ཞབས་བརྟན་གསོལ། །
ཐོལ་བྱུང་དུ་ཤྲྰི་ཨ་ནནྟ་བཛྲས་སྨོན་པའོ། །
མེ་དཀར་ལགས་སུ།
ཀརྡོ་རང་མིང་ཡིན་ལགས། །
ཕ་མས་བཏགས་པའི་བསྡུས་མིང་། །
རབ་འབྱམས་ཚིག་ལ་བརྟེན་ནས། །
གནས་ལྔའི་རིག་པ་མཇལ་སོང་། །
བོན་བསྟན་ང་ཡིས་མི་ཤེས། །
ས་དགེ་བཀའ་རྙིང་བུ་ཇོ། །
ཞི་བྱེད་སོགས་ལ་མོས་པས། །
ཆོས་བརྒྱུད་རིས་མེད་གཅིག་ལགས། །
ཨ་ལ་ལ་ཧོ།
དགྱེས་པ་རྡོ་རྗེ་ཕེབས་བྱུང་། །
བཀའ་སློབ་ཞབས་བརྟན་གསུངས་ནས། །
ཐུགས་ལ་ཁྲོ་འཛིན་མེད་པར། །
ཤིང་བཞིན་དཔེ་ཡིས་བསྟན་སོང་། །
ཨ་ཕས་དབྱིན་ཡིག་བྲིས་ནས། །
ཁ་ཆེ་སྣ་རྫོད་བཤད་པའི།
གངས་ལྷའི་ཚིག་གྲོགས་གཡར་བཞག །
གངས་ཅན་བླ་མ་ཡིན་ནམ། །
མེ་རྩམ་རྒྱུ་ལུང་ཨེ་ཚོས། །
བློ་གྲོས་མོག་མོག་ཚོས་འདུག །
ཀ་རྡོ་ཁ་སེམས་མཐུན་ན། །
མཉམ་ཟ་བྱེད་ན་ཆོག་ཡ། །
པདྨ་གེ་སར་ང་ལ། །
བདེ་སྐྱིད་ཉི་མ་ཤར་སོང་། །
དགྱེས་རྡོར་དྲ་གྲོགས་ཚང་མར། །
ཇ་འདྲེན་རྒྱུ་འདྲེན་ཞུ་ཡ། །
རྡོ་རྗེ་ངང་དཀར་ལགས། བཀྲ་ཤིས་བདེ་ལེགས་ཡོད།
གོ་བ་ལྷན་པ་དང་འདྲ་སྟེ་གོག་ནས་འགྲོ་ཟེར་བ་ལྟར་ལོ་ཤས་ནང་སྔ་མོ་སློབ་སྦྱོང་བྱས་པ་རྣམས་བརྗེད་ཚར་འདུག
གྲོགས་རྩམ་དགས།
རྒྱུད་ལུང་མན་ངག་གསུམ་དང་སྦྱར་དུས། གསང་བ་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ་ཞེས་པ་དེ་ལ་རྒྱུད་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག མན་ངག་ཨ་ཏི་ཡོ་ག་གསུམ་གྱི་དགོངས་དོན་དང་མཐུན་པར་བཀྲལ་རྒྱུ་ཡོད། ཅེས་པ་དེ་ངས་ནོར་མེད་ན་དེ་བདེན་པར་གོ །འདི་དང་མདོ་སྒྱུ་སེམས་གསུམ་གཉིས་གཅིག་ཏུ་འཕྲུལ་པར་མི་བྱ་སྟེ། དང་པོ་དེ་ནང་རྒྱུད་སྡེ་གསུམ་རེ་རེ་མཚན་ཆ་ཚང་བ་ནས་སྨོས་པ་དང་། ཕྱི་མ་ནི་མདོ་ཞེས་པས་ཨ་ནུ་ཡོ་ག་ལས་མདོ་དགོངས་པ་འདུས་པ། སྒྱུ་ཞེས་པས་མ་ཧ་ཡོ་ག་ལས་རྒྱུད་སྒྱུ་འཕྲུལ་དྲ་བ། སེམས་ཞེས་པས་ཨ་ཏི་ཡོ་ག་ལས་སེམས་སྡེ་མ་བུ་བཅོ་བརྒྱད་དམིགས་གསལ་དུ་ཕྱེ་ནས་བསྟན་པས་ན་ཆོས་འབྱུང་སོགས་སུ་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་དར་མ་དར་བཤད་པ་དེ་དོན་ལ་ནང་རྒྱུད་སྡེ་གསུམ་ལ་གོ་བ་མིན་ནམ།
ཕལ་ཆེར་བློ་གྲོས་མཐའ་ཡས་ལགས་ཀྱིས་སྟོན་མོ་ཞིག་དྲངས་དགོས་ཐུག་ས་རེད་ཡ།
བློ་གྲོས་ལགས། རྩམ་དགས་རྒྱུད་མ་ཧ་ཡོ་ག་ལས་རྒྱུ་མ་ཧ་ཡོ་ག་བྲིས་མིན་འདུག་པས་ང་ཚོས་རྩད་གཅོད་རྒྱུ་དེ་རྒྱུད་མ་ཧ་ཡོ་ག་ཞེས་པ་ཡོད་མེད་ལས་གཞན་མིན་པས་དོན་མེད་ཚིག་གི་ལོ་སྐམ་ལ་དུས་མི་གྲོན་པ་གནང་དགོས།
བློ་གྲོས་མཐའ་ཡས་ཀྱིས་གསུང་པ་དེ་ལ་ཡི་རང་དང་སྐྱབས་སུ་མཆིའོ། མེ་ཏོག་དཀར་པོ་དང་རྡོ་རྗེ་ངང་དཀར་ཁྱེད་ཚོས་གསང་སྒྲགས་མི་ཉན་ལབ་ལབ་ནས། ད་ཡིན་ན་ནང་རྒྱུད་ཡོ་ག་སྡེ་གསུམ་ལ་ཡང་བགྲོ་གླེང་བྱེད་ཆོག་པའི་སྒོ་སྐལ་བཟང་པོ་དེ་བློ་གྲོས་མཐའ་ཡས་དང་དགྱེས་པ་རྡོ་རྗེས་གནང་བཞག ད་ནི་ཐེ་ཚོམ་མེད་པར་སྔ་འགྱུར་རྙིང་མའི་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་བརྫོད་དང་རྗོད་བྱེད་ལ་ཐོས་བསམ་ཡང་དག་ཅིག་དྲྭ་ཐོག་ནས་གནང་དང་ང་འདྲ་བ་དག་ལ་སྐལ་བ་བཟང་པོ་ཤར་ས་རེད། དེ་མིན་སྟོན་མོ་ཞིག་དང་ཟ་རྒྱུ་ཁོ་ན་ལ་རེ་ནས་ཁ་ནས་མ་ཎི་འདོན་འདོན་དེ་རྒྱུ་མ་རྒྱུ་མ་བཤད་ཀྱིན་ཡོད་དམ། རྒྱུད་སྡེ་གསར་རྙིང་གི་ལྟ་སྒོམ་ཞིག་ཕར་ཞོགས། ས་སྒྱུ་དང་ར་རྒྱུ་ཙམ་ལ་་ཡང་གོ་བ་ལེན་ཐུབ་མི་འདུག ད་སྔོན་ཁྱེད་ཚོ་སྔ་འགྱུར་རྙིང་མ་པ་ཞིག་ཡིན་འདོགས་བཤད་པ་དེ་ཚོ་རྒྱུ་མ་དང་ལུང་ཁ་ཨ་ལོས་ཙམ་དུ་གོ་མ་སོང་ངམ། ། རྩམ་གཟན་ཁྱེད་གཉིས་ཀྱིས་ཤོད་དང་དྭོགས་པ་དང་དྲི་བ་རེ་ཡོད་པས་དེ་དུས་སྤོ་ཐུང་མ་འགྲོ་ཨྰ།
ཨ་ཙི། ཨ་ཙི། པདྨ་གེ་སར། དགའ་བ་དང་སྐྱབས་སུ་མཆི་སྐྱབས་སུ་མཆི། མ་དགའ་བ་དང་ས་སྒྱུ་དང་ར་རྒྱུ་མ་ཤེས་སོ་ཞེས་གཤེ་གཤེ་གཏོང་ལུགས་ལ་གཞིག་ན་ཉིད་ཀྱང་དེ་ཙམ་གྱིས་སྐྱེས་པ་ཕོ་ཡི་ངང་ཚུལ་དང་ལྡན་པ་ཞིག་ཏུ་མ་མཐོང་།
ཁྱེད་ཀྱིས་གོ་ཐུབ་པའི་རེ་བ་ཞིག་ལ་ང་ཚོས་ད་ལྟ་རྒྱུད་སྡེ་ཞིག་གི་མཚན་གྱི་སྐོར་ལས་གསང་བར་འོས་པའི་རྫོགས་ཆེན་གྱི་ལྟ་བསྒོམ་སོགས་ཟུར་ཙམ་ཡང་བཤད་མེད་པས་སྐྱོན་མེད་དྲན།
རྩམ་དགའ་ངེད་གཉིས་ཀྱིས་སྔོན་དུ་སྔ་འགྱུར་རྙིང་མ་ཡིན་མདོག་བཤད་སོགས་ཁྱེད་ཀྱིས་གང་ཞིག་བཤད་རྩིས་བྱེད་གི་ཡོད།
ཆོ་མེད་པའི་ཉག་ཉོག་མང་པོ་མ་བཤད་ཨེ་གོ
ཧ་ཧ།
ཕོ་མཆོག་དང་མོ་དམན་གྱི་བཤད་སྟངས་ལ་བལྟས་ན་གསང་ཆེན་དམ་ཚིག་ཤེས་མཁན་དང་སྒྲུབ་མཁན་ཡིན་པ་སྟོན་འདུག་གྰ མིང་ཚིག་ཙམ་ལེགས་པོ་མ་ཤེས་པའམ་མ་དྲན་པ་ཞིག་གི་དོན་བཤད་ནུས་སམ། རྩམ་གཟན་ཁྱེད་གཉིས་ལ་ལུང་རིགས་ཤིག་ལབ་འདོགས་ཡོད་པ་དེ་ཁ་ཚུམས་ཟེར་བ་དེ་རེད་དམ། རིགས་ཀྱི་བུ་དང་རིགས་ཀྱི་བུ་ཞེས་ཁྱོད་ཀྱིས་འདོད་པའི་སྡེ་སྣོད་གསུམ་པོ་ལས་བཤད་པར་མ་མཐོང་ངམ།
པདྨ་གེ་སར་ལགས།
ཁྱེད་ཀྱིས་ཅི་ཞིག་བཤད་གི་ཡོད་པ་ཤེས་མ་སོང་ལ་ཤེས་འདོད་ཀྱང་མེད།
གང་ལྟར་སྐུ་ཚེ་བརྟན་ཅིང་བསམ་དོན་འགྲུབ་པའི་སྨོན་ལམ་ཡོད།
མེ་ཏོག་དཀར་པོས་སྨོན་ལམ་བཏབ་པ་བཀའ་དྲིན་ཆེ་ཡང་། དྲི་བ་དེ་ཚོ་ལ་ལན་རེ་ཡོད་ན་སྙམ། སྨོན་ལམ་བརྒྱ་ལས་རྒྱུད་ཚིག་རེའི་དོན་དག་གོ་ན་ཡག་ཤོས་རེད་བསམ་ནས་སྒུག་སྡད་ཡོད། ད་ཉལ་རན་ཐལ། ནམ་ཕྱེད་ཟིན་སོང་བས་གཟིམ་ས་བདེ། ། རྗེས་སུ་མཇལ་ཡོང་་་་
ད་ལྟ་འདི་ནས་ངས་དཀའ་ངལ་མང་པོ་ཞིག་བརྒྱབ་ནས་གསལ་བཤད་ཆ་ཚང་ཞིག་བྲིས་ཟིན་ནའང་བཏང་མ་ཐུབ་པར་ཟུབས་ཤོར་སོང་།
བློ་གྲོས་མཐའ་ཡས་ཀྱིས་མཆན་༡༠༦ ནང་།
༼ཨ་རོགས་མེ་ཏོག་དཀར་པོ་ལགས། ཁྱེད་ཀྱིས་རྗེས་འཇུག་ཆད་པ་ཙམ་གྱིས་ཚད་ཀྱི་མི་འདུག དངོས་གནས་ཡིན་ན་རྒྱུད་མ་ཧཱ་ཡོ་ག་ཟེར་བ་ཞིག་ཡོད་ནི་མ་རེད། ༽
མེ་ཏོག་དཀར་པོས་མཆན་༡༠༧ ནང་།
༼ཨོ་ཨོ། མ་ཧ་ཡོ་གའི་རྒྱུད་ཅེས་གསུངས་ན་མི་འགྲིག་གམ། རྒྱུད་མ་ཧ་ཡོ་ག་ཟེར་ན་དངོས་གནས་ཐ་སྙད་མི་བདེ་བ་འདུག ནོར་སོང་། ནོར་སོང་།
དགོངས་དག་དང་ཐུགས་རྗེ་ཆེ།༽
ཁྱེད་གཉིས་ཀྱི་དཔང་པོའི་ཚུལ་དུ་ངས་འདི་དྲངས་འདོད་བྱུང་།
ཀུན་མཁྱེན་མི་ཕམ་བླ་མའི་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས། དེ་ལྟ་བུའི་གསང་སྔགས་ནང་གི་རྒྱུད་མ་ཧཱ་ཡོ་ག་དེ་ལ་ནང་གསེས་སུ་དབྱེ་ན་རྒྱུད་ཀྱི་རྣམ་གྲངས་ཚད་མེད་པ་ཡོད་དེ། ཞེས་གསུངས་པའི་ཕྱིར་རོ།།
༼རྒྱུད་མ་ཧཱ་ཡོ་ག༽༼རྒྱུད་མ་ཧཱ་ཡོ་ག༽༼རྒྱུད་མ་ཧཱ་ཡོ་ག༽༼རྒྱུད་མ་ཧཱ་ཡོ་ག༽༼རྒྱུད་མ་ཧཱ་ཡོ་ག༽
ཧ་ཧ་བློ་གྲོས་མཐའ་ཡས། ཁྱེད་ཀྱི་གསང་སྙིང་འགྲེལ་པ་ཉི་ཤུ་གང་ན་ཐལ།
གྲོགས་པོ་དག་ར་རྒྱུ་ས་སྒྱུ་རྩོད་པ་རྩེད་མོ་ཙམ་ལས་ཅང་མེད་ཀྱང་། འདི་ན་འགའ་རེས་དོན་ལ་ཡང་ཅུང་ཟད་ནོར་བ་ཤོར་གི་ཡོད་པ་འདྲ། རྒྱུད་ལུང་མན་ངག་གསུམ་བཤད་སྐབས་རྒྱུད་མ་ཧཱ་ལྟར་བཤད་པ། ལུང་ཨ་ནུ་ལྟར་བཤད་པ། མན་ངག་རྫོགས་པ་ཆེན་པོ་ལྟར་བཤད་པ་ཞེས་ཡོངས་ལ་གྲགས་པ་ཞིག་རེད། དེ་ནི་མ་ཧཱ་ཡོ་ག་ཞེས་པའི་རྒྱུད་བྱེ་བྲག་པ་སྟོན་པའི་དོན་མིན་པར་རྒྱུད་སྒྱུ་འཕྲུལ་མ་ཧཱ་རང་གཞུང་ལྟར་དང་། མདོ་བཞི་སྤྱི་མདོ་དང་བཅས་པའི་ལུང་ཨ་ནུ་ཡོ་ག་ལྟར་དང་། སེམས་ཀློང་མན་ངག་རྣམས་རྫོགས་པ་ཆེན་པོ་རང་རྐང་ལྟར་འཆད་ཅེས་པའི་དོན་རེད། དེ་མིན་རྒྱུད་མ་ཧཱ་ག་དང་། རྒྱུད་ཨ་ནུ་ཡོ། རྒྱུད་རྫོགས་པ་ཆེན་པོ་ཞེས་པའི་དོན་མིན་ནོ།།
དགོངས་དག། རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག་ཞེས་པ་གཉིས་ཡི་གེ་ཆད་སྐྱོན་ཤོར་འདུག
སྔ་འགྱུར་གྱི་མཁན་སྤྲུལ་མང་པོར་འདི་ལྟར་བཤད་པ་མི་འོས་ཀྱང་། རྒད་པོ་ཡི་གེ་གང་ཡིན་ཀློག་རྒྱུར་གོམས་པའི་མཐོང་ཐོས་ཙམ་ཡིན།
རེད་ཡ།
ནང་རྒྱུད་སྡེ་གསུམ་བཤད་སྐབས་ཡིག་ནོར་རེ་མ་གཏོགས་དོན་ལ་ཚང་མས་བཤད་པ་འགྲིགས་ཡོད་པ་འདྲ། འདི་ན་མཁས་པ་མང་པོ་འདུག ཐུགས་རྗེ་ཆེ།
པདྨ་གེ་སར་ལགས། ཁྱེད་ཀྱི་དྲི་བ་དེ་གང་ཡིན་མ་ཤེས་སོ།།
ཧ་ཧ་ཧ་ཧ། རྡོ་རྗེས་ངང་དཀར་ལགས།
དང་པོ་ཁྱེད་ཀྱིས་ངའི་མཆན་དེ་ཀློག་ནོར་མེད་པ་ཞིག་ཀློག་ནས་དེ་རྗེས་ལན་གནང་རོགས། ལྟོས་དང་། གཤམས་ཀྱི་གུག་རྟགས་ནང་དུ་ཡོད་པ་འདི་ངའི་སྔ་རྒོལ་རེད།
༼ དེས་ན་རྙིང་མ་རྣལ་མ་ཞིག་ཡིན་ན་རྒྱུ་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག མན་ངག་ཨ་ཏི་ཡོ་ག་ཞེས་པ་ཁ་ནས་མ་ཎི་བཏོན་བཏོན་བྱས་ད་བྱེད་བཞིན་པ་ཡིན།༽
ཨོ་ཡ། དེ་ནས་ཡང་གཤམས་ཀྱི་གུག་རྟགས་ནང་དུ་ཡོད་པ་འདི་ངའི་ལན་རེད།
༼ རྙིང་མའི་གཞུང་གང་ཡང་རུང་བའི་གླེགས་བམ་གཅིག་གི་ནང་དུ་རྒྱུ་མ་ཧཱ་ཡོ་ག་ཞེས་བྲིས་ཡོད་པ་གཅིག་སྟོན་རྒྱུ་ཡོད་ན་ངས་ཁྱེད་ལ་དཔའ་དར་གྱི་སྟོན་མོ་ཐེངས་བཅུ་བཤམས་ཆོག མདོ་སྒྱུ་སེམས་གསུམ་ཟེར་བའི་ཐ་སྙད་དེའི་ནང་གི་སྒྱུ་ནི་ངས་གོང་དུ་བཤད་པ་བཞིན་རྒྱུད་སྒྱུ་འཕྲུལ་དྲ་བ་ཟེར་བའི་བསྡུས་ཚིག་རེད། དེ་ནི་ས་མགོ་ཡིན་པ་ལས་ར་མགོ་མིན། མདོར་ན་ར་མགོ་ཅན་གྱི་རྒྱུ་མ་ཧཱ་ཡོ་ག་ཟེར་བ་ཞིག་དང་། ཡང་ན་མདོ་རྒྱུ་སེམས་གསུམ་ཞེས་ར་མགོ་བྲིས་ཡོད་པ་གཅིག་ཡོད་ན་ཁྱེད་ལ་སྟོན་མོ་ཐེངས་བཅུ་ཟ་རྒྱུ་ཡོད་ལགས།༽
ཡང་དེ་ནས་རྒྱུད་མ་ཧཱ་ཡོ་ག་སོགས་ཀྱི་སྐོར་ལ། ངས་རྒྱུད་མ་ཧཱ་ཡོ་ག་ཟེར་བའི་ཁེར་ཚུགས་ཤིག་ཡོད་ནི་མ་རེད། མ་ཧཱ་ཡོ་ག་ཟེར་བ་དེ་དོན་གྱི་ཆ་ནས་བཏགས་པའི་མིང་ཞིག་རེད། དེ་ལ་ནང་གསེས་ཀྱི་རྒྱུད་མང་པོ་ཡོད་པ་རེད་ཅེས་བཤད་པ་ཡིན། བླ་མ་མི་ཕམ་གྱི་གསུངས་པ་དེ་ངའི་གཏམ་གྱི་རྒྱབ་སྐྱོར་དུ་སོང་འདུག་གཱ ཡང་བསྐྱར་གཟིགས་ནས་ཞིག་ཀློག་ཅིག་གྱིས་དང་། དེ་ལྟ་བུའི་གསང་སྔགས་ནང་གི་རྒྱུད་མ་ཧཱ་ཡོ་ག་དེ་ལ་ནང་གསེས་སུ་དབྱེ་ན་རྒྱུད་ཀྱི་རྣམ་གྲངས་ཚད་མེད་པ་ཡོད་དེ། ཞེས་གསུངས་འདུག་གཱ༽ ༼རྒྱུད་མ་ཧཱ་ཡོ་ག་དེ་ལ་ནང་གསེས་སུ་དབྱེ་ན།༽ ༼ དེ་ལ་ནང་གསེས་སུ་དབྱེ་ན ༽ ༼ དེ་ལ་ནང་གསེས་སུ་དབྱེ་ན ༽ ༼ དེ་ལ་ནང་གསེས་སུ་དབྱེ་ན ༽ ༼ དེ་ལ་ནང་གསེས་སུ་དབྱེ་ན ༽ ༼ དེ་ལ་ནང་གསེས་སུ་དབྱེ་ན ༽ ཧ་ཧ་ཧ། ད་བདེ་མོ། སང་ཉིན་མཇལ།
ཧ་ཧ་ཧ། བློ་གྲོས་མཐའ་ཡས་ལགས།
འདི་ཁྱོད་ཀྱི་སྐད་ཆ་མ་རེད་པས།
༼དངོས་གནས་ཡིན་ན་རྒྱུད་མ་ཧཱ་ཡོ་ག་ཟེར་བ་ཞིག་ཡོད་ནི་མ་རེད། ༽
ང་ཚོས་ནམ་ཞག་རྒྱུན་དུ་རྒྱུད་མ་ཧཱ་ཡོ་ག ལུང་ནུ་ཡོ་ག མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཟེར་ནས་བགྲང་གི་ཡོད།
རྒྱུ་མ་ཧཱ་ཡོ་ག་ཟེར་ནས་ངས་ད་རྗེས་འཇུག་གཅིག་ཆད་སོང་བ་ལ་སྙེད་ནས་མང་པོ་ཞིག་བཤད་པ་ནི་དུས་ཚོད་ཆུས་ཟོས་རང་རེད།
དེ་ཙམ་ལ་ཕུག་མེད་ན་མཚམས་འཇོག་ན་ལེགས།
མེ་དཀར་ལགས་ཐུགས་བདེ་པོ་གྱིས།
རང་ཚུགས་ཅན་ཟེར་བ་བདེན་གྲུབ་འདྲ་ལ་ཟེར་ན་བདེན། དེ་མིན་རང་ཚུགས་ཟེར་བ་ལ་དམིགས་གསལ་གང་གོ་རྒྱུ་འདུག
རྒྱུད་མ་ཧཱ་ཡོ་ག་ཟེར་བ་ཞིག་ཡོད་པ་ནི་འཇམ་མགོན་མི་ཕམ་པའི་ལུང་གི་གྲུབ་པ་གོང་ཞུས་ལྟར་ཡིན།
ཁྱོད་ཀྱི་གསང་སྙིང་གི་འགྲེལ་པ་༢༠ དེ་དགེ་བཤེས་པུ་ཏོ་བ་འདྲ་པོ་རྐྱང་གི་བརྩམས་པ་ཞིག་ཡིན་པ་འདྲ་རྙིང་མའི་ཆོས་སྐད་ཅང་མེད་མཁན་དེ་འདྲའི་གཞུང་།
ད་སྐུ་མཁྱེན། ཁ་བཙུམས་རོགས། ཁྱོད་ཚོས་བླ་མའི་མདུན་ནས་ངོ་མ་འཕྲོད། མཆེད་གྲོགས་ཀྱི་དྲུང་ནས་སྒྲོ་འདོགས་མ་ཆོད། རི་ཁྲོད་དུ་བསྒོམས་ནས་ཐག་མ་ཆོད་པ་ཞིག་དྲ་ཐོག་འདི་ན་ཁ་རྒྱགས་བཤད་སྤྱད་བྱས་ནས་ཅིག་བློ་སྐྱེད་ཅིག་རག་མི་ཡོང་།
ད་དོན་གྱི་བབ་ས་གཅིག་རེད་འདུག བློ་གྲོས་ཁྱེད་ཀྱི་སྔ་རྒོལ་དེ་ཁྱེད་ཀྱིས་རྟོག་གཟོ་ཙམ་ལས་དེ་འདྲ་འདོད་མཁན་སུ་གཅིག་མིན་འདུག ངས་རྗེས་འཇུག་ད་ཆད་པར་ཁས་བླངས་ཞིང་དེ་ཁྱེད་ཀྱིས་ཀྱང་མཁྱེན་ཚར་སོང་།
མཆན་བུ་ ༡༠༦ ནང་ཨ་རོགས་མེ་ཏོག་དཀར་པོ་ལགས། ཁྱེད་ཀྱིས་རྗེས་འཇུག་ཆད་པ་ཙམ་གྱིས་ཚད་ཀྱི་མི་འདུག དངོས་གནས་ཡིན་ན་རྒྱུད་མ་ཧཱ་ཡོ་ག་ཟེར་བ་ཞིག་ཡོད་ནི་མ་རེད།
འདི་བྲིས་མཁན་སུ་རེད། བློ་གྲོས་ཁྱེད་ཀྱིས་སྟོན་མོ་བཅུ་གང་ཤེས་ཏེ་ཚར་གཅིག་དྲངས་དགོས་ངེས་ཅན་རེད།
ངས་ཀྱང་རྒྱད་མ་ཧ་ཡོ་ག་ཟེར་ན་བརྗོད་མི་བདེ་བ་ཞིག་འདུག་དྲན་སོང་སྟེ་རྡོ་རྗེ་ངང་དཀར་གྱིས་གསལ་བཤད་རྗེས་རྒྱུད་ལུང་མན་ངག་གསུམ་གྱིས་གསང་སྙིང་འཆད་སྐབས་རྒྱུད་མ་ཧ་ཡོ་ག་ཞེས་གསུངས་པར་ངེས་ཤེས་རྙེད་སོང་།
ཡོངས་གྲགས་ལ་བསྐྱེད་པ་མཧ་ཡོ་ག རྫོགས་པ་ལུང་ཨ་ནུ་ཡོ་ག རྫོགས་ཆེན་ཨ་ཏི་ཡོ་ག་ཞེས་པ་མ་ལགས་སམ།
བསྡུས་ན་བསྐྱེད་རྫོགས་རྫོགས་ཆེན་གསུམ་ཞེས་སོ།།
གྲོགས་པོ་ཚོ། ཁྱོད་ཚོས་དེ་འདྲ་རྒྱུད་དོན་བཤད་བསམ་ངས་ཁྱོད་ཚོར་གཅིག་འདྲི། གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་ཏེ་ ཞེས་པའི་དོན་གང་ཡིན་ནམ། གབ་པའི་གསང་བ་དང་སྦས་པའི་གསང་བ་གཉིས་ཀྱི་ཁྱད་པར་མ་འདྲེས་པར་ཞོག
ཧ་ཧ་
དེ་བློ་གྲོས་མཐའ་ཡས་ཀྱིས་མེ་དཀར་ལ་དགོངས་དག་ཞུ་རན་འདུག་ག
མེ་ཏོག་དཀར་པོ་ལགས། ཁྱེད་ཀྱིས་ཅི་ཞིག་བཤད་གི་ཡོད་པ་ཤེས་མ་སོང་ལ་ཤེས་འདོད་ཀྱང་མེད།
ཅེས་གསུངས་འདུག་ཀྱང་ད་ཡིན་ན་ཁྱེད་ཀྱིས་ཤེས་འདོད་དང་བཤད་འདོད་ཡོད་པ་ཡིན་ཡང་ང་ཡི་དྲི་བ་གང་ཡིན་མ་ཤེས་པ་ཡིན་ནམ། ཡིན་ན་གོང་གི་གམ་ངམ་དམ་ནམ་སོགས་ཀྱི་དྲི་ཚིག་དེ་ཚོར་སྤྱན་གཟིགས་རེ་གནང་དང་ཧ་གོ་ས་ཡོད་ལགས། ཁྱད་པརཁྱེད་འདྲ་མཁས་པ་ཚོས་རྒྱུ་མ་ཧ་ཡོ་ག་གསུང་དུས་ནས་མགོ་རྨོངས་སོང་། དེ་དག་ལ་ལན་རེ་ཡོད་ན་དགའ་བསུ་ཡོད།
སམ་དམ་ནམ་གསུམ་མཐོང་སོང་སྟེ་ད་དུང་དོན་གོ་མ་སོང་། ཁྱེད་ལོས་བདེན་རྒྱུད་ལ་རྒྱུ་བྲིས་པ་ངས་ནོར་སོང་བ་རེད། དེ་མ་ཐག་ཏུ་ནོར་བ་ཁས་ལེན་བྱས་ཟིན་སྟབས། ཤི་བའི་རོ་དང་ཕྲད་པ་ན། །
ཁྭ་ཡང་མཁའ་ལྡིང་ལྟ་བུ་སྤྱོད། །ཅེས་པ་ལྟར་མ་འགྲོ་ན་རྗེས་འདུག་ད་གཅིག་ཆད་པར་ད་དུང་ཧུང་ཧུང་དང་ཕཊ་ཕཊ་ལབ་ནས་བཞུགས་རོགས་མཛོད།
ད་དུང་ཁྱེད་ཀྱི་དྲི་བ་གཙོས་མི་ཤེས་པ་ཁྲི་མ་འབུམ་ཡོད་པས་ཐུགས་དགྱེས་པའི་རྟེན་དུ་བཞེས་སུ་གསོལ།
ད་ཁྱེད་རྣམ་པས།
ཚིག་གི་ལོ་མས་མི་བསྒྲིབས་ཤིང་། །དོན་གྱི་འབྲས་བུ་གཡུར་ཟ་ན་མི་ལེགས་སམ།
དྲ་རོགས་གྲོགས་པོ་ཚོ་བཀྲ་ཤིས་བདེ་ལེགས།
ཚིག་གི་མཁར་བ་ལས་དོན་གྱི་རྒན་པོ་སློངས་ཞེས་པ་ལྟར་ཚིག་དོན་གཉིས་ཀ་ལ་དཔྱད་རྩོམ་དགོས་པ་ལས་གྱོད་ངན་ལྟ་བུ་ཞིག་གིས་གང་ཡང་མི་ཕན་པར་སེམས་སོ། ཁྱེད་རྣམ་པར་དགའ་བའི་སྟོན་མོ་རེ་བཤམས་དགོས་ན་ངས་བཤམས་དགོས་ཀྱང་། དངོས་ནས་ངོ་ཤེས་ས་ནི་སྙིང་གྲོགས་དམ་པ་བློ་གྲོས་མཐའ་ཡས་དང་འཇམ་དཔལ་རྣོན་པོ། བེ་རི་འཇིགས་མེད་དང་ཀརྨ་དགེ་ལེགས་ལས་གཞན་དག་འབྲེལ་བ་མི་དགོས་མི་སུ་ཡིན་ཙམ་ཡང་མི་ཤེས་སོ། །གང་ལྟར་དེ་རིང་ཡང་དོན་གླུ་ཡིད་བཞིན་ནོར་བུ་ཞེས་པ་ཁྱེད་རྣམ་པར་ལེགས་སྐྱེས་དགའ་སྟོན་ཚུལ་དུ་ཁ་བརྡའི་དྲ་ཐོག་ཏུ་ཕུལ་ཡོད་ལགས་སོ། ཐུགས་ལ་འཕྲོད་ན་དེ་ལུགས་དང་མ་ཁྲོད་ན་ཚིག་དོན་གཉིས་ལ་སྐྱོན་འདོགས་རེ་གནང་བར་ཞུའོ། །
ཤྲྰི་སྨྱོན་པས་སོ།
དྲ་གྲོགས་ཚོའདིར་གཟིགས་དང་། http://www.tibetexpress.net/bo/blog/viewpost/4287
མེ་ཏོག་དཀར་པོ་ལགས། ཧུང་ཧུང་དང་ཕཊ་ཕཊ་ཅེས་བཤད་ན་དོན་དག་ཅིག་ཡོད་དམ།
པདྨ་གེ་སར་ལགས། ད་གཡུག་ཞོག གོ་རྒྱུ་ཚོར་རྒྱུ་གང་ཡང་མེད། བྱ་རོག་སོ་བརྟག་གི་བསྟན་བཅོས་དང་འདྲ་གི་འདུག
ཨའི་ལོབ་ཡུ། ཡོད་ད་ཧ་ཧ་ཧ་
མེ་ཏོག་དཀར་པོ། ཁྱེད་དང་འདྲ་བ་འགའ་རེས་ལབ་ཡམ་དང་རྩོམ་མཆན་རྣམས་དེ་འདྲ་རང་རེད་དྰ། ། ཧུན་སྤོ་ཅ།
རེད་རེད། པདྨ་གེ་སར་ཁྱེད་ལ་བདེན་ཁ་སྦྱིན་པར་བྱའོ། །དགའ་བར་བྱོས།
རེད་རེད། པདྨ་གེ་སར་ཁྱེད་ལ་བདེན་ཁ་སྦྱིན་པར་བྱའོ། །དགའ་བར་བྱོས།
ཡ་རེད་རེད། མེ་ཏོག་དཀར་པོ་ཁྱེད་བདེན་ཁ་ལ་དགའ་བ་ཞིག་ཡིན་ན། དགྱེས་རྡོར་བརྩམས་ཆོས་ལ་དགའ་དགོས་པའི་རྒྱུ་མཚན་མདོར་བསྡུས་ན། དུས་ངན་ལས་ཀྱི་མར་གཤམ་འདི་ལ་སྐྱེ་རྒུ་རྣམས་བསོད་ནམས་ཟད་པའི་དབང་གིས་ངན་སྤྱོད་སྣ་ཚོགས་པ་ཁ་དར་ནས་སྡིག་ལས་ཚབས་པོ་ཆེ་ལ་རབ་ཏུ་བརྩོན་པས་འདི་ཕྱི་གཉིས་ཀ་ཕུང་པར་བྱེད་ཅིང་། ཁྱད་པར་དུ་རང་རེ་གངས་ཅན་མདོ་དབུས་ཁམས་ཀྱི་ཕྱོགས་ཞེན་གྱི་ཆགས་སྡང་དང་།གཏི་མུག་གྲུབ་མཐའ་ཁ་ཁྱེར་གྱི་གདུག་རྩུབ་དོལ་འདྲེ་ཚོགས་པ་དང་དེ་དང་འདྲ་བ་རྣམས་ལོ་རེ་བས་ལོ་རེ་ཇེ་མང་ཇེ་དར་དུ་གྱུར་ཏེ་དམ་པའི་ཆོས་ལ་བརྟེན་པའི་ཉེས་པ་རང་གཞན་ཐམས་ཅད་སྡིག་ལ་སྦྱར་བའི་ཆོས་པ་ཁ་ཁྱེར་ངན་སོང་གི་གཏིང་རྡོ་དང་། དཀོར་ནག་གི་སྐྱལ་བ་ཚོའི་ངོ་གདོང་གི་དྲེད་ལྤགས་བསལ་ན་ཅི་མ་རུང་སྙམ་ཡོད། །གྲོགས་པོ་མེ་ཏོག་དཀར་པོ་ཧ་གོ་སོང་ངམ།
༄༅། །གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་བཀའ་དྲིན་གཞལ་མཐའ་བྲལ་བའི་ཁྱུང་དཀར་དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་འདི་ཟླའི་ཕྱི་ཚེས་ ༢༣ ཉིན་མདོ་ཁམས་བྲག་འགོ་རྫོང་ཁོངས་སུ་འགྲིམ་འགྲུལ་གྱི་རྐྱེན་པས་དུས་མིན་སྐུ་གཤེགས་པའི་གནས་ཚུལ་ཐོན་པར་སྙིང་ཁོངས་རུས་པའི་གཏིང་ནས་མྱ་ངན་གུས་འདུད་ཞུ།
ཡོང་ཁུངས་ཧི་མ་ལ་ཡའི་བོན་དྲ་ཚིགས།
དགེ་བཤེས་ཟླ་བ་བསྟན་འཛིན་མཆོག་ནི་ ༡༩༦༥ ལོར་མདོ་ཁམས་ཁྱུང་དཀར་ཡུལ་ཁོངས་ར་ཁྲོམ་ཨ་ནུ་ཚང་ལ་སྐུ་འཁྲུངས། ཆུང་དུས་སློབ་ཆུང་འགྲིམས་ཤིང་འདོན་ཀློག་འབྲི་གསུམ་ལ་སློབ་བརྩོན་གནང་། ༡༩༨༥ ལོར་དཀར་ལེགས་དགོན་གྱི་སྒྲིག་ཁོངས་སུ་ཞུགས་ཏེ་གཡུང་དྲུང་བོན་གྱི་འདོན་ཆོག་སྐོར་དང་ཐུན་མོང་རིག་གནས་བཅས་པར་སྦྱངས་བརྩོན་ཚུལ་མཐུན་གནང་། ༡༩༨༦ ལོར་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་ཞལ་སྔ་ནས་རབ་ཏུ་བྱུང་རྗེས་མུ་མཐུད་དཀར་ལེགས་དགོན་དུ་བཞུགས་གནང་བ་དང་། ལོ་མཇུག་དེར་བལ་ཡུལ་བརྒྱུད་རྒྱ་གར་དུ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཕེབས་ནས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་སོགས་ཡོངས་འཛིན་དཔོན་གསས་རྣམས་ཞལ་སྔ་ནས་ཐུན་མོང་རིག་གནས་སྤྱི་དང་། བྱེ་བྲག་ཏུ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་བོན་སྡེ་ཁག་གི་དབང་ལུང་མན་ངག་ཁྲིད་གདམས་དང་བཅས་པར་གསན་བསམ་མཐར་ཕྱིན་གནང་སྟེ་ ༡༩༩༦ ལོར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་གནང་མཛད། སློབ་གཉེར་གྱི་ཞོར་ལ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་། དྲུང་ཆེ། དཔལ་གཤེན་བསྟན་སྨན་རིའི་གླིང་གི་གྲྭ་ཚང་གཉེར་པ་བཅས་ཀྱི་འགན་བཞེས་གནང་། དེ་བཞིན་བོན་མཐུན་འབྲེལ་ལྷན་ཁང་དུ་《བོན་སྒོ་》རྩོམ་སྒྲིག་གི་ཕྱག་ལས་ཀྱང་གནང་མྱོང་རེད། དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཞུགས་རིང་༧སྐྱབས་རྗེ་མཁན་སློབ་རྣམ་པར་དབུ་འོག་དཔུང་འདེགས་ཀྱི་སྒོ་ནས་འཁོར་གྱི་སློབ་མ་རྣམས་ལ་མདོ་སྔགས་སེམས་གསུམ་དང་རིག་གནས་བཅས་ཀྱི་འཆད་ཁྲིད་རྒྱུན་ཆགས་སུ་གནང་བས་ཁོང་གི་སློབ་མ་རུ་བསྟན་འགྲོར་ཕན་པའི་བླ་སྤྲུལ་དགེ་བཤེས་དུ་མ་ཞིག་བྱུང་སྟེ་དེ་དག་གིས་དེང་སྐབས་རྒྱལ་ཕྱི་ནང་གང་སར་གཡུང་དྲུང་བོན་གྱི་བསྟན་པའི་མཛད་འཕྲིན་སྤེལ་བཞིན་ཡོད། དེ་ལྟར་ཁོང་ནི་ཤེས་འཇོན་ལྷག་བསམ་ལྡན་ལ་དྲང་ཚུགས་ཐུབ་པ་ཞིག་དང་། བོད་མི་རིགས་ཀྱི་རིག་གནས་སྤྱི་དང་། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ལ་ཤ་ཞེན་དང་དུང་བ་ཟབ་ཅིང་དྲང་བདེན་གྱི་ལམ་ནས་ཤར་བསྐྱོད་གནང་ཐུབ་པའི་སྐྱེས་བུ་ཞིག་ཀྱང་ཡིན་པ་རེད། བོད་དུ་ཕེབས་རྗེས་ཁྱུང་དཀར་ཀུན་གྲགས་མཐོང་གྲོལ་རི་ཁྲོད་དང་། ཀོང་པོ་རྒྱལ་རི་སྨིན་གྲོལ་གླིང་། ཉག་རོང་བྱ་བཏང་རི་ཁྲོད་བཅས་སུ་སློབ་ཁྲིད་གནང་སྟེ་བསྟན་འགྲོར་ཕན་བདེའི་བྱ་བཞག་བསམ་གྱིས་མི་ཁྱབ་པ་ཞིག་གནང་ཡོད་པ་མ་ཟད་ཉེ་དུས་སུ་ཧོར་བྲག་འགོ་རུ་ཡོད་པའི་གཡུང་དྲུང་བོན་གྱི་དགོན་སྡེ་གཏོ་དགོན་གཡུང་དྲུང་གླིང་དང་གཏོ་ལུང་ས་སྔོན་རི་ཁྲོད་གཉིས་སུ་བསྟན་འགྲོའི་མཛད་འཕྲིན་སྐྱོང་བཞིན་བཞུགས་ཡོད་སྐབས་སྟབས་མ་ལེགས་པ་ཞིག་ལ་ལྷ་བདུད་དོ་མ་མཉམ་པའི་དཔེ་ལྟར་གློ་བུར་དུ་ཁོང་གི་སྐུ་ཚེའི་འཕེན་པ་གཞན་དུ་གཟིམས་པའི་གནས་ཚུལ་ཞིག་བྱུང་འདུག་པར་བརྟེན་ཁོ་བོ་ཅག་གི་གདུང་སེམས་མཉམ་བསྐྱེད་དང་། ཕྱོགས་ཀྱི་གཡུང་དྲུང་བོན་གྱི་བླ་སྡེ་དགོན་གསུམ་ཁག་ལ་དགེ་བའི་སྡོང་གདབ་མཛད་པའི་རེ་སྐུལ་ཞུ་བཞིན་ཡོད་པས་ཁྱེད་རྣམ་པས་མཁྱེན་བརྩེ་ཡེ་ཤེས་ཀྱི་ཀློང་ནས་ནམ་ཡང་མི་འདོར་བར་ཞུ་ཞུ། ཞེས་དམ་པ་དེའི་ཞལ་སློབ་ཏུ་གྱུར་པ་ནག་རུ་དགེ་ལེགས་དང་། ཁྱུངཿསྨོན་ལམ། བསྟན་འཛིན་སྦྱིན་པ་བཅས་ཀྱིས་ཕུལ།།
སྙིང་ཉེ་བའི་གྲོགས་པོ་འགའ་རེས་བདག་གི་བཤད་པ་འདི་དག གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་ཏེ་ཞེས་གསང་བ་ཕྱི་བསྒྲག་གི་དམ་ཚིག་འགལ་བའི་གྲལ་དུ་བཞག་པ་དག་ཉོན་དང་། བདག་གི་ངོ་ནས་རྩོལ་མེད་ཡིད་ངོར་འཆར་བ་དག་བོད་རིགས་སྤུན་ཟླ་ཀུན་ལ་སྙིང་རྗེས་ཆོས་སྦྱིན་ནམ་དམ་པའི་ཆོས་ཀྱི་ལེགས་སྐྱེས་ཞིག་ལས་ཕྱི་བར་གསང་བའི་ཕྱི་བསྒྲག་གི་ཐོ་ཅོའི་སྤྱོད་པ་ཞིག་མིན་པས་མཁྱེན་པར་མཛོད་ཅིག །བརྡ་དོན་རྟགས་ཀྱི་གླུ་རེ་བླངས་ཡོད་པས་ཐུགས་ལ་ཁྲོད་དེ་ཀ་ལགས་སོ། །སྐུ་གཅེས་པདྨ་གེ་སར་ལགས། ངོ་དེབ་ནང་གི་པདྨ་རྒྱལ་པོ་དང་ཁྱེད་གཉིས་སོགས་ངོ་གྲོགས་སྟོང་གཅིག་ལྷག་ང་ཡི་ངོ་དེབ་ལས་ཕྱིར་རོལ་དུ་བསྐྲད་ཚར་བས་གོ་བར་གྱིས་ཤིག ངས་ཁྱོད་རང་ཡང་མི་ཤེས་ལ་ཁྱོད་ཀྱིས་ང་རང་ལ་རོགས་དན་དང་བསྟོད་པར་བྱེད་ཁུལ་གཏན་ནས་མ་བྱེད་པར་ཞུ། ངས་ངོས་ལེན་མེད། ང་ཡིས་བཤད་པའི་པདྨ་གེ་སར་དེ་ཁྱོད་མ་ཡིན་པས་ཤེས་པར་གྱིས་ཤིག བསྟོད་མི་ཤེས་ནས་བསྟོད་ར་ལས་སྨད་མི་ཤེས་ནས་སྨད་ན་དགའ་ཟེར་བ་དེ་དངོས་ནས་རེད་འདུག ། ད་ནི་མི་རྟག་དུས་ཀྱིས་བསྐུལ། །དབེན་གསུམ་དམ་པའི་ཕ་ས་རུ། །ཅི་ནུས་གནས་པར་དམ་བཅའོ། །ཁྱེད་རྣམ་བསམ་དོན་ལྷུན་གྲུབ་ཤོག །གུས་པ་ཤྲྰིས་སོ། །
ལགས་སོ་དཔལ་དགྱེས་པ་རྡོ་རྗེ་ཚང་། ད་ཡིན་ན་བཟང་ལན་ངན་མཇལ་ཞིག་ཏུ་མ་སོང་ངམ། ང་མིན་ན་ཁྱེད་རང་གིས་་་་་་
http://www.tibetcy.com/shownews.asp?news_id=495
མང་པོ་གསུང་འདུག་གྰ།
དགོངས་དག །
ད་ཡིན་ན་ཡང་ཚིག་རང་རྩོད་རྒྱུ་རང་རེད།
ཤིང་བཞིན་གནས་པའི་དྲྭ་གྲོགས་ལགས། །
ཆོས་དཔལ་དགྱེས་པ་རྡོ་རྗེ་ལགས། །
དབེན་གསུམ་གནས་པ་རང་དོན་ལགས། །
གཞན་དོན་འཆད་རྩོད་རྩོམ་གསུམ་ལགས། །
དྲ་གྲོགས་པོ་དག་གིས་རྒྱུ་མ་ཧཱ་ཡོ་ག་ཞེས་པ་ལས་འཕྲོས་ནས་བགྲོ་གླེང་མང་པོ་བྱས་སོང་ལ། དང་པོ་རྒྱུ་མ་ཧཱ་ཡོ་ག་ཞེས་འབྲི་མཁན་རང་གིས་ཀྱང་ཡི་གེ་ནོར་སོང་ཞེས་བཤད་འདུག་ལ། དགག་མཁན་རྣམས་ཀྱིས་དེ་དཔེ་སྲིད་པ་ཞིག་ཏུ་བརྩིས་སོང་། རེད་དེ། ཞིབ་ཏུ་བསམ་བློ་བཏང་དུས་འདི་ཚིག་སྐྱོན་མེད་རྣམ་དག་ཅིག་ཡིན་པ་མ་ཟད་གོ་བ་ཡང་ཅུང་ཟབ་མོ་ལེན་རྒྱུ་ཡོད་པ་ཞིག་རེད་འདུག
རྣལ་འབྱོར་ཉལ་ས་བྲག་ཕུག་སྐམ་པོ་ཡིན།།
རྣལ་འབྱོར་འགྲོ་ས་སྒྱུ་མའི་གྲོང་ཁྱེར་ཡིན།།
རྣལ་འབྱོར་འདུག་ས་དབེན་པའི་རི་ཁྲོད་ཡིན།།
རྣལ་འབྱོར་ནོར་བུ་ཉམས་ལེན་རྣལ་མ་ཡིན།།
རྣལ་འབྱོར་ཐུགས་ལ་དགོངས་རྒྱུ་འགྲོ་དོན་ཡིན།
རྣལ་འབྱོར་ཟས་སུ་བཟའ་རྒྱུ་སྟོང་ཉིད་ཡིན།།
རྣལ་འབྱོར་སྤྱན་གྱི་གཟིགས་རྒྱུ་རིགས་དྲུག་ཡིན།།
རྣལ་འབྱོར་བླུན་པོ་དྲྭ་རྒྱར་འཇུག་མི་ཤེས།།
དམུ་ཐག་བུ་བརྒྱུད་ཀྱིས་ང་ཡང་རྣལ་འབྱོར་བླུན་པོའི་གྲལ་དུ་བཞག་རྒྱུ་རེད་བསམ་ནས་དྲྭ་བ་ནང་འཛུལ་བ་ཙམ་མ་གཏོགས་གཞན་གང་ཡང་ཞུ་རྒྱུ་མེད། ཧ་ཧ་
གྲོགས་བླུན་པ་ོཚོ། གབ་པའི་གསང་བ་དང་སྦས་པའི་གསང་བ་གཉིས་ཀྱི་ཁྱད་པར་མ་འདྲེས་པར་ཞོག
གྲོགས་པོ་ལགས། སྔར་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས། སྙིང་ཏིག་ཡ་བཞི་སོགས་ཡང་གསང་རྫོགས་པ་ཆེན་པོའི་ཆོས་བཀའ་རྣམས། མི་མང་ཁྲོམས་ཚོགས་སུ་གནང་བ་རེད། དེར་ཉེ་གནས་ཚོས་གསང་སྔགས་ཀྱི་ཆོས་དེ་ལྟར་མི་གནང་བར་ཞུ་ཞེས་ཞུས་དུས་རིན་པོ་ཆེ་མཆོག་གིས་ངས་གསང་དགོས་མ་རེད། ཁོང་རང་གིས་གསང་གི་རེད་ཅེས་གསུངས་ཡོད་པ་རེད།
དེ་ལྟར་ན་སྦས་པའི་གསང་བ་དང་གབ་པའི་གསང་བ་གཉིས་ཀའི་དོན་དེའི་ནང་དུ་འདུས་མ་སོང་ངམ།
༄༅། །དོན་གླུ་ཡིད་བཞིན་ནོར་བུ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
སངས་རྒྱས་ཀུན་གྱི་ཡེ་ཤེས། །
གདོད་མའི་ཀུན་ཏུབཟང་པོ། །
ཆོས་རྗེ་ཡིད་བཞིན་ནོར་བུ། །
སྙིང་གི་དཀྱིལ་དུ་བཞུགས་ཤིག །
༡
ཀྱེ་མ་སྙིང་གི་སྤུན་ཟླ། །
སྐྱིད་སྡུག་རྨི་ལམ་སྣང་བ། །
འཁོར་འདས་འཛིན་མཚམས་ཀུན་པོ། །
རེ་དྭོགས་འཁྲུལ་བ་མ་ཆེ།
༢
མཐོ་བའི་དཔོན་ལ་མ་ཆགས། །
དམའ་བའི་སྤྲང་ལ་མ་སྡང་། །
ཆོས་སྤང་གཏི་མུག་མེད་པར། །
དམ་པའི་ཆོས་ལ་བརྩོན་ཅིག །
༣
ཅོལ་ཆུང་ངོ་ཚ་ཁྲེལ་མེད། །
དྲང་བདེན་ཤེས་རབ་མེད་པར། །
དྲིན་ལན་ལོག་འཇལ་བྱེད་པ། །
འཇིག་རྟེན་མ་རབས་བསམ་སྤྱོད། །
༤
ཕ་མའི་དྲིན་ལན་འཇལ་ཞིང་། །
དགྲ་འདུལ་གཉེན་སྐྱོང་མཐུ་སྟོབས། །
ངོ་ཚ་ཁྲེལ་ཡོད་ཤེས་པ། །
འཇིག་རྟེན་མི་ཡི་རྣལ་འབྱོར། །
༥
ངོམས་མེད་བདག་གཉིས་གོམས་པས། །
དུག་ལྔ་ཅི་དགར་སྤྱོད་པའི། །
སོ་སྐྱེ་ཐ་མལ་པ་རྣམས། །
མི་ལུས་ཐོབ་པར་དོན་མེད། །
༦
བློ་ལྡོག་རྣམ་བཞིར་གོམས་དང་། །
ངེས་འབྱུང་རྣམ་དག་སྐྱེ་ཡོང་། །
སྲིད་གསུམ་ཞེན་ཆགས་མེད་པ། །
སོ་ཐར་ཉན་རང་རྣལ་འབྱོར། །
༧
བདག་མེད་ཕྱེད་གཉིས་རྟོགས་ཀྱང་། །
ཆོས་བདག་ཇི་བཞིན་མ་མཁྱེན། །
བསམ་གཏན་འགོགས་སྙོམས་བཞུགས་པ། །
ཡུན་རིང་བདེ་གསལ་མི་རྟོག །
༨
རང་དོན་རྩ་ནས་མེད་པར། །
གཞན་དོན་སེམས་ཅན་ཀུན་ལ། །
ཐབས་ཤེས་བྱང་སེམས་ལྡན་པ། །
རྒྱལ་སྲས་སེམས་དཔའི་རྣལ་འབྱོར། །
༩
སྣོད་བཅུད་སྟོང་པ་ཤེས་ནས། །
བྱང་ཆུབ་སེམས་བསྐྱེད་ལྡན་ཡང་། །
ཐབས་མང་དཀའ་བ་མེད་པའི། །
དག་སྣང་ལྟ་སྒོམ་མ་ཤེས། །
༡༠
སྣང་བ་སྒྱུ་འཕྲུལ་དཀྱིལ་འཁོར། །
སྲིད་པ་ཡི་དམ་ལྷ་ཚོགས། །
སྣང་སྲིད་དག་མཉམ་མཐོང་བ། །
གསང་ཆེན་བླ་མའི་རྣལ་འབྱོར། །
༡༡
ཏིང་འཛིན་རྣམ་གསུམ་ལྡན་པའི། །
བསྐྱེད་རིམ་གཙོ་ཆེན་བརྟེན་ཡང་། །
རྫོགས་རིམ་རྩ་རླུང་ཐིག་ལེ། །
གསང་གནད་རྩལ་འདོན་མ་གནང་། །
༡༢
རང་ལུས་ཐབས་ཤེས་ལྡན་ནས། །
གཞན་ལུས་ལས་རྒྱར་བརྟེན་པས། །
དགའ་བ་བཅུ་དྲུག་མྱོང་བ། །
ཡང་གསང་ཕྱག་ཆེན་རྣལ་འབྱོར། །
༡༣
རྫོགས་རིམ་རྩ་རླུང་ཐིག་ལེ། །
སྦྱོར་དྲུག་ལས་ལ་མཁས་ཀྱང་། །
ཟུང་འཇུག་ཡེ་ཤེས་རྟོགས་པའི། །
ཚིག་དབང་ཇི་བཞིན་མ་བཤད། །
༡༤
འཁོར་འདས་ཀ་དག་ལྷུན་གྲུབ། །
ཟུང་འཇུག་ཡེ་ཤེས་བླ་མ། །
རང་རིག་རྣམ་མཁྱེན་ཐོབ་པ། །
ཡང་ཟབ་རྫོགས་ཆེན་རྣལ་འབྱོར། །
༡༥
ཁྱད་ཆོས་ཆེ་བ་དྲུག་ལྡན། །
ཀུན་བཟང་དགོངས་པ་ཟང་ཐལ། །
སྙིང་ཐིག་གདམས་པ་འདི་ཀོ །
དམ་པའི་སྐྱེས་བུའི་ཐུགས་དམ། །
༡༦
དེ་ལྟར་ལྟ་སྒོམ་སྤྱོད་འབྲས། །
སོ་སོའི་ས་ལམ་རྣལ་འབྱོར། །
མ་འདྲེས་མ་ནོར་ཤེས་ན། །
ཐེག་པའི་རྣམ་གྲངས་ཤེས་སོ། །
༡༧
འཁོར་འདས་ཐེག་པའི་རིམ་པ། །
གོ་མྱོང་རྟོགས་པས་མཁྱེན་ན། །
རིས་མེད་གྲུབ་མཐའ་ཆེན་པོའི། །
གནད་འགག་དད་གུས་སྐྱེ་ཡོང་། །
༡༨
ལྷན་ཅིག་སྐྱེས་སྦྱོར་གའུ། །
ལྔ་ལྡན་རོ་སྙོམས་ཡི་གེ །
ཞི་བྱེད་དབུ་མ་ཕྱག་ཆེན། །
ཟབ་རྒྱས་ཆོས་པའི་རྣལ་འབྱོར། །
༡༩
ཆོས་ཉིད་རྫོགས་ཆེན་པ་ཆེན་པོ། །
རིག་འཛིན་ཉམས་ལེན་མེད་ན། །
པན་ཆེན་ཡིན་ཡང་མི་མཁྱེན། །
གྲུབ་ཆེན་ཟེར་ཡང་མ་རྟོགས། །
༢༠
རྒྱ་གར་ཨ་ཙ་ར་དང་། །
རྒྱ་ནག་ཧ་ཤང་ཆེན་པོ། །
བན་བོན་དམ་པའི་སྙིང་ཐིག །
རྫོགས་ཆེན་ཁོ་ནའི་སྨིན་གྲོལ། །
༢༡
མྱོང་ཚོར་གོ་བ་འདྲ་མིན། །
ཁམས་དབང་མོས་པའི་བྱེ་བྲག །
རང་འདོད་མཐར་ཕྱིན་བརྗོད་ཀྱང་། །
མཐར་ཐུག་ཨ་ཏི་ཡོ་ག །
འདིར་སྨྲས་དགེ་བ་ཅི་མཆིས། །
མ་གྱུར་འགྲོ་བར་བསྔོས་པས། །
འགྲོ་ཀུན་ཀུན་ཏུ་བཟང་པོའི། །
གོ་འཕང་ཐོབ་པར་སྨོན་ནོ། །
ཞེས་པ་འདི་ནི་རབ་རྒྱན་ས་སྟག་ཟླ་༨ ཚེས་༡༥་ཉིན་མཁན་པོ་དྲི་མེད་ཟླ་བ་དང་མཁའ་འགྲོ་ཆོས་སྒྲོན་སོགས་ཀྱིས་བསྐུལ་བར་བརྟེན་ནས་ཡོ་རོབ་འོག་མིན་ཀུན་བཟང་ཆོས་གླིང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འབོད་པས་སྨྲས་པ་དོན་དང་ལྡན་པར་གྱུར་ཅིག ། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །
མཁན་ཆེན་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །བློ་སྣ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །རང་སྣང་གནས་ལུགས་རྟོགས་པ་ཐུགས་རྗེས་བཟུང་། །འདི་ཕྱི་བར་དོ་ཀུན་ཏུ་སྐྱབས་སུ་མཆི། །