Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ལ་ཉན་རོགས།

Posted on 2008-06-07 By དབང་ཕྱུག་ 2 Comments on ང་ལ་ཉན་རོགས།

ལྷ་ལུང་རྒྱལ།

ཕྲག་དོག་གདོན་གྱི་བྱེད་བབ་ནག་པོའི།།
རྣོ་དབལ་སྤུ་གྲིས་སྙིང་གི་གླང་པོ།།
ཁྲག་ཏུ་བརྫུས་ཀྱང་ཤེས་རབ་སྣ་ཞགས།།
རིང་བར་བརྐྱངས་པ་འགོག་ཐབས་ཨེ་ཡོད།།

ལང་ལོང་སྤྲིན་པ་གོས་སུ་སྙམ་པའི།།
རྨོངས་མུན་སེམས་ཀྱི་འབོད་པའི་ལན་ལ།།
སྤར་གང་ཐལ་སྐྱའི་འཚུབ་མ་གཡོས་པ།།
དཀར་ནག་དབྱེ་བར་དུངས་པའི་བརྡ་ཡིན།།

ལྷ་ལ་གདོང་གྲོགས་གསོལ་མཆོད་མི་བྱ།།
མིའང་རྒྱབ་རྟེན་ངོ་དགས་མི་འགུགས།།
སྒོ་གསུམ་བདེན་པའི་རི་ལ་བརྙེས་ཏེ།།
དགའ་སྡུག་བར་མའི་ལམ་ལ་སྙེག་འགྲོ།

ཇག་པས་ཇག་པར་ཆོས་བཤད་མི་རན།།
གྲོག་མའི་གཅིན་པས་ས་གཞི་མི་རློན།།
བདག་གིས་བདག་ཉིད་ཤེས་བར་བརྩོན་ནོ།།
ཁྱོད་ཀྱང་རང་ལ་ཐེངས་གཅིག་གཟིགས་རོགས།།

རྒོད་པོ་ལྟ་བུའི་ལྡིང་སྐོར་སེམས་ཀྱང༌།།
གཤོག་པ་མེད་ན་ལག་པས་མི་ཡོང༌།།
སྦལ་ནག་གྲོང་མཐའི་རྫིང་བུར་འགྱིང་བ།།
འཕྲུལ་བའི་སྣང་བར་གླིང་དཀར་སྟོད་ཡིན།།

སྨྱོན་པས་རལ་གྲི་ཐེངས་གཅིག་གཡུགས་པར།།
སྡེ་ཆེན་མི་ཚོགས་འཇིགས་སྣང་མ་སྐྱེས།།
ཚངས་ཆེན་བྱིན་རླབས་རྫུ་འཕྲུལ་མེ་ཡིས།།
གྲི་ཡི་འཁྲི་ཤིང་སོལ་བར་བསྒྱུར་འགྲོ།

ག་ལེར་བཞུགས་དང་མི་ཚོགས་ཀློང་ནས།།
ངན་གཡོ་སྦྲུལ་གྱི་མགོ་བོ་གཅོད་པའི།།
བདེན་དོན་མཚོན་གྱི་གནམ་ལྕགས་ཐོག་མདའ།།
ཨ་ཇོའི་སྙིང་གི་དཀྱིལ་ལ་བབས་ཡོང༌།།
ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡ ལ་བྲིས།

སྙན་ངག

Post navigation

Previous Post: བོད་མིའི་སྐྱིད་སྡུག་མཉམ་མྱོང༌། དམངས་གཙོ་དང་ཚེ་སྲོག་ནི་རླབས་ཆེན་ཡིན།
Next Post: མི་ལོ་ཞེ་དགུར་མྱངས་པའྀ་བོད་མིའི་སྐྱིད་སྡུག་གི་སྤྱི་བཤད།

Comments (2) on “ང་ལ་ཉན་རོགས།”

  1. grabsal says:
    2008-06-07 at 2:39 pm

    ངེད་ཀྱིས་ཡུན་རིང་ནས་སྙན་ངག་ཀློག་ལ་མི་སྤྲོ་བ་ཞིག་ཡོད་པ་བསྒྱུར་ནས་སྙན་ངག་འདི་ལན་ཁ་ཤས་ཤིག་བཀླགས་པ་ཡིན། སེམས་ལ་ཟུག་འགྲོ་བ་ཞིག་འདུག ཐུགས་རྗེ་ཆེ། གློ་བུར་དུ་ང་ལ་དྭོགས་པ་ཁ་ཤས་སྐྱེས། གཅིག་ནི། རྣོ་དབལ་སྤུ་གྲིས་སྙིང་གི་གླང་པོ།།
    ཁྲག་ཏུ་བརྫུས་ཀྱང་ཤེས་རབ་སྣ་ཞགས།།
    ཞེས་པའི་ནང་གི་བརྫུས་ཞེས་པ་འདི་ཡིན། བརྫུས་ནི་བྱ་བྱེད་ཐ་མི་དད་པ་ཞིག་སྟེ། ཁོང་སྤྲང་བོར་བརྫུས་ནས་བྲོས་བྱོལ་ལ་ཕེབས་ལྟ་བུ་ཞིག་རེད་སྙམ། དེ་ལས་འདི་ལ་བརྫིས་ཞེས་འབྲི་དགོས་མེད་དམ་སྙམ། གཞན་ཞིག་ནི།
    སྦལ་ནག་གྲོང་མཐའི་རྫིང་བུར་འགྱིང་བ།།
    འཕྲུལ་བའི་སྣང་བར་གླིང་དཀར་སྟོད་ཡིན།།
    ཞེས་པའི་འཕྲུལ་འདི་ནི་སྤྲུལ་པའི་འཕྲུལ་ཡིན་ལ། གལ་སྲིད་ནོར་བའི་དོན་ཡིན་ན་འཁྲུལ་ཞེས་འབྲི་དགོས་སམ་སྙམ།

  2. sherab says:
    2008-06-08 at 12:01 pm

    very good

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme