Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རི་ཉིལ་གྱིས་གནོད་ཚུལ་ཕོགས་སའི་འབྲུག་ཆུ་ངོ་སྤྲོད།

Posted on 2010-08-12 By དགེ་རབ་ 42 Comments on རི་ཉིལ་གྱིས་གནོད་ཚུལ་ཕོགས་སའི་འབྲུག་ཆུ་ངོ་སྤྲོད།

ཨ་ནུ་ཐང་བསོད་ནམས་ཀྱིས།
———
གནས་དེ་ནི་ཐེ་བོའི་སྟོད་སྨད་བར་གསུམ་དུ་གྲགས་པའི་སྨད་ཀྱི་ཁོངས་གཏོགས་ཡིན་ཞིང་། ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་དགའ་ཡེ་ཤེས་དར་རྒྱས་ནས་རྒྱུད་པའི་བོད་བཙན་པོའི་མཐའ་མཚམས་སྲུང་དམག་གི་ཁྱིམ་རྒྱུད་ལས་བྱུང་བའི་མི་རིགས་ཤིག་ཡིན། དགའ་ཤེས་དར་རྒྱས་ཀྱི་ཁྱིམ་གཞི་ནི་ཅོ་ནེ་དཔོན་པོ་ཡིན་ཞིང༥༠ལོར་རྒྱ་མ་ཡོང་བར་དགའ་ཡེ་ཤེས་དར་རྒྱས་ཀྱི་ཁྱིམ་རྒྱུད་ཅོ་ནེ་དང་ཐེ་བོ་གཉིས་ཀྱི་དཔོན་པོ་ཡིན། མ་གཞི་ཐེ་བོ་སྟོད་སྨད་གཉིས་ལ་ཕལ་ཆེར་གཅིག་མཐུན་གྱི་སྐད་ཡོད་ཅིང་ཕན་ཚུན་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མེད་ཀྱང་། སྨད་ལ་སྐད་ལོགས་སུ་ཡོད་པས་ཐེ་བོའི་སྟོད་བར་གཉིས་ཀྱིས་སྨད་ལ་གློ་བུར་གོ་བརྡ་འཕྲོད་པའི་དཀའ་ངལ་ཡོད། ཐེ་བོ་ནི་ཨ་མདོ་ཡིན་པ་རྩོད་མེད་ཡིན་ཡང་ཐེ་སྟོད་ཀྱི་ཕྱད་དང་བར་མའི་སྐད་ནི་ཨམ་སྐད་ལས་ཁམས་སྐད་དང་ཉེ་བ་ཡོད་ཅིང་ཉམས་ཞིབ་པ་ཁ་ཤས་ཀྱིས་ཁམས་སྐད་དུ་འདོད། འབྲུག་ཆུ་སྟེ་ཐེ་བོའི་སྨད་ཀྱི་མི་མང་གི་ཚེ་སྲོག་ལ་བབ་ཀྱང་ཁོང་ཚོ་བོད་པ་མིན་ཞེས་བཤད་མྱོང་མེད་ལ། བོད་དབུས་གཙང་ནས་འོང་བའི་གཞས་དང་གཏམ་རྒྱུད་མང་པོ་དུས་ཆེན་དང་སྟུན་ནས་འཁྲབ་རྒྱུ་ཡོད། གནས་དེར་རྒྱ་མི་མང་ཞིང་རྒྱ་ཡི་གྲོང་པ་རེ་དང་བོད་ཀྱི་གྲོང་པ་ཁ་ཤས་འགྲམ་ཞིབ་ནས་ཡོད་ཀྱང་། གཉེན་སྟོན་དང་དུས་ཆེན་སོགས་ལ་ཕན་ཚུན་འབྲེལ་འདྲིས་གང་ཡང་མེད་པ་རྒྱ་ཡི་རྒྱ་སྲོལ་དང་བོད་ཀྱི་སྲོལ་བྱས་ནས་འགྲོ།

ཁོང་ཚོས་ཁོང་ཚོའི་སྐད་ཡང་བོད་སྐད་ཡིན་པ་གཅིག་གྱུར་གྱིས་སྒྲུབ་པ་མ་ཟད། བོད་དབུས་གཙང་ནས་ཆད་པའི་བོད་མིའི་བརྡ་རྙིང་ཡིན་པ་བཤད། ཁོང་ཚོར་དབུས་གཙང་ནས་དར་བའི་ལྷམ་དང་གྱོན་ཆས་ཀྱི་ལག་ཤེས་ད་ལྟའང་རྒྱུད་འཛིན་བྱས་ཡོད་ལ། དུས་སྟོད་དང་སྟུན་ནས་གོན་སྲོལ་ཡོད། གནས་དེ་ནི་རྒྱ་བོད་ས་མཚམས་ཡིན་ལ་ད་ལྟའང་མཐའ་མཚམས་ཀྱི་མཁར་ངོས་ལྷག་འཕྲོ་མཐོང་རྒྱུ་ཡོད་ཅིང་བོད་བཙན་པོས་རྒྱལ་ཁབ་འཇིག་རྗེས་སུ་དུས་ཀུན་རྒྱ་དང་འཐབ་པས་རྒྱ་ལ་དགྲ་འཛིན་གྱི་འདུ་ཤེས་ཧ་ཅང་ཆེ་ལ། བོད་ཕྱོགས་ནས་རོགས་སྐྱོར་ཆད་པས་རྩ་ཐང་གི་བྱིའུ་བཞིན་སྐྱབས་མེད་མགོན་མེད་ཀྱི་གནས་སུ་མཆིས་ཞིང་། ས་མཚམས་སུ་སྡུག་ངལ་མྱོང་མཁན་གྱི་དྭ་ཕྲུག་ཡིན། འོན་ཀྱང་། བོད་མིའི་ལ་རྒྱ་དང་རྒྱལ་ཞེན་གྱི་མེ་རུ་དུས་ནམ་ཡང་གནས་དེ་རུ་ཞི་མྱོང་མེད་ལ་བོད་ཡིན་ཞེས་སྤོབས་སེམས་དང་ལྷན་རླུང་དུ་བསྒྲགས། དེ་སྔོན་དམག་དམག་རྒྱང་སྐྱོད་སྐབས་ཐེ་བོ་མི་མིང་གིས་རྒྱ་དམག་དུམ་བུ་བཅད་ཅིང་གཙོ་བདག་མོའོ་ཡང་རི་མགོའི་རི་དྭགས་བཞིན་ག་འགྲོ་འདི་མེད་དུ་གྱུར་བས་ཡུལ་དེའི་རྒན་མོ་ཞིག་ལས་ཟས་བསླངས། རྒན་མོ་དེས་མོའོ་ཡི་ཚེ་སྲོག་སྐྱོབས་པས་རྗེས་སུ་མོའོ་ཡིས་ངའི་མི་ཚེའི་ནང་དཀའ་ངལ་ཆེ་ཤོས་དང་། སྲོག་ཉེན་ཆེ་ཤོས་ཀྱི་གནས་ཤིག་ཡིན་ཞེས་སྲིད་དབང་ཐོབ་རྗེས་ལ་ཙི་རི་བོར་དྲན་རྟེན་གྱི་རྡོ་རིང་བསླངས། གནས་དེར་ད་ལྟ་རྒྱ་ཡི་ལོ་རྒྱུས་ཉམས་ཞིབ་པ་དང་ཡུལ་སྐོར་པ་ཡོང་ས་གྱུར་ཞིང་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ཆ་ཤས་གལ་ཆེན་ཆགས། གནས་ལུགས་འདི་དང་རྒྱབ་ལྗོངས་འདིས་འོག་ནས་རྒྱ་ནག་གཞུང་གིས་ཡུལ་དེ་གནས་འགགས་སུ་མཐོང་ཤས་ཆེ་སྟེ། ད་ལྟ་སྲིད་བློན་བིན་ཡང་གནས་དེ་ལ་ལྟ་སྐོར་དུ་འགྲོ་རྒྱུའི་འཆར་གཞི་འདུག དེ་མིན་བོད་ཕྱོགས་ནས་ད་ལྟ་དེ་ཙམ་དོ་སྣང་མེད་པའི་རྣམ་པ་མཐོང་།
སྤུན་ཟླ་རྣམས། སེམས་མ་སྡུག ཁྱེད་ཚོའི་ནང་མི་དང་ཉེར་འབྲེལ་མང་དུ་བརླགས་ཀྱང་ཁེ་རྐྱང་མིན། ང་ཚོ་ཁྱེད་ཚོ་དང་ལྷན་དུ་ཡོད། བློ་མ་ཕམ། སེམས་མ་ཞི། ཁྱེད་ཚོ་ཁེ་རྐྱང་མིན། དུས་ནམ་ཡང་མིན།

རྩོམ་རིག

Post navigation

Previous Post: བདེ་མོ་བྱོས། དྲ་གྲོགས་ཚོ། དྲ་ཁྱིམ་ལས་དགོངས་པ་ཞུ་དགོས་བྱུང་སོང་།
Next Post: མང་པོ་མང་པོ་ཞིག་་་་

Comments (42) on “རི་ཉིལ་གྱིས་གནོད་ཚུལ་ཕོགས་སའི་འབྲུག་ཆུ་ངོ་སྤྲོད།”

  1. བསེ་རོང་འོད་ཟེར། says:
    2010-08-13 at 1:12 am

    ཨ་ནུ་ཐང་བསོད་ནམས་ལགས།
    ལོ་རྒྱུས་ཀྱི་བརྒྱུད་རིམ་ལྡན་པའི་ཁྱེད་ཀྱི་རྩོམ་ཐུང་འདིས་འབྲུག་ཆུའི་སྐོར་ལ་ཆ་རྒྱུས་མེད་པ་དག་ལ་ཕན་འབྲས་ངེས་ཅན་ཐོན་རྒྱུ་ཡིན་པ་སྨོས་མེད་རེད། གྲོགས་པོ་ལགས་ཐུགས་རྗེ་ཆེ།

  2. གཅན་བཟོད་རྒྱམ། says:
    2010-08-13 at 1:49 am

    འབྲུག་ཆུར་རྐྱེན་འདས་པའི་གྲངས་༡༡༤༤ ལ་འཕར་བ།
    http://www.rangwang.net/?essayId=623

  3. རྡོ་རྗེ། says:
    2010-08-13 at 3:07 am

    གྲོགས་པོ་ལགས་ཐུགས་རྗེ་ཆེ། བདག་ལ་མཚོན་ན་འབྲུག་ཆུ་རྫོང་ལ་རི་ཉིལ་ནས་མི་མང་པོ་རྐྱེན་ལམ་དུ་སོང་བའི་གནས་ཚུལ་བརྙན་འཕྲིན་དང་། དྲ་ལམ་རྒྱུད་ནས་ཤེས་རྟོགས་བྱུང་། འོན་ཀྱང་ས་གནས་དེར་བོད་དང་རྒྱའི་ས་ཆ་གང་ཡིན་མ་ཤེས་པར་ཐེ་ཚོམ་ནས་བསྡད་ཡོད། སླད་ཀྱང་རྫོང་དེའི་དེང་དུས་ཀྱི་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་ན་འགོད་རོགས་ཞུ།

  4. ཨ་ནུ་ཐང་བསོད་ནམས། says:
    2010-08-13 at 3:35 am

    འབྲུག་ཆུ་ནི་ཐེ་བོའི་སྨད་རྒྱུད་ཡིན་ཞིང་ཐེ་བོ་ནི་མདོ་སྨད་རོང་ཆེན་བཞིའི་ཡ་གྱལ་ཡིན།

  5. མི་རྐང་གླིང་བུ། says:
    2010-08-13 at 5:04 am

    ཨ་ནུ་ཐང་ལགས། འབྲུག་ཆུའི་གནས་ཚུལ་ངོ་སྤྲོད་བྱས་པ་ལེགས། ཐུགས་རྗེ་ཆེ། ད་དུང་ཡང་གནའ་རབས་དང་། དེ་རིང་གི་གནས་ཚུལ་གང་ཞིག་རག་ཀྱང་དྲ་ཐོག་ཏུ་འཇོག་རོགས།

  6. ལྷ་སྨོན་པ། says:
    2010-08-13 at 11:55 pm

    དྲ་གྲོགས་རྣམ་པ། བཙན་བྱོལ་ནང་དུ་འབྲུག་ཆུ་ནས་ཡིན་པའི་བོད་ཡོད་མེད་ཧ་གོའམ། ངས་བསམ་བློ་ཞིབ་ཏུ་ད་བར་འབྲུག་ཆུ་ཡིན་ཟེར་མཁན་སུ་གཅིག་དང་ཐུག་མ་སོང་། བཙན་བྱོལ་ནང་དུ་འབྲེལ་བ་དེ་ཙམ་མེད་པ་འདྲ། ཁྱེད་རྣམ་པས་ཕ་ཡུལ་འབྲུག་ཆུ་ཡིན་པ་བཙན་བྱོལ་བ་སུ་ངོ་ཤེས་སམ། ཤེས་ན་འདིར་ངོ་སྤྲོད་གནང་རོགས།
    ད་བར་མི་མང་པོ་ཞིག་ཤི་བའི་ནང་དུ་བོད་པ་ག་ཚོད་ཡོད་མེད་ཤེས་རྟོགས་ཡོད་མཁན་ཡོད་དམ་མེད། ཡོད་ན་འདིར་གསལ་བཤད་རེ་གནང་ན་ཡག་པོ་འདུག

  7. འཇམ་དཔལ་རྣོན་པོ། says:
    2010-08-14 at 1:23 am

    ཨེཤེ་ཡ་རླུང་འཕྲིན་ཁང་གིས་བཤད་པ་ལྟར་ན་འབྲུག་ཆུ་རུ་མི་ཤི་བའི་སུམ་ཆ་གཅིག་བོད་པ་རེད་ཟེར་བ་ཞིག་གོ་སོང་།

  8. ཨ་ནུ་ཐང་བསོད་ནམས། says:
    2010-08-14 at 3:27 am

    ལྷ་སྨོན་ལགས། འབྲུག་ཆུ་ནས་ཡིན་པའི་ཡར་འཕེལ་ཟེར་བ་ཞིག་ཨ་རིའི་Portland , Oregonཡོད་ཀྱང་ང་ལ་ཁོང་གི་ཁ་བྱང་སོགས་གང་ཡང་མེད། དེ་མིན་འབྲུག་ཆུ་དང་བར་ཐག་ཉེ་ཞིང་སྐད་དང་ཆས་གོས་གཅིག་པའི་ད་ལྟ་ཐེ་བོའི་རྫོང་ཁུངས་སུ་གཏོགས་པའི་མི་སྣ་ཁ་ཤས་རྡ་སར་ཡོད། འབྲུག་མི་ཐུག་ཀྱང་ཐེ་བོ་ཡིན་ཟེར་བ་ལས་འབྲུག་ཆུ་ཡིན་ཟེར་མཁན་ཧ་ཅང་ཉུང་། རྒྱུ་མཚན་ནི་གནའ་བོད་ལོ་རྒྱུས་ཐོག་འབྲུག་ཆུ་ཐེ་བོའི་ཆ་ཤས་ཤིག་ཡིན་པས་རེད།
    གོ་ཐོས་ལྟར་ན་འབྲུག་ཆུའི་རི་ཉིལ་གྱིས་གནོད་སྐྱོན་ཕོགས་ཡུལ་མང་ཤོས་རྒྱ་མི་ཡིན་པ་དངོས་འབྲེལ་རེད།

  9. ལྷག་བསམ། says:
    2010-08-14 at 4:24 am

    འབྲུག་ཆུ་ནས་ཡིན་པའི་བོད་རིགས་ཕལ་ཆེ་བ་བོན་པོ་ཡིན་ས་རེད། དེ་ཚོ་བཙན་བྱོལ་དུ་ཞེ་དྲགས་སླེབས་མི་འདུག བན་དེ་ཡིན་པ་དེ་ཚོ་སླེབས་ཡོད་ཀྱང་འབྲུག་ཆུ་ནས་ཡིན་ཞེས་ལབ་ཀྱི་མེད་པ་འདྲ། འདི་འདྲའི་བོན་པོ་ནི་རྒྱ་མཚམས་ཕལ་ཆེ་བ་ན་མང་པོ་ལྷག་འདུག དེ་ཚོ་ནི་སྔོན་མ་རྒྱ་མིས་བསྲུངས་ནས་བསྒྱུར་མ་ཐུབ་པའམ་བསད་མ་ཐུབ་པ་འདྲ་ཞིག་ཡིན་ས་རེད།

  10. བསེ་རོང་འོད་ཟེར། says:
    2010-08-14 at 6:01 am

    འབྲུག་ཆུ་རྫོང་རང་ནས་ཡིན་པ་ཞིག་ད་ལྟ་རྒྱ་གར་ནང་ཕལ་ཆེར་མེད་པ་འདྲ། ཨ་ནུ་ཐང་གིས་བཤད་པའི་ཡར་འཕེལ་ཞེས་པ་ཞིག་ཨ་རི་ན་ཡོད་ཀྱང་ཁོང་ལ་དངོས་སུ་འབྲེལ་བཤད་ས་རག་གིན་མི་འདུག དེ་རིང་ཡང་འབྲུག་ཆུའི་རྫོང་ཐོག་ན་གནམ་གཤིས་ཡག་པོ་མེད་པའི་གནས་ཚུལ་འདུག སྤྱིར་ཐེ་སྟོད་ཀྱི་མི་མང་བོ་རྡ་སར་ཡོད་ཀྱང་ཐེ་སྨད་རང་ལ་ད་ལྟ་འབྲེལ་བ་བྱེད་སའི་ངོ་ཤེས་མེད་པའི་དཀའ་ངལ་ཆེན་པོ་འདུག་ཀྱང་ང་ཚོས་གནས་ཚུལ་འཚོལ་སྒྲུབ་བྱེད་བཞིན་པའི་སྒང་ཡིན། ད་ལྟ་ང་ཚོས་མཐོང་ཡུལ་དུ་གྱུར་པའི་རི་ཉིལ་རྒྱག་སའི་རི་དེའི་སྒང་ན་བོད་པའི་གྲོང་ཚོ་གཉིས་ཡོད་པ་དང་། རི་བོ་དེའི་སྒང་ན་འདམ་ཉོག་དང་ཆུ་མིག་མང་བོ་ཡོད་པ་མ་ཟད་སྒང་ན་ཆུ་གློག་གི་ཆུ་མཛོད་བསྐྱིལ་ཡོད་འདུག རི་བོ་དེའི་འདབ་རོལ་དུ་ཡོད་པའི་གྲོང་ཚོ་ཤུལ་མེད་དུ་གྱུར་པ་དེ་རྒྱ་མའི་གྲོང་ཚོ་ཡིན་འདུག་ཀྱང་རྫོང་ཐོག་གི་ལས་བྱེད་རྒྱ་ཆ་བདུན་བཅུ་བོད་རིགས་ཡིན་པས་བོད་པའི་ལས་བྱེད་པ་དང་། ཚོང་ཁང་གཉེར་མཁན་དང་། ཟ་ཁང་དང་། མགྲོན་ཁང་གཉེར་མཁན་སོགས་ཀྱི་བོད་རིགས་མང་ཡོད་འདུག ལྷག་དོན་བོད་པའི་སློབ་མ་མང་ཡོད་ཀྱང་ད་ལྟའི་གནས་སྟངས་གསལ་གོ་མ་བྱུང་།

  11. ནུ་ཁའི་ལྗང་ལོ་། says:
    2010-08-14 at 10:22 pm

    ཨ་ནི་ཐང་ད་དུང་འབྲུག་ཆུ་ཞེས་པའི་མིང་ཐོགས་དོན་ནི་འབྲུག་དཀར་གཙང་པོ་ཡིན་ཞིང་། འབྲུག་དཀར་གཙང་པོའི་འབྱུང་ཁུངས་ནི་ཨ་མདོའི་སྟག་ཚང་ལྷ་མོ་རེད་།

  12. བཀྲ་ཤིས་དོན་འགྲུབ། says:
    2010-08-15 at 8:43 am

    ཨ་ནུ་ཐང་བསོད་ནམས་ལགས། འབྲུག་ཆུ་ངོ་སྤྲོད་བྱས་པ་ཐུགས་རྗེ་ཆེ། དེང་སྐབས་བོད་པའི་ཆབ་སྲིད་གོ་རྟོགས་དང་། ཤེས་རྒྱ། ལྟ་རྒྱ་ཆུང་དྲག་པས་རང་རེའི་མཐའ་མཚམས་ཀྱི་བོད་པ་དག་མི་རིགས་གཞན་དུ་ལྟ་བ་དང་། རང་གི་ཕལ་སྐད་ཙམ་མ་གོ་ནའང་མི་རིགས་གཞན་དུ་ལྟ་བའི་གནས་སྐབས་འདིར། ཁྱེད་ཀྱི་དམུ་དགེ་བསམ་གཏན་ཚང་གི་<>ཞེས་པ་ལྟ་བའི་རྩོམ་ཡིག་{ད་ལྟ་ཡང་རྒྱ་གཞུང་གི་ཆཱང་རིགས་སུ་འབོད་པ་དེ་བོད་མི་གླེན་རྒན་ཚོས་བོད་རིགས་སུ་འདོད་མྱོང་མེད། རྒྱུ་མཚན་ནི་ལུང་དགུ་མདོའི་ས་ཡོམ་དང་ཟླ་བདུན་པའི་ཚེས་སོ་གཅིག་གི་དགོང་མོའི་ལི་རྫོང་འབོ་ཏོག་ཤུ་ཀོ་ཞང་གི་འཕགས་པ་སྡེ་པའི་འཕགས་པ་ལུང་བ་དང་འདི་ཟླའི་ཚེས་བཅུ་གསུམ་ཉིན་གྱི་བུན་ཁྲོན་སོགས་སུ་ཆུ་ལོག་གིས་ས་གནས་དམངས་ཚོགས་ལ་མི་རྒྱུ་སྲོག་གསུམ་གྱི་གྱོང་གུད་ཚབས་ཆེན་ཕོག་ཡོད་ན་ཡང་མི་རིགས་གཅིག་གི་འདུ་ཤེས་ཀྱི་སྒོ་ནས་ཁ་ཡག་གི་འཚམས་འདྲི་ཙམ་ཡང་གནང་མྱོང་མེད།}ཅིག་འབྲི་ཐུབ་ན། ལོ་རྒྱུས་དང་ཆབ་སྲིད་གང་གི་ཆ་ནས་ཀྱང་དོན་སྙིང་ལྡན་པ་ཞིག་ཡིན་སྲིད།

  13. དབང་ཆེན། says:
    2010-08-15 at 9:12 am

    རྒྱ་གར་ཀ་ལི་ཀ་ཏར་འབྲུག་ཆུའི་བུ་རྡོ་རྗེ་ཟེར་བ་ཞིག་འདུག ཨ་རི་སེ་ཨ་ཊྀཪ་དུ་འབྲུག་ཆུའི་བུ་འཇམ་དབྱངས་ཟེར་བ་ཞིག་འདུག ཀིརྟི་བྱེས་པ་གྲྭ་ཚང་དུའང་རེ་གཉིས་ཡོད་པ་ཐོས་པས་བཟལ་རོགས་ཞུ། མདོར་ན་འབྲུག་ཆུ་འདི་བོད་པ་དང་ཨ་མདོ་སྙོན་མེད་ཡིན་ཀྱང་ད་བར་བོད་པ་ཚོར་རོགས་སྐྱོར་བྱེད་མཁན་ཅི་ཙམ་བྱུང གསལ་ཁ་མ་ངེས། །

  14. བསེ་རོང་འོད་ཟེར། says:
    2010-08-15 at 2:34 pm

    དབང་ཆེན་ལགས།
    རྒྱ་གར་ཀ་ལི་ཏར་ཡོད་པའི་རྡོ་རྗེ་དང་། ཨ་རིར་ཡོད་པའི་འཇམ་དབྱངས་གཉིས་འབྲེལ་བ་བྱ་སའི་ཁ་བྱང་རེ་གནང་ཐབས་ཡོད་དམ། ཀིརྟིའི་བྱེས་གྲྭར་དེང་སང་འབོད་བཞིན་པའི་འབྲུག་རྫོང་རང་གི་ཁོངས་ཀྱི་མི་འདིར་མི་མོད། འོན་ཀྱང་འབྲུག་ཆུ་ནི་ཐེ་བོ་སྨད་མ་ཡིན་པས་ཐེ་བོ་འདིར་མང་པོ་འདུག་ལ་ཁོང་ཚོས་གཙུག་ལག་ཁང་དུ་མཆོད་མེ་འཇོག་པ་དང་འབྲུག་ཆུའི་ད་ལྟའི་གནས་སྟངས་ཛ་དྲག་སོགས་ཀྱི་གནས་ཚུལ་འཚོལ་སྒྲུབ་བྱེད་བཞིན་པའི་སྒང་རེད། བོད་ནང་དུ་རོགས་སྐྱོར་མང་པོ་རྒྱ་གཞུང་གིས་གཏོང་གིན་མེད་ད་ལྟ་རོགས་སྐྱོར་པ་མང་པོ་ས་ཁུལ་རང་ལ་སོང་ནས་རོགས་སྐྱོར་གྱི་ཐབས་ལམ་འཚོལ་བཞིན་པའི་སྒང་རེད་འདུག

  15. བསེ་རོང་འོད་ཟེར། says:
    2010-08-15 at 2:45 pm

    དྲ་གྲོགས་ཨ་ནུ་ཐང་གཙོ་བྱས་པའི་དྲ་གྲོགས་ཡོངས་ནས་འབྲུག་ཆུའི་གནོད་ཐེབས་ས་ཁུལ་ལ་གདུང་སེམས་མཉམ་སྐྱེད་ཆེད་དུ་གླུ་པ་ཚོས་གླུ་གཞས་ཆེད་སྒྲིག་བྱ་འཆར་ཡོད་པ་ལགས་ན་གླུ་ཚིག་རེ་ཞབས་འདེབས་གནང་སྐྱོང་ཡོང་བར་ཞུ།

  16. ཨ་ནུ་ཐང་བསོད་ནམས། says:
    2010-08-15 at 3:55 pm

    བསེ་རོང་འོད་ཟེར་ལགས། ཉེར་ཆར་གྱི་གནས་ཚུལ་ཀུན་གཅིག་རྗེས་གཉིས་མཐུད་ཀྱིས་ངོ་སྤྲོད་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།

  17. བསེ་རོང་འོད་ཟེར། says:
    2010-08-15 at 11:48 pm

    ད་ནང་ཞོགས་པའི་ཆུ་ཚོད་ལྔ་པའི་ཐོག་ནས་རྡ་སར་ཡོད་པའི་ཐེ་བོ་ཚོས་འདས་གྲོངས་སུ་སོང་བའི་འབྲུག་ཆུའི་བོད་རིགས་རྣམས་ཀྱི་ཆེད་དུ་གཙུག་ལག་ཁང་ནང་དུ་མཆོད་མེ་སྟོང་མཆོད་བླུགས་བཞིན་འདུག
    རི་ཉིལ་གྱི་གནོད་འཚེ་བྱུང་ནས་བདུན་ཕྲག་གཅིག་ལྷག་འགོར་ཡང་ད་དུང་རོགས་སྐྱོར་འདང་ངེས་མ་བྱུང་བའི་གནས་སྟངས་སྐྱོ་བོ་མུ་མཐུད་དེ་ལྷག་འདུག

  18. བསེ་རོང་འོད་ཟེར། says:
    2010-08-16 at 12:25 am

    འབྲུག་ཆུ་རྫོང་གི་རྫོང་དཔོན་གྱིས་ད་རེ་འདས་གྲོངས་སུ་སོང་པ་མང་ཆེ་བ་བོད་རིགས་ཡིན་པས་ཁོང་ཚོའི་མཚན་རྣམས་རྡོ་རིང་གཅིག་བཙུགས་ཏེ་དེའི་ངོར་བརྐོ་དགོས་པ་མ་ཟད་བོད་ཀྱི་ལུགས་སྲོལ་ལྟར་རྡོ་རིང་མདུན་བོད་མིའི་ཁྱད་ཆོས་ཡོད་པའི་མ་ནི་རྡོ་འབུམ་གྱིས་སྐོར་དགོས་པའི་བསམ་འཆར་བཏོན་འདུག
    རྫོང་དཔོན་ཁོང་བོད་རིགས་ཐེ་བོ་པ་ཞིག་ཡིན་པའི་གནས་ཚུལ་འདུག

  19. རྡོ་ཚེ་བརྟན་ནས། says:
    2010-08-16 at 12:38 am

    གོ་ཐོས་ལྟར་ན། བོད་ཕྱི་ན་ཡོད་པའི་བོད་མི་མང་ཆེ་ཤོས་ནི་མཁས་པ་དང་འཇོན་ཐང་ཅན་ཏག་ཏག་ཡིན་ལ། བོད་ཡིག་ལའང་བྱང་ཆུད་པ་འདུག་ཟེར་གིན་ཡོད། རབ་ཡིན་ན་ཁྱེད་ཚོ་ལས་བོད་ས་མཚམས་ཀྱི་ལོ་རྒྱས་འཚོལ་བསྡུ་བྱས་ཏེ་དྲ་ཐོག་ཏུ་འགོད་ན་དགོས་གལ་ཤིན་ཏུ་ཆེ།

  20. རྡོ་ཚེ་བརྟན། says:
    2010-08-16 at 12:50 am

    རྒྱ་གར་ན་བཞུགས་པའི་རོང་ཆེན་བསྟན་པའི་སྒྲོན་མེ། བླ་མ་ཀུརྟི་ཚང་གི་ཐེ་བོ་ཕྱོགས་ཀྱི་གྲྭ་བ་ཚོ་ལ་འབྲུག་ཆུའི་གནས་ཚུལ་དྲིས་ན་ཤེས་བ་རེད།

  21. དབང་ཆེན། says:
    2010-08-16 at 10:13 am

    དཀོན་མཆོག་མཁྱེན། འདས་པའི་བཙན་པོའི་ལ་རྒྱ་དེ། །ཕྲག་ཏུ་འཛིན་པའི་འབྲུག་ཆུ་བ། །ཁྱོད་ནི་རྒྱལ་སྲུང་དཔའ་བོའི་རྒྱུད། །ལོ་རྒྱུས་ཁྲོད་ཀྱི་རྡོ་རིང་ཡིན། །རྙིང་བཞི་གཏོར་བའི་གུང་ཁྲན་ལ། །རྡོ་ཆར་འབེབས་པའི་འབྲུག་ཆུ་བ། །ཁྱོད་ནི་གཞོམ་མེད་བོད་རིགས་སྟེ། །དཔའ་མཛང་བྱས་རྗེས་འཇོག་མཁན་ཡིན། །མང་པོས་ཉུང་ངུ་གནོན་པའི་དུས། །མདུན་བསྐྱོད་ཕོད་པའི་འབྲུག་ཆུ་བ། །ཁྱོད་ཀྱི་སྙིང་ཁྲག་དྲོན་མོ་ཡིས། །བརྗེད་དུ་མེད་པའི་ཟིན་ཐོ་བྲིས། །འཐབ་རྩོད་བཅོས་བསྒྱུར་བྱེད་པའི་དུས། །ཡིད་ཆེས་འོས་པའི་འབྲུག་ཆུ་བ། །ཁྱོད་ཀྱིས་རང་གི་མི་རིགས་ཤིག །ནམ་ཡང བཙོང་པའི་ལོ་རྒྱུས་མེད། །བོད་མིས་རང་འགོ་འདོན་པའི་དུས། །སྤོབས་པ་ལྡན་པའི་འབྲུག་ཆུ་བ། །ཁྱོད་ཀྱི་འགྱུར་མེད་དམ་བཅའ་ཡིས། །ངར་ཤུགས་ནམ་ཡང ཞུམ་པ་མེད། །མ་འོང་མདུན་ལམ་ཆེན་པོ་ལ། །རྒྱང་བསྐྱོད་ནུས་པའི་འབྲུག་ཆུ་བ། །འབྱུང་བཞིའི་འགྱུར་བ་འཇིགས་རུང་ལས། །སྒྲོལ་བའི་དཔའ་ངར་གཟེངས་མཐོར་སྦོར། །ངེད་ཅག་བོད་མི་གྲངས་ཉུང་ཞིང་། །དཔལ་འབྱོར་མཛོད་སྒོ་དམ་ཆེ་ཡང་། །མི་རིགས་གཅིག་གི་གདུང་སེམས་འདི། །གཏན་ཏུ་ཁྱོད་དང་ལྷན་དུ་གནས། །ཅེས་པའང་སྐྱོ་བའི་མིག་ཆུ་ཞིག་ལྷུང་བའི་མུར་སྙིང་སྟོབས་བསྐྱེད་དེ་བོད་པ་དབང་ཆེན་དུ་འབོད་པས་ཤར་མར་བྲིས། །

  22. བསེ་རོང་འོད་ཟེར། says:
    2010-08-16 at 2:41 pm

    ཕྱི་ལོ་ ༢༠༡༠ ཟླ་བ་ ༨ ཚེས་ ༡༥ ཉིན་འབྲས་སྤུངས་བླ་སྤྱི་ཁང་དུ་བློ་གསལ་གླིང་དང་སྒོ་མང་གྲྭ་ཚང་གཉིས་ཀྱི་མཐུན་མོང་ནས་འབྲུག་ཆུའི་རི་ཉིལ་གྱི་གནོད་འཚེ་འོག་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་མཆོད་འབུལ་རྒྱས་པ་ཞིག་བྱས་པའི་གནས་ཚུལ་འདུག དེའི་ཉིན་སྒོ་མང་གྲྭ་ཚང་གི་ངོས་ནས་དམིགས་གསལ་མཆོད་འབུལ་ཞིག་ཚོགས་པའི་གནས་ཚུལ་འདུག
    ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ ཉིན་འབྲས་སྤུངས་སྒོ་མང་ཐེ་བོ་ཁང་མཚན་གྱིས་འབྲུག་ཆུའི་རི་ཉིལ་གྱིས་གནོད་འཚེ་འོག་ཏུ་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་མཆོད་འབུལ་ཞིག་ཐེ་བོ་ཁང་མཚན་རང་དུ་ཚོགས་འདུག

  23. བསེ་རོང་འོད་ཟེར། says:
    2010-08-16 at 3:11 pm

    ལྷག་བསམ་ལགས།
    སྤྱིར་བོད་མི་ཞིག་ཡིན་ཕྱིན་བན་བོན་གང་ཡིན་ཡང་ཁྱད་པར་གང་ཡང་མི་འདུག འབྲུག་ཆུ་རྫོང་ཁོངས་རང་ན་སྔོན་ཆད་དགོན་པ་ཉེར་ལྔ་ཙམ་ཡོད་པ་ལས་བོན་དགོན་གཅིག་མ་གཏོགས་མི་འདུག་ལ་ཕལ་ཆེར་བ་དགེ་ལུགས་དགོན་པ་ཡིན་འདུག་ལ་དགོན་པ་དེ་དག་གི་མཚན་དང་ནམ་བཏབ་ཀྱི་ལོ་ཚིགས། འདེབས་པ་པོ་སུ་ཡིན་སོགས་གཤམ་དུ་ངོ་སྤྲོད་ཅུང་ཙམ་བྱ།
    སེར་བོ་གཤོང་དགོན་བཀྲ་ཤིས་ལྷུན་པོ་གླིང་ནི་སེར་བོ་དོན་གྲུབ་རྒྱ་མཚོས་ཕྱི་ལོ་ ༡༦༨༠ ལོར་ཕྱག་བཏབ་ཅིང་། ཁོང་ཡུལ་དབུས་ལ་ཐེངས་གཉིས་པ་དེ་ཕེབས་ནས་པན་ཆེན་རིན་པོ་ཆེ་རབ་གནས་ཆེད་དུ་གདན་འདྲེན་བྱས་སྐབས་༧པན་ཆེན་རིན་པོ་ཆེ་ཁོང་གིས་ཡུལ་དབུས་རང་ནས་རབ་གནས་བྱས་ན་འཐུས་པར་གསུངས་ཀྱང་ཁོང་ཡིད་མཆིས་པར་༧པན་ཆེན་རིན་ཁོང་མདུན་དུ་མེ་ལོང་ཞིག་ཡོད་པ་དེའི་ནང་རང་ཡུལ་བསྟན་པ་སོགས་ཀྱིས་དགོན་མགོ་བཀྲ་ཤིས་ལྷུན་པོར་ཕུལ་ནས་དགོན་མིང་ལ་བཀྲ་ཤིས་ལྷུན་པོ་ཞེས་བཏགས་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན། ཆུ་ནག་ལུང་དགོན་བཀྲ་ཤིས་དར་རྒྱས་གླིང་ནི་དགའ་ལྡན་དགོན་པའི་གྲྭ་བ་ཞིག་གིས་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག པེ་ཀུན་དགོན་བཀྲ་ཤིས་ཆོས་འཕེལ་གླིང་ཡང་དགའ་ལྡན་དགེ་བློ་བཟང་དཀོན་མཆོག་གིས་ཕྱི་ལོ ༡༧༠༩ ལོར་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན། ཨོང་གསུམ་དགོན་དགའ་ལྡན་ཚོགས་འཕེལ་གླིང་ནི་ཕྱི་ལོ་ ༡༦༩༤ ལོར་ཇོ་ཏོ་ཚུལ་ཁྲིམས་ཡོན་ཏན་གྱིས་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག དགའ་རུ་དགོན་ཐུབ་བསྟན་དར་རྒྱས་གླིང་ནི་ཕྱི་ལོ ༡༧༥༠ ལོར་རབ་འབྱམས་པ་བློ་བཟང་མཁས་མཆོག་ཚང་གིས་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག ཟང་ལེ་དགོན་བཀྲ་ཤིས་བདེ་ཆེན་གླིང་ནི་ཕྱི་ལོ་ ༡༧༦༠ ཐམས་པ་ཡས་མས་སུ་དགེ་སློང་བློ་བཟང་ཤེས་རབ་ཀྱིས་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག ཙན་དན་དགོན་བཀྲ་ཤིས་བསམ་འགྲུབ་གླིང་ནི་ཅོ་ནེ་དགོན་ཆེན་གྱི་དགེ་བཤེས་ཤིག་གིས་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག ལོ་ཚིགས་མི་གསལ་ཡང་། འདི་ཉིད་ཐང་རྒྱལ་རབས་སྐབས་ཙམ་ལ་བཏབ་པའི་ངག་རྒྱུན་ཞིག་ཀྱང་འདུག བདེ་ཆེན་བཤད་སྒྲུབ་གླིང་ནི་ཕྱི་ལོ་ ༡༦༢༡ ལོར་དགེ་སློང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕྱག་བཏབ་པའི་དགེ་ལུགས་པའི་དགོན་པ་ཞིག འདིའི་མན་ཆད་ཀྱི་ལོ་ཚིགས་སོགས་འཚོལ་སྒྲུབ་བྱས་ཏེ་དགོད་ཆོག་པར་ཞུ། བུ་བདེ་དགོན། སྐྱིད་སྐྱོང་དགོན། སྒོ་བཞི་དགོན་པ། ཆུ་མིག་དགོན་པ། ཕུད་སྡོད་དགོན་བཀྲ་ཤིས་ལྷུན་པོ། ཨ་སྨོན་དགོན་དགའ་ལྡན་ཆོས་འཁོར་གླིང་། ཨུ་པེ་དགོན་བཀྲ་ཤིས་དར་རྒྱས་གླིང་། སྤང་སྡོང་དགོན་དམ་ཆོས་དར་རྒྱས་གླིང་། ཇོ་ཏོ་རི་ཁྲོད་བཤད་སྒྲུབ་དར་རྒྱས་གླིང་། བོད་ཡུལ་བཀྲ་ཤིས་ཆུ་གདོང་གླིང་། རྒྱ་མཁར་ཐང་དགོན་དགའ་ལྡན་དར་རྒྱས་གླིང་། གོང་སྨད་དགེ་འཕེལ་གླིང་། ཀླུ་བདེ་བའི་བཀྲ་ཤིས་དགོན། ཨུར་རྩ་བཀྲ་ཤིས་ཆུ་དཀར་གླིང་། ཀྭ་ཧ་དགོན་བཀྲ་ཤིས་དགེ་འཕེལ་གླིང་། མདའ་ཧྭ་དགོན་བཀྲ་ཤིས་དགེ་འཕེལ་གླིང་། ཡག་ཧྭ་དགོན་བསམ་གཏན་བཤད་སྒྲུབ་གླིང་།

  24. ཤར་རལ་གྲི says:
    2010-08-16 at 3:49 pm

    སྤྱི་ཟླ་༨ པའི་ཚེས་༡༥ ཕྱི་དྲོ་ནིག་ཡོག་ན་ཡོད་མདོ་སྨད་སྐྱིད་སྡུག་ཚོགས་པའི་བཀོད་སྒྲིག་འོག་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་གི་རི་ཉུལ་གནོད་འཚེ་ཡིས་ཕོགས་པའི་འདས་པོ་རྣམས་ཀྱི་ཆེད། དགེ་འདུན་པ་འགའ་དབུ་བཞུགས་ཀྱི་འོག་མི་གྲངས་བརྒྱ་སྐོར་ཅིག་གིས་མཆོད་མེ་སྒྲོན་ཏེ་བསྔོ་སྨོན་ཚོགས་བཞིན་འདུག ད་དུང་དེ་འབྲེལ་ཤུལ་དུ་ལྷག་པའི་བོད་རིགས་སྤུན་ཟླ་ཚོའི་འཚོ་དོད་དུ་ཞལ་འདེབས་ཕྲན་བུ་རེ་ཡང་བསྡུ་བཞིན་འདུག

  25. ཨ་ནུ་ཐང་བསོད་ནམས། says:
    2010-08-16 at 4:22 pm

    གོང་དུ་རྣམས་པ་ཚོས་རང་ནུས་ཅི་ལྕོགས་ཀྱིས་གསན་ཚུལ་ཁ་སྐོང་དང་ཐུགས་འདུན་གྱི་རྩོམ་ཡིག་སྤེལ་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ཁྱེད་ཚོས་བླ་མེད་ཀྱི་བྱ་བཞག་དང་ལྷག་བསམ་གྱི་འདུ་ཤེས་འདིས་ང་ཚོ་སྟེ། བོད་མི་རིགས་འདིར་མ་འོངས་བར་རེ་བ་ཡོད་པ་སྨོས་མེད་རེད། ང་ཚོའི་བསམ་དོན་འགྲུབ་པའི་སྨོལ་ལམ་ཡོད།

  26. བོད། ལྷ་ཀླུ་གཉན་གསུམ། says:
    2010-08-16 at 4:31 pm

    འབྲུག་ཆུ་ལ་རི་ཉིལ་གོད་ཆག་བྱུང་ནས་ཡུན་རིང་མ་འགོར་བའི་ཉིན་འདི་དག་ལ་བུན་ཁྲོན་དུ་ཡང་ཆུ་ལོག་གི་གནོད་འཚེ་སླེབས་པས་གཏམ་ངན་གོ་རྒྱུ་འདུག སྤུན་ཟླ་ཚོ། ན་ནིང་དོ་ཚིགས་ཀྱི་བོད་ཀྱི་རང་བྱུང་ཁོར་ཡུག་དང་བོད་མི་ལས་འདི་དངོས་ནས་བཙོག་གི་ཡ་་

  27. བསེ་རོང་འོད་ཟེར། says:
    2010-08-17 at 2:08 pm

    དེ་རིང་འབྲུག་ཆུ་རྫོང་དུ་ཆར་བ་གཏོང་བཞིན་ཡོད་ཀྱང་གཞི་རྩའི་འབྲུག་དཀར་གཙང་པོ་མར་ཅུང་ཙམ་འཇགས་ཡོད་པའི་གནས་ཚུལ་འདུག འབྲུག་ཆུ་རྫོང་གི་མདུན་རིའི་ངོས་ན་ཡོད་པའི་བྲག་སྡེ་ཞེས་པའི་གྲོང་ཚོའི་ནང་གི་ཀླུ་སྲུང་དང་། བསོད་ནམས་སྒྲོལ་མ། གསང་ཡུམ་གསུམ་གྲོངས་ཡོད་པ་དང་། དབྱར་སླས་སྡེ་བའི་བན་ངྷེ། འབྲུག་ཆུ་རྫོང་གི་མན་ཆད་ཡོད་པའི་བོད་སྡེ་གསུམ་ཡོད་པ་ལས་ཁྲི་སྡེ་ནང་མི་བརྒྱད་དང་། དབུས་བཟའ་སྡེ་བའི་ནང་གི་མི་བདུན། ལྷ་སྡེ་འབུམ་སྡེ་ནང་གི་མི་དྲུག
    འབྲུག་ཆུ་རྫོང་གི་ཡན་ཆོད་ཀྱི་ཉེ་འགྲམ་ན་ཡོད་པའི་མ་ཤུལ་སྡེ་བའི་ནང་གི་མི་དྲུག་བཅས་གྲོངས་པའིགནས་ཚུལ་གསལ་གོ་བྱུང་བ་ལས་གཞན་བོད་པའི་སྡེ་བ་ག་ཚད་ཅིག་ལ་གནོད་འཚེ་ཕོག་པའི་གནས་ཚུལ་ཞིབ་ཕྲ་རག་དཀའ་ཡང་། ང་ཚོས་རང་རང་ས་ནས་གནས་ཚུལ་གང་རྙེད་ཟིན་ཐོར་འགོད་གལ་ཆེ།

  28. ཨ་ནུ་ཐང་བསོད་ནམས། says:
    2010-08-17 at 3:22 pm

    བསེ་རོང་འོད་ཟེར་ལགས། གནས་ཚུལ་བཀོད་པ་ཐུགས་རྗེ། གློག་འཕྲིན་གྱི་ཁ་བྱང sonamgongchoe@gmail.com འདིའི་སྟེང་ཉིད་ཀྱིས་འབྲེལ་བ་ཞིག་གནང་བའི་རེ་བ་ཡོད། ཐུགས་རྗེ་ཆེ།

  29. ཨ་ནུ་ཐང་བསོད་ནམས། says:
    2010-08-17 at 3:24 pm

    ད་ལོར་འཛམ་གླིང་གི་ས་ཆ་གང་སར་དོན་རྐྱེན་མི་ལེགས་པ་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་བ་ནི་སྐྱོ་གར་ཞིག་རེད།

  30. དབང་ཆེན། says:
    2010-08-17 at 10:01 pm

    གོང་གསལ་གྱི་གཤིན་པོ་རྣམས་ཀྱི་མིང་བྱང་རང་ཉིད་གང་དུ་གནས་པའི་ས་ཕྱོགས་ཀྱི་བླ་སྤྲུལ་དགེ་འདུན་པར་ཕུལ་ནས་བསྔོ་སྨོན་ཞུས་ན་གཞིས་ལུས་འབྲུག་ཆུ་བ་རྣམས་ལ་ཐུགས་གསོ་ཡོང་བར་ངེས། །གཞན་དཔལ་འབྱོར་ཀྱི་རོགས་སྐྱོར་སོགས་ཁ་ཡོད་ལག་ཡོད་ཡོང་པའི་འབོད་བསྐུལ་ཡང་ཞུ་དགོས་པ་འདྲ། །

  31. བསེ་རོང་འོད་ཟེར། says:
    2010-08-18 at 11:43 am

    བདུན་ཕྲག་འདིའི་གཟའ་སྤེན་པའི་ཉིན་བྱེས་ཡོད་ཐེ་བོ་མི་མང་ནས་ཐེ་སྨད་འདས་པོ་འདི་དག་གི་ཆེད་དུ་གཙུག་ལག་ཁང་ནང་མཆོད་འབུལ་རྒྱས་པ་ཞིག་བྱ་གཏན་འཁེལ་འདུག

  32. བསེ་རོང་འོད་ཟེར། says:
    2010-08-18 at 11:49 am

    བུན་ཁྲོན་གྱི་ཆུ་ལོག་ནང་ང་ཚོའི་བོད་པ་གང་མཆིས་ཀྱི་གནས་སྟངས་ང་ཚོས་འཚོལ་དགོས་པ་ལོ་རྒྱུས་ཀྱིས་བསྐུལ་བའི་འགན་འཁུར་གཡོལ་དཀའ་བ་ཞིག་ཡིན་པས་ཚང་མས་དོ་སྣང་བྱ་རོགས།

  33. tashi says:
    2010-08-19 at 12:30 am

    བསེ་རོང་འོད་ཟེར་ལགས། དངོས་གནས་ཐེ་བོ་མི་མང་ནས་དེ་ལྟར་མཆོད་འབུལ་རྒྱས་བ་ཞིག་བྱེད་པ་ལ་རྗེས་ཡི་རིང་ཡོད། ཁྱོད་ཀྱིས་རྩོམ་ཡག་པོ་འབྲི་ཐུབ་པས་གལ་ཏེ་ཁྱོད་ལ་ཆུ་ཚོད་ཡོད་ན་ཐེ་བོ་མི་མང་ནས་མཆོད་འབུལ་བྱེད་པའི་དཔར་ཁ་ཤས་དང་དེའི་སྐོར་ལ་འགྲེལ་བཤད་ཞིག་དང་མཉམ་དུ་ཁ་བརྡ་དྲྭ་རྒྱ་དང་དུས་བབས་དྲྭ་རྒྱ་དུ་བཀོད་ཐུབ་པར་ཞུ། དེ་ནི་ང་ཚོ་མི་སྐོར་ཞིག་རེ་བ་ཡིན།

  34. tashi says:
    2010-08-19 at 3:26 am

    བསེེ་རོང་འོད་ཟེར་ལགས། ཁྱེད་ཀྱིས་རེ་རེ་བཞིན་འགྲེལ་བཤད་རྒྱག་པ་ལ་ཐུགས་རྗེ་ཆེ། གལ་ཏེ་ཁྱོད་ལ་ཆུ་ཚོད་ཡོད་ན་ཐེ་བོ་མི་མང་ནས་འདས་པོ་རྣམས་ཀྱི་ཆེད་དུ་མཆོད་འབུལ་བྱེད་པའི་དཔར་ཁ་ཤས་དང་འགྲེལ་བཤད་ཞིག་ཁ་བརྡ་དྲྭ་རྒྱ་དང་དུས་བབས་དྲྭ་རྒྱའི་ནང་དུ་བཀོད་ཐུབ་པའི་རེ་བ་ཡོད། དེ་ནི་ང་ཚོ་མི་ཁ་ཤས་ཞིག་གི་རེ་བ་ཡིན།

  35. བསེ་རོང་འོད་ཟེར། says:
    2010-08-19 at 1:51 pm

    བཀྲ་ཤིས་ལགས།
    སྐུ་ཉིད་ཀྱི་དགོངས་ཚུལ་གསུང་བར་ཐུགས་རྗེ་ཆེ། ང་ཚོས་མཆོད་འབུལ་སྐབས་བོད་པའི་གསར་འགོད་པ་ཡོངས་ལ་མགྲོན་ཤོག་བཏང་ཡོད་པས་ཁོང་ཚོས་གསལ་པོར་བསྒྲགས་ངེས་རེད།
    ཁ་རྡ་དྲ་བར་ངས་བཏོང་ཆོག་ལགས།

  36. བསེ་རོང་འོད་ཟེར། says:
    2010-08-19 at 1:59 pm

    ཨ་ནུ་ཐང་བསོད་ནམས་ལགས།
    ཁྱེད་ལ་འཕྲིན་ལན་ཐེངས་ཁ་ཤས་བཏང་བ་རྣམས་འཕྲོད་མེད་པའི་གནས་ཚུལ་གཞི་ནས་ངས་ཧ་གོ་སོང་།
    ཁྱེད་ཀྱི་ཁ་བྱང་དེའི་ཐོག་ནས་བཏང་ན་འགྲོ་གིན་མི་འདུག ངས་གདོང་དེབ་ནང་ཁྱེད་ལ་འཕྲིན་ཡིག་བཞག་ཡོད་པས་དེར་གཟིགས་རོགས་ཞུ།

  37. བསེ་རོང་འོད་ཟེར། says:
    2010-08-23 at 3:08 am

    ཨ་ནུ་ཐང་བསོད་ནམས་ལགས།
    ངས་ཁྱེད་ཀྱི་ཁ་བྱང་ཐོག་བཏང་ཡང་འཕྲིན་ཡིག་འགྲོ་གིན་མེད་པས་ཁྱེད་ཀྱིས་ཁ་བྱང་འདིའི་ hewowoser@yahoo.com སྒང་ནས་ང་ལ་འབྲེལ་བ་གནང་རོགས།

  38. ཐེ་བོ་རྫ་ར་ཁོག་པ་ནས། says:
    2010-08-27 at 5:14 am

    བྱེས་འབྱོར་ཐེ་བོ་མི་མང་ནས་གོ་སྒྲིག་བྱས་པའི་བདུན་ཚིགས་གཉིས་པའི་མཆོད་འབུལ།
    ཉེ་ཆར་མདོ་སྨད་ཐེ་བོ་སྨད་རྒྱུད་དམ་དེང་སང་འབྲུག་ཆུ་རྫོང་ཞེས་རྒྱ་གཞུང་གིས་ས་ཆ་བཅད་བགོས་བྱས་པའི་ས་ཁུལ་འབྲུག་ཆུ་རྫོང་ནང་། རི་ཉིལ་དང་ཆུ་ལོག་འདྲེས་མས་གནོད་འཚེའི་འོག་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་མཆོད་འབུལ་གཟབ་རྒྱས་ཤིག ༧ སྐྱབས་མགོན་ཀིརྟི་རིན་པོ་ཆེ་བཀའ་དྲིན་འོག་ཐེ་བོ་སྟོད་སྨད་བར་གསུམ་གྱི་བྱེས་འབྱོར་ཐེ་བོ་མི་མང་རྒྱ་བལ་ཁུལ་དང་ཕྱི་རྒྱལ་ཁག་ཏུ་གནས་སྡོད་ཐུན་མོང་གིས་གོ་སྒྲིག་བྱས་པའི་བདུན་ཚིགས་གཉིས་པའི་མཆོད་འབུལ། ཕྱི་ཟླ་ ༨ པའི་ཚེས་ ༢༡ གཟའ་སྤེན་པའི་སྔ་དྲོརཆུ་ཚོད་བརྒྱད་པའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ ༧ སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། བཀའ་བློན་ཕྱག་རོགས་རྣམ་པ། གཞན་སྤྱི་འཐུས་ཁག་ཅིག་དང་། བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་བཅས་མཁན་པོ་རྣམ་པ་གསུམ། དེ་བཞིན་བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ། བོད་གཞུང་གི་གཞུང་ཞབས་ལྷན་རྒྱས། མདོ་སྨད་དབུས་རྒྱུན་ལས། བོད་གཞུང་སྨན་རྩིས་ཁང་། བོད་གཞུང་དཔེ་མཛོད་ཁང་། བོད་གཞུང་བདེ་ལེགས་སྨན་ཁང་། བོད་གཞུང་ཟློས་གར། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་དབུ་མེད་ལྷན་ཚོགས། དགུ་བཅུ་གསུམ་ཚོགས་པ། བོད་རྒྱལ་ཡངས་མང་གཙོ་ཚོགས་པ། ངྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སོགས་ཚོགས་སྡེ་ཁག་དང་། བོད་གཞུང་ཕྱི་དྲིལ་དྲ་གནས་དང་། བོད་ཀྱི་དུས་བབས། བོད་མིའི་རང་དབང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། བོད་ཀྱི་བང་ཆེན། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བཅས་གསར་ཁང་ཁག་གི་གསར་འགོད་པ། རྡ་སའི་མི་མང་བཅས་མཉམ་ཞུགས་ཀྱིས་བདུན་ཚིགས་གཉིས་པའི་མཆོད་འབུལ་གཟབ་རྒྱས་ངང་ཚོགས་འདུག
    ཐེངས་འདིའི་མཆོད་འབུལ་སྐབས་བྱེས་འབྱོར་ཐེ་བོ་མི་མང་ནས་མཆོད་འབུལ་ཆེད་དུ་ཞབས་འདེབས་བསྡུ་རུབ་ཀྱི་ལས་འགུལ་གང་ཡང་སྤེལ་མེད་པ་དང་། ཁོང་ཚོས་ད་དུང་མུ་མཐུད་དེ་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་དགེ་བསྔོ་སོགས་སྤེལ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་འདུག
    བསེ་རོང་འོད་ཟེར་ནས།

  39. ཨ་ནུ་ཐང་བསོད་ནམས། says:
    2010-08-27 at 4:57 pm

    བསེ་རོང་འོད་ཟེར་ལགས།
    ཁྱེད་ཀྱི་ཁ་བྱང་ཐོག་ཡི་གེ་འགྲོ་བཞིན་མི་འདུག

  40. ཀླུ་སྨྱོན། says:
    2010-08-27 at 9:04 pm

    ཉིག་ཡོར་ན་ཡོད་པའི་མདོ་སྨད་སྐྱིད་སྡུག་ཚོགས་པའི་སྐོར་ངོ་སྤྲོད་ཅིག་བྱེད་རོགས། སྐྱིད་སྡུག་དེ་འདྲ་ཞིག་ཡོད་པ་དེ་སྔ་རྩ་ནས་མ་གོ།

  41. བསེ་རོང་འོད་ཟེར། says:
    2010-08-31 at 4:59 am

    མདོ་སྨད་དབུས་རྒྱུན་ལས་ཀྱིས་མེ་ལོར་ཡོད་པའི་ཚོང་ཁང་ཁག་དང་གྲྭ་ཚང་ཁ་ཤས་ནང་མི་རེ་རེ་ལ་ཞལ་འདེབས་སླང་གིན་འདུག་ལ་ཁོང་ཚོས་ཞལ་འདེབས་གང་ཡོད་ས་ཁུལ་རང་ལ་བཏང་རྒྱུའི་འཆར་གཞི་ཡོད་ལུགས་གསར་ལམ་ཁག་ཏུ་གསལ་བཤད་བྱས་འདུག
    ད་དུང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཞལ་འདེབས་སླང་གིན་ཡོད་འདུག

  42. བསེ་རོང་འོད་ཟེར། says:
    2010-08-31 at 5:09 am

    ཨ་ནུ་ཐང་བསོད་ནམས་ལགས་ཀྱིས་འབྲུག་ཆུ་ངོ་སྤྲོད་བྱས་པ་འདི་མཆན་མང་ཤོས་ཀྱི་གྲས་སུ་སླེབས་འདུག
    རྩོམ་པ་པོ་ལ་ཐུགས་རྗེ་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme