Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་གི་རིགས་ལ་རེ་བ་མི་འདུག་གམ། ཡང་ན་དངོས་ནས་མི་མེད་པ་རེད།

Posted on 2010-08-262010-08-26 By ཁ་བརྡ་ 3 Comments on རང་གི་རིགས་ལ་རེ་བ་མི་འདུག་གམ། ཡང་ན་དངོས་ནས་མི་མེད་པ་རེད།

བོད། ལྷ་ཀླུ་གཉན་གསུམ།

དེང་སང་མཐོ་ས་བཀའ་བློན་ཁྲི་བ་ནས་དམའ་བ་ང་དང་བཅས་པའི་དྲ་ཐོག་གི་སྤུན་ཟླ་ཡོངས་ཀྱིས་བོད་ལ་འདི་མེད་ཀི གན་མི་འདུག འདིས་མི་འཇོན། དེ་ཡི་ཅི་ཡོང་། དེ་ལ་རེ་བ་མེད་སོགས་ཀྱི་སྡུག་གཏམ་ཁོ་ན་ཞིག་གནམ་ས་གཉིས་ནས་གྲགས་དེ་འོང་བ་དང་འབྲེལ། གོ་ན་སྙིང་དགའ་བའི་རྒྱ་ནག་པོ་དང་གོ་ན་སེམས་སྡུག་པའི་བོད་གཞིས་ལུས་མི་དམངས་བཅས་ནས་སྐད་ཆ་འདི་གོ་བཞིན་ཡོད་པ་རེད།

ཉིན་མ་དེ་རིང་གི་བར་དུ་ངས་ཀྱང་མཐོ་རིམ་སྤྱི་ཚོགས་ཀྱི་གསུང་བཤད་མི་ཉུང་བ་ཞིག་ལྟ་ཉན་རིག་གསུམ་མི་ཉུང་བ་ཞིག་བྱས་ཡོད་ལ། རང་དང་འདྲ་བའི་སྤུན་གྲོགས་མི་ཉུང་བ་ཞིག་གི་བསམ་ཚུལ་ཡང་ཞིབ་མོ་ཀློག་པ་ཧ་ཅང་མི་ཉུང་བ་ལ། དམིགས་བསལ་གྱིས་དྲ་ཚིགས་བོད་ཕྱི་ནང་གཉིས་སུ་རྒྱུན་དུ་ཉུལ་ནས་སྤུན་ཟླ་ཕྱི་ནང་གཉིས་ཀྱི་སེམས་གཏིང་གི་གླེང་གཞིར་མི་ཉུང་བ་ཞིག་ཀློག་པ་ཡིན།

བོད་ཕྱི་ན་ཡང་ལོ་རེ་ལོ་རེ་ནས་སྡུག་སྨྲེ་ཇེ་མང་རེད། སྡུག་སྨྲེ་བཞུར་སྟངས་ཀྱང་གཏན་ནས་མི་འདྲ་བ་རེད། མཐོ་ས་ནས་མི་དམངས་ཀྱིས་ང་ཚོར་རྒྱབ་སྐྱོར་མི་བྱེད་ཀི་ཟེར་ནས་སྡུག་སྨྲེ་འདོན་བཞིན་འདུག དམའ་ས་ནས་མཐོ་ས་ནས་ལས་དོན་ཚགས་ཚུད་སྒྲུབ་ཀྱི་མི་འདུག་ཟེར་ནས་སྡུག་སྨྲེ་འདོན་བཞིན་འདུག འདི་ནི་བར་ཐག་རེད། འདི་ནི་བྱེས་པ་ཚང་ལ་མི་མེད་སོང་བའི་དཀའ་ངལ་རེད་དམ། ཡང་ན། མི་དམངས་ཀྱིས་མཐོ་ས་འདེམས་པ་ནོར་བ་རེད། དེ་མིན་མཐོ་ས་ནས་མི་དམངས་ཀྱི་སྣེ་ཁྲིད་བྱེད་མ་ཐུབ་པ་རེད། འདི་ནི་གནད་དོན་རེད་ལ་ཚང་མས་ཤེས་དགོས་པའི་དོན་དག་ཡང་དེ་ལ་ཐུག་འདུག

གཅིག་བྱས་ན་མཐོ་ས་འགུལ་དུས་སུ་དམའ་ས་ནས་ཡ་མ་བྱས་པར་ལུས་ཡོད་སྲིད་པ་ཡིན་ཡང་། མཐོ་ས་ནས་འགུལ་སྟངས་དེ་ཡང་ཁྱད་མཚར་ཞིག་དུ་གྱུར་བ་རེད་འདུག དེ་ཡང་དུས་ཚིགས་ཤིག་དང་ཉིན་མོ་རེ་ཟུང་། ཟླ་ཚེས་ཤིག་ལ་སྒུག་པ་ལྟ་བུ་ཆགས་པ་དེ་ཡི་སྟབས་ཀྱི་མིན་འགྲོ དེས་ན་དམའ་ས་ནས་ལས་འགུལ་ཞིག་སྤེལ་མ་ཆོག་པ་རེད་དམ། ལས་འགུལ་སྤེལ་ཆོག་ཡང་སྤེལ་སྟངས་འགྲིག་གི་མེད་པ་རེད་དམ། དེ་མིན་ཁོང་ཚོར་ཤེས་བྱ་ཡོན་ཏན་མེད་སོང་བ་རེད། དེ་ལས་གཞན་པའི་རྒྱུ་རྐྱེན་ཞིག་ལ་བཀག་ནས་བསྡད་ཡོད་པ་རེད། གང་ལྟར། ང་ཚོ་ལ་མི་མེད་སོང་བ་དེ་ནི་བདེན་པ་རེད་དམ། མཐོ་ས་ནས་སྐད་ཆ་རེ་ཟུང་བཤད་མཁན་ཞིག་དང་། དམའ་ས་ནས་སྐྱོན་བརྗོད་ཕྲན་པུ་རེ་བྱེད་ཤེས་མཁན་མ་གཏོགས་མེད་སོང་བ་རེད་དམ།

སྐད་ཆ་འདི་བདེན་པ་ཡིན་ནམ། བཙན་བྱོལ་ལ་ནད་སྙིང་ཆེན་པོ་ཞིག་སླེབས་ཡོད་པ་དེ་ཁ་ཐོག་ཚད་ཀྱི་ཤེས་ཡོན་པ་དག་གིས་ཤེས་ཀྱི་ཡོད་དམ། ཡོད་ན་ནད་སྙིང་དེ་བཅོས་ཐབས་ཀྱི་བསྟན་བཅོས་ཤིག་ཀྱང་དེ་དག་གི་འབྲི་ཤེས་ཀྱི་ཡོད་སྲིད། དེ་དག་མ་བྲིས་པ་རེད་དམ། བྲིས་ཀྱང་དེ་དག་ལག་ལེན་དུ་འདེབས་མཁན་མེད་སོང་བ་རེད་དམ། ལག་ལེན་དུ་ཕབ་ཀྱང་མི་གྲངས་མ་ལོངས་པར་ལུས་ཡོད་པ་རེད། འདི་ནི་དེང་སང་གི་བོད་མི་རིགས་ཀྱི་མི་མེད་སོང་བའི་ལན་པ་ཡིན་ནམ།

ཁ་ཤས་ཀྱི་དེང་སང་བོད་མི་གནས་བསྡོད་བྱེད་ས་དང་གནས་བསྡོད་ཀྱི་ལས་འགུལ་སྤེལ་སྟངས་བཅས་ལ་ཁྱད་པར་ཆེན་པོ་ཡོད་པར་སྐད་ཤུགས་ཆེན་པོའི་སྒོ་ནས་གླེང་གི་ཡོད། དེ་ཡང་ད་ལྟ་གཞི་ནས་མི་ལོ་ལྔ་གཅིག་གི་རྗེས་ཀྱི་དེ་རིང་མ་གཏོགས་མ་ཤེས་པ་རེད་དམ། དེ་ལྟར་བསམ་ན་དངོས་ནས་ཡིད་སྐྱོ་བ་ཞིག་རེད་ལ། ཁ་ཤས་ཀྱི་ལས་འགུལ་སྤེལ་ཡུལ་ལ་ཁྱད་པར་མེད་པ་གསུང་གི་འདུག་པ་དེ་ཡི་སྐོར་དེ་ཡང་དེ་ལས་ཀྱང་སེམས་པ་སྐྱོ་ཡ་རང་རེད། ཉེ་དུས་སུ་ངས་བཙན་བྱོལ་དུ་མཁས་པ་དང་བཤད་ཤེས་མཁན་ནི་མང་མེད་ན་ཉུང་མེད་ཟེར་དོན་ཡང་དེ་ཡིན། ད་ན་ང་ཚོ་ཉན་ནས་རྣ་མཆོག་འོན་གྲབས་འདུག བལྟས་ནས་མིག་ལོངས་གྲབས་ཡོད། སྒུག་ནས་རེ་བ་ཆད་གྲབས་ཡོད། འདི་འདྲ་ཞིག་ལ་སླེབས་དུས་ཀྱང་ང་ཚོ་ལ་མི་མེད་རབས་གླེང་གི་ཡོད། འདི་བདེན་པ་ཡིན་ནམ། ཕལ་ཆེར་་་་་་་་་་་་་་་་་་

རྩོམ་རིག

Post navigation

Previous Post: འབྱུང་འགྱུར་གྱི་བཀའ་ཁྲི་དང་སྤྱི་འཐུས།
Next Post: ཁྲིམས་རྩོད་པ་དང་ལེན་བྱས་མི་འདུག

Comments (3) on “རང་གི་རིགས་ལ་རེ་བ་མི་འདུག་གམ། ཡང་ན་དངོས་ནས་མི་མེད་པ་རེད།”

  1. བརྩོན་འགྲུས་ says:
    2010-08-27 at 12:59 am

    ངོ་མ་རེད་ད་ ང་ལ་མཚོན་ན་དོན་དག་དེ་སེམས་ལ་དྲན་ནས་ལོ་ཤས་སོང་ཡང་འབྲི་མ་ཤེས་པའི་དཀའ་ངལ་དེས་ད་བར་ལུས་སོང་དེ་རིང་བོད་ལྷ་ཀླུ་གཉན་གསུམ་གྱིས་མཐོ་དམའ་བར་གསུམ་ལ་མཁོ་བའི་སྐད་ཆ་དེ་ཏག་ཏག་སླེབས་སོང་། ཐུགས་རྗེ་ཆེ། ཤེས་ཚོར་མེད་མཁན་སྐོར་ཞིག་ཡོད། དེ་དག་ལ་དམིགས་བསལ་རེད་མ་གཏོགས་ངོས་ནས་ང་ཚོས་ཤུགས་རྒྱག་དགོས་པའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་ཤེས་བཞིན་དུ་འདི་ལྟར་བསྡད་ན་རྗེས་མ་ཅི་ཡོང་ཆ་མི་འཚལ་བས་རིག་པ་སྒྲིམ་རྒྱུ་ཕྱི་དྲག་མེད་ན་སྔ་དྲག་མེད་པས་རང་ནུས་གང་ཡོད་གནང་རོགས་ཞུ་རྒྱུ་ཡིན་་
    ཞར་ལ་དུས་བབ་གསར་འགོད་པ་རྒན་པ་ཨ་རིག་འགྱུར་མེད་ཀྱི་ཁ་པར་ཨང་གྲངས་ཞིག་འདིར་འཇོག་རོགས་གནང་

  2. ཆབ་ཆ་སྨྲེང་བ says:
    2010-08-27 at 6:36 am

    དྲ་གྲོགས་ལྷ་ཀླུ་གཉན་གསུམ་ལགས།དྲང་བོར་བཤད་ན་ངེད་ཚང་ལ་མི་རྫིག་པོ་སྟག་ཌྷའདྲ་ཡོད་ལ་མི་རྫིག་པོ་འབྲོང་འདྲ་ཡང་མང་པོ་མང་པོ་ཡོད།ཡིན་ནའང་ཁོ་ཚོ་ཚང་མའི་བསམ་བློ་སྒྲོ་ལོར་གྱི་བྲན་གཡོག་ཏུ་ཚུད་ཟིན་པས་སྤྱིའི་གཞུང་ལ་བསམ་བློ་གཏོང་མཁན་ཞིག་ཤིན་ཏུ་དཀོན།ད་དུང་མཐོ་རིམ་དཔོན་རིགས་ཚོས་ད་ལྟ་ནས་ཕྱི་རྒྱལ་དུ་ཁྱིམ་གཞི་དག་གྲ་སྒྲིག་བྱས་ཟིན་ལ་ཁོ་ཚོ་ག་དུས་ཡིན་ནའང་འཕུར་ཆོག་ཆོག་ཡིན།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2010-08-29 at 3:05 pm

    བརྩོན་འགྲུས་ལགས། ཉིད་ནས་བདག་གི་རྩོམ་ཡིག་འདི་ལ་རྒྱབ་སྐྱོར་ཞུས་པ་དེར་དགའ་ཡོད། བཀའ་དྲིན་ཆེ་ལགས། འུ་ཅག་ཚང་མའི་ན་ཟུག་གཅིག་པ་ཡིན་དུས། བོད་དོན་དུ་སྐད་ཆ་སུས་བཤད་ཀྱང་དྲང་བདེན་ཡོད་པ་ཞིག་ཡིན་ན་ཁྱད་པར་མེད་པ་ཡིན་དུས་ང་ལ་དམིགས་བསལ་གྱིས་དེ་འདྲའི་གདེང་འཇོག་སྣང་རན་གཏན་ནས་མེད་པ་རེད་ལགས།

    ཆབ་ཆ་སྨྲེང་བ་ལགས། ངེད་ཅག་གི་ནད་ཚ་འདི་ཞུགས་སྟངས་དངོས་ནས་ཚབ་ཆེན་དུ་སོང་ཡོད་ལ། ནད་ཚ་འདི་ནི་མི་རིགས་ཤིག་འཆི་ལམ་དུ་འགྲོ་བའི་ནད་ཚ་ཞིག་ཆགས་ཡོད་པ་དེ་ཡི་སྟབས་ཀྱི་ངའི་སྡུག་སྐད་ཤོར་བ་མ་གཏོགས། དེ་ལས་འུ་ཅག་ལ་དྲ་ངོས་འདི་ནས་ཅི་ཞིག་མ་ཐོབ་པར་ལུས་ཡོད། དངོས་ནས་འུ་ཅག་གིས་དཔུང་བ་མཉམ་གཤིབ་ཀྱིས་སྐད་ཤུགས་ཆེན་པོའི་ཤི་ལ་ཁད་ཀྱི་བོད་མིའི་སྐྱིད་སྡུག་གླེང་ཡ་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme