Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲིམས་རྩོད་པ་དང་ལེན་བྱས་མི་འདུག

Posted on 2010-08-262010-08-26 By ཁ་བརྡ་ 9 Comments on ཁྲིམས་རྩོད་པ་དང་ལེན་བྱས་མི་འདུག

shok-dongདཔལ་ལྡན་རྒྱལ།

རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་རྩོམ་པ་པོ་ཞོགས་དུང་ངམ། བཀྲ་རྒྱའི་གྱོད་དོན་ཐད་ཁོང་གི་ནང་མིས་བཙལ་བའི་ཁྲིམས་རྩོད་པ་དང་ལེན་བྱས་མི འདུག
༢༠༠༨ལོའི་བོད་མིའི་ཞི་རྒོལ་ཆེན་མོའི་སྐོར་དང། འཚེ་མེད་བའི་ལམ་ནས་རྒྱ་ནག་གི་དབང་བསྒྱུར་ལ་གདོང་ལེན་བྱེད་དགོས་སྐོར་བཀོད་ཡོད་པའི་གནམ་ས་གོ་འབྱེད་ཅེས་པའི་དཔེ་དེབ་རྩོམ་པ་པོ་ཞོགས་དུང་ངམ། བཀྲ་རྒྱ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་འགོར་ཡོད་པ་རེད། ཚེས༢༠ཉིན་ཁོང་གི་ཁྲིམས་རྩོད་པས་ཨེ་ཕི་གསར་སྤེལ་ཁང་ལ། “ཁོང་གི་ནང་མིས་བཙལ་བའི་ཁྲིམས་རྩོད་པ་དང་ལེན་བྱས་མ་བྱུང་།”ཞེས་བརྗོད་འདུག ཡང་བཀྲ་རྒྱ་ཡི་བཟའ་ཟླ་ལྷ་འཚོས་ཡོངས་གྲགས་ཀྱི་ཡི་གེ་ཞིག་བཀྲམས་ཡོད་པའི་ནང། བཀྲ་རྒྱ་ཡིས་བྲིས་པའི་དེབ་དེའི་ནང་དུ་། “རྒྱལ་ཁབ་ཁ་བྲལ་གྱི་གནས་ཚུལ་གང་ཡང་བཀོད་མེད་པས་ཁོང་ལ་ཉེས་ཆད་བཅད་པ་ནི་དྲང་བདེན་མ་རེད། མི་རིང་བར་བཀྲ་རྒྱ་ལ་ཁྲིམས་བཤེར་བྱེད་རྒྱུ་ཡིན་པ་འདྲ། ཁོང་ཚོས་བཟོས་པའི་ཁྲིམས་དེ་ནི་ཁོང་ཚོའི་ཁེ་ཕན་ཆེད་བཟོས་ཡོད་པས་། ཁོང་ཚོས་གནོད་སྐྱེལ་འདོད་ཡོད་པའི་མི་སུ་འདྲ་ཞིག་གི་ཐོག་ལ་ཡིནནའང་བེད་སྤྱོད་བཏང་ཆོག་ཆོག་ཡོད་པ་རེད།”ཞེས་བཀོད་འདུག ཨེ་ཕི་གསར་སྤེལ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་གཞོན་ཝང་ལིན་ཅོན་ཁ་པར་བཏང་ནས་གྱོད་དོན་འདིའི་སྐོར་འདྲི་སྐབས་ཁོང་གིས། དེ་ནི་ཁྲིམས་ལུགས་ལྟར་ཐག་གཅོད་བྱེད་རྒྱུ་རེད་ཟེར། ཡང་ཟི་ལིང་ཉེན་རྟོག་ལས་ཁུངས་དང་། འབྲིང་རིམ་་མི་མང་ཁྲིམས་ཁང་ལ་ཁ་པར་བཏང་ནས་གྱོད་དོན་འདིའི་སྐོར་འདྲི་སྐབས་ལན་འདེབས་བྱེད་རྒྱུ་ངོས་ལེན་བྱས་མི་འདུག བཀྲ་རྒྱ་ཡི་གནས་སྟངས་སྐོར་ལ་ཁོང་གི་བུ་མོ་ཡེ་ཤེས་མཚོ་མོར་བཅར་འདྲི་བྱས་པ་ཡིན།

ཡེ་ཤེས་མཚོ་མོར་བཅར་འདྲི་བྱས་པར་ཉན་རོགས།

རྩོམ་རིག

Post navigation

Previous Post: རང་གི་རིགས་ལ་རེ་བ་མི་འདུག་གམ། ཡང་ན་དངོས་ནས་མི་མེད་པ་རེད།
Next Post: འདི་ཚོའི་ནང་ནས་སུ་དང་སུ་མུ་མཐུད་སྤྱི་འཐུས་སུ་དགོས།

Comments (9) on “ཁྲིམས་རྩོད་པ་དང་ལེན་བྱས་མི་འདུག”

  1. མང་ར་བ་གཡང་རྒྱལ་འབུམ། says:
    2010-08-26 at 11:23 pm

    སྤུན་ཟླ་མི་རིགས་ཚང་མས་གདུང་སེམས་མཉམ་བསྐྱེད་བྱ་དགོས་ཞེས་སྐད་ཤུགས་ཆེན་པོས་འབོད་པ་ཞུས་པ་ཡིན།

  2. ལྷ་སྲས་བུ་མོ says:
    2010-08-27 at 12:06 am

    ཞོགས་དུང་དུང་སྦྲུགས་དེང་སང་དངོས་གནས་སྙིང་རྗེ་ཡ་ཞིག་ཆགས་འདུག
    རྒྱ་ནག་ཁྲིམས་ལུགས་ཀྱིས་ཁོ་བོའི་མགོར་ན་ཡོད་པའི་སྐྲ་ཁ་སྤུ་འདྲ་བོ་དེ་ཚོར་ཡང་གཙང་མ་གཙང་རྐྱང་ཞིག་བཞར་འདུག།དངོས་གནས་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་རང་རེད།

  3. ལྷ་སྲས་བུ་མོ says:
    2010-08-27 at 12:09 am

    ཞོགས་དུང་དོང་སྦྲུགས་དེང་སང་དངོས་གནས་སྙིང་རྗེ་ཡ་ཞིག་ཆགས་འདུག
    རྒྱ་ནག་ཁྲིམས་ལུགས་ཀྱིས་ཁོ་བོའི་མགོར་ན་ཡོད་པའི་སྐྲ་ཁ་སྤུ་འདྲ་བོ་དེ་ཚོར་ཡང་གཙང་མ་གཙང་རྐྱང་ཞིག་བཞར་འདུག།དངོས་གནས་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་རང་རེད།

  4. ཤར་རལ་གྲི says:
    2010-08-27 at 7:42 am

    རླབས་ཆེན་གྱི་སྐྱེས་བུ་བསམ་བློ་བ་ཆེན་པོ་སྐུ་ཞབས་ཞོགས་དུང་གི་སྐོར་ད་དུང་གསལ་ཐག་མ་ཆོད་པར་ནར་འགྱངས་སུ་ཡོད་པ་ལ་བློ་ཕམ་དང་སེམས་འཚབ་ཡོད། ཁོང་གིས་བཙོན་ན་མྱང་བའི་གནར་གཅོད་དང་སྡུག་བསྔལ་ལ་ང་ཚོས་གདུང་སེམས་མཉམ་བསྐྱེད་དང་། ཁོ་བོའི་ཞེ་སྤོབས་ལ་རྗེས་སུ་ཡི་རངས་ཞུ།
    ཞོར་འཕྲོས་གོང་གི་མཆན་༢ དང ༣ པ་འབྲི་མཁན་ལྷ་སྲས་བུ་མོ་ཟེར་བ་དེས་སྐུ་ཞབས་ཞོགས་དུང་དར་བའི་སྐབས་ཚོགས་འདུ་གང་ཞིག་གི་གདན་ཞུའི་སྐུ་མགྲོན་དུ་ཡོད་པའི་པར་དེ་བཙོན་དུ་ཡོད་པའི་པར་ཞིག་རེད་བསམ་འདུག འདི་ཙམ་གྱིས་དབྱེ་བའང་འབྱེད་མི་ཤེས་པའི་ལྷ་སྲས་བུ་མོ་ཁྱེད་དངོས་གནས་སྙིང་རྗེ་ཡ་རང་རེད།

  5. ཇོ་མོ་གླང་མ says:
    2010-08-27 at 8:35 am

    ཞོགས་དུང་དོང་སྦྲུགས་ལགས་དེང་སང་རྒྱ་ནག་གིས་བཀག་ཉར་བྱས་ཡོད་པ་དེ་བདེན་པ་རེད།
    དངོས་གནས་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་རང་རེད།མ་གཞི་ནས་༢༠༠༨་སྔོན་ཁོས་རྒྱ་གཞུང་ལ་སྐྱོན་བརྗོད་གཅིག་ཀྱང་བྱས་མེད་པ་དེ་མངོན་གསལ་དོད་པོ་རེད།༢༠༠༨་རྗེས་སུ་ཁོ་ལ་བསམ་བློ་གསར་པ་ཞིག་འཁོར་ནས་གནམ་ས་གོ་འབྱེད་ཅེས་པའི་དེབ་དེ་བྲིས་པ་ཞིག་རེད།ཞིབ་ཏུ་བལྟས་ན་ཁོ་བོའི་དེབ་དེའིནང་དུ་བཤད་ཡོད་པའི་སྐད་ཆ་དང་ང་ཚོའི་དམངས་ཚོགས་ཀྱིས་ནམ་རྒྱུན་བཤད་བསྡད་པའི་སྐད་ཆ་གཉིས་ལ་ཧེ་བག་ཅི་ཡང་མི་འདུག
    ད་དུང་ཁོ་བོའི་དེབ་དེའི་ནང་དུ་བོད་པའི་འཐད་རྩོད་ཀྱི་ཐད་ལའང་ཕན་པའི་ཐབས་ཇུས་གསར་པ་དང་ཐབས་ལམ་གསར་པ་ཡང་ཅི་གང་མི་འདུག

  6. ལྷ་སྲས་བུ་མོ says:
    2010-08-27 at 11:44 pm

    དྲ་གྲོགས་ཤར་རལ་གྲི་ལགས།ཛྷཛྷཁྱེད་རང་དངོས་གནས་ཧ་གོ་པར་ཧོན་ལོག་འདུག་ག།ཞོགས་དུང་དོང་སྤྲུགས་ལགས་ད་ཆ་རྒྱ་གཞུང་གི་བཙན་ཁང་དུ་གྱོན་ཆས་ཆ་ཚང་མདོག་སྔོན་པོ་ཅན་ཞིག་གོན་ཡོད་པ་དང་མགོར་ན་ཡོད་པ༷༷འི་སྐྲ་ཁ་སྤུ་འདྲ་བོ་དེ་ཚོ་ཡང་ཏན་ཏན་གཙང་མ་གཙང་རྐྱང་ཞིག་བཞར་ཡོད་པ་སྨོས་མི་དགོས།ཁོ་ད་ལྟ་པར་ཐོག་གི་ནང་བཞིན་བསྡད་མི་ཐུབ་པ་ངས་ཀྱང་ཤེས་ཡོད།ཁ་སང་ངས་པར་ཐོག་གི་ཁོ་བོའི་མགོ་ཀླད་དམར་ཡིན་་པ་དེ་མཐོང་ནས་ད་ལྟ་བཙན་ཁང་དུའང་མགོ་དེ་འདྲ་ཞིག་ཆགས་ཡོད་པའི་སྣང་པ་བྱུང་ནས་བྲིས་པ་ཡིན་མ་གཏོགས་པར་འདི་བཙན་ཁང་དུ་བརྒྱབ་པའི་པར་ཞིག་ལ་རྩ་བ་ནས་ངོས་འཛིན་བྱས་མེད།བཙན་ཁང་དུ་འདི་འདྲ་པར་ཞིག་རྒྱག་ཐུབ་བམ།ཁྱེད་རང་དངོས་གནས་ཧ་གོ་པར་ཧོན་ལོག་འདུག་ག།འགྲེལ་བ་ལོག་བཤད་བརྒྱབ་ཌྷའདུག་དངོས་གནས་ཁྱེད་རང་རལ་གྲི་ཟིན་པའི་ཤན་པ་ཞིག་ལས་མ་འདས།

  7. རྒྱ་གྲམ་དམར་པོ། says:
    2010-08-30 at 7:56 am

    རྒྱལ་བཅེས་དཔའ་བོ་བཀྲ་རྒྱལ་འམ་ཞོགས་དུང་ལགས་ངས་སྙིང་དབུས་ནས་ཁྱེད་དང་ཁྱེད་འདྲ་བ་རྣམ་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་། བོད་རྒྱལ་ལོ།

  8. རྒྱ་གྲམ་དམར་པོ། says:
    2010-08-30 at 8:06 am

    ཞོགས་དུང་ཁྱེད་ནི་ཁ་ཙམ་མིན་པའི་དཔའ་རྒོད་ཅིག།

  9. རྒྱ་གྲམ་དམར་པོ། says:
    2010-08-30 at 8:33 am

    བོད་མི་རིགས་དང་རྒྱལ་ཁབ་དོན་དུ་རང་གི་ཡོད་ཚད་བློས་གཏོང་གནང་མཁན་ཞོགས་དུང་ཁྱེད་དང་ཁྱེད་འདྲ་བར་སྙིང་དབུས་ནས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་། བོད་རྒྱལ་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme