Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་སྐྱིད་སྡུག་མཉམ་མྱོང༌། དམངས་གཙོ་དང་ཚེ་སྲོག་ནི་རླབས་ཆེན་ཡིན།

Posted on 2008-06-072008-06-07 By དབང་ཕྱུག་ No Comments on བོད་མིའི་སྐྱིད་སྡུག་མཉམ་མྱོང༌། དམངས་གཙོ་དང་ཚེ་སྲོག་ནི་རླབས་ཆེན་ཡིན།

༼ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མའི་ལས་འགུལ་གླེང་བ།༽
ལྷ་ལུང་རྒྱལ།
ཐེངས་འདིའི་རྒྱ་རྒོལ་བོད་སྐྱོབ་ཀྱི་ཞི་བའི་ལས་འགུལ་ཁྲོད་དུ་བོད་མི་མང་པོ་དམར་གསོད་དང༌། བཙོན་འཇུག རྨས་སྐྱོན་ཐེབས་པའི་ཆོལ་གསུམ་འོས་ལངས་པ་ཚོར་གཅིག་རྒྱབ་གཅིག་ལངས་དང༌། གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་བོད་ཕྱི་ནང་གང་སའི་བོད་མི་ཡོད་ཅག་གིས་ཞི་བའི་འོས་ལངས་འདྲ་མིན་སྤེལ་ཡོད། ཕྱི་ཚེས་ ༡༦ ཉིན་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་ཚན་ཁག་གི་སློབ་མ་ཚོས་ཀྱང་ཞི་བའི་འོས་ལངས་བྱས་ཡོད་པ་དང༌། ཁོང་ཚོའི་འོས་ལངས་འཕྲེད་དར་གྱི་སྟེང་དུ་བོད་མིའི་སྐྱིད་སྡུག་མཉམ་མྱོང༌། དམངས་གཙོ་དང་ཚེ་སྲོག་ནི་རླབས་ཆེན་ཡིན་ཞེས་བྲིས་འདུག
བོད་ཀྱི་བཙན་པོ་མེས་དབོན་རྣམ་གསུམ་གཙོས་རྒྱལ་རབས་རིམ་བྱོན་སྐབས་སུ་དངོས་ནས་བོད་འདི་སྐྱིད་སྡུག་མཉམ་མྱོང་སྟེ། སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གི་མི་རིགས་ཤིག་ཡིན་ཞིང༌། དེ་ལྟའི་བླ་ན་མེད་པའི་གོང་བུའི་སྟོབས་ཤུགས་ཤིག་བསྐྲུན་ཐུབ་ཡོད་པར་བརྟེན། སྐབས་དེ་དུས་ཀྱི་བོད་མི་རིགས་འདིས་སུམ་གཉིས་ས་ཡི་དཀྱིལ་འཁོར་འདི་དབང་བསྒྱུར་ཐུབ་སོང་བ་རེད། མ་ཟད། སྲིན་པོ་གདོང་དམར་བོད་ཅེས་གོ་བ་ཙམ་གྱིས་ཀྱང་སྙིང་ལ་འཇིགས་སྣང་སྟེར་བའི་དུས་སྐབས་ཤིག་བྱུང་མྱོང་ཡོད།
ཡིན་ནའང༌། བོད་ཁམས་སིལ་བུར་འཐོར་བའི་ཉིན་མོ་དེ་ནས་བཟུང༌། བོད་མི་ཚོའི་སྐྱིད་སྡུག་མཉམ་མྱོང་གི་གོང་བུའི་ནུས་པ་རིམ་གྱིས་འཐོར་ཞིག་ལ་སོང་ཞིང༌། མཚན་གྱི་སྙན་པའང་ཆུང་ནས་ཆུང་དུ་ཕྱིན་ཡོད་པ་ཧ་ཅང་གསལ་བོ་ཡིན།
དུས་དེ་ཤེད་ནས་ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཁྲི་ཁར་མ་བྱོན་བར་གྱི་ལོ་ངོ་ ལྷག་འགོར་ཡོད་ལ། དེའི་རིང་སྔར་གྱི་སྐྱིད་སྡུག་མཉམ་མྱོང་གི་མི་རིགས་དེའི་སྲ་བརྟན་གཅིག་སྒྲིལ་གྱི་གོང་བུའི་ནུས་པ་ཁ་འཐོར་དགུ་འཐོར་ཏུ་ཕྱིན་ཞིང༌། བོད་ཀྱི་ཆོས་སྲིད་དཔལ་འབྱོར་སོགས་ཉམས་ཤིང་རྒུད་པར་གྱུར་ཡོད།
ཡིན་ནའང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གསེར་གྱི་ཁྲི་ཁར་འབྱོར་རྗེས། གངས་ལྗོངས་ཉམས་རྒུད་ཀྱི་རྒྱུ་རྐྱེན་འཚོལ་ཞིབ་དང་བོད་པའི་མ་འོངས་པར་ཡུན་རིང་ཐུགས་གཞིགས་གནང་འབྲས་ལ། བོད་མི་རྩམ་གཟན་མཐའ་དག་སླར་ཡང་གཅིག་གྱུར་གྱི་སྲིད་དབང་སྟངས་འཛིན་དང༌། རིག་གཞུང་མཉམ་སྤྱོད་ཀྱི་ཁོར་ཡུག་ཅིག་ལ་གནས་འཁོད་དགོས་པར་དགོངས་ཏེ། ཆོལ་གསུམ་གཅིག་གྱུར་ཞེས་པའི་ཁ་གཡང་འདི་ཐོག་མར་བསྒྲགས་ཤིང༌། རིམ་པས་ལག་ལེན་དུ་འཁེལ་ཡོད། དེ་ལ་ྋགོང་ས་སྐྱབས་མགོན་ཆེན་པོས¿བོད་མི་ས་ཡ་དྲུག་གམ། འབུམ་དྲུག་ཅུ་སྐོར་ཡོད་པ་འདི་དག་སྐྱིད་པོ་བྱུང་རུང་གཅིག་དང༌། སྡུག་པོ་བྱུང་རུང་གཅིག་གྱུར་བྱ་རྒྱུ་འདི་ང་ཚོའི་རྩ་བའི་དམ་བཅའ་ཡིན་ལ། རྩ་བའི་སྲིད་བྱུས་འདི་ཡིན་པར་བརྟེན། ང་ཚོ་བོད་མི་ཡོངས་རྫོགས་གཅིག་གྱུར་གྱི་ཐོག་ནས་བོད་མི་རིགས་ཀྱི་ཐོབ་ཐང་འཐབ་རྩོད་བྱེད་རྒྱུ་གལ་ཆེན་པོ་ཡིན¿ཞེས་གསུངས་ཡོད། ཁོང་ཚོའི་བོད་མི་སྐྱིད་སྡུག་མཉམ་མྱོང་ཞེས་པ་འདི་ཚིག་གི་འགྲོས་རིམ་ཙམ་ལས། དོན་དུ་གོང་ས་སྐྱབས་མགོན་ཆེན་པོའི་ཆོལ་གསུམ་གཅིག་གྱུར་གྱི་རླབས་ཆེའི་དགོངས་པ་ཇི་བཞིན། བོད་འདིར་ངེས་པར་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་ཚད་མཐོའི་རང་སྐྱོང་གི་སྲིད་དོན་གནས་བབ་ཅིག་དགོས་པ་བཤད་ཀྱི་ཡོད། མ་ཟད་གུང་ཁྲན་གཞུང་གི་སྲིད་དོན་ས་ཁྲའི་ངོས་ཀྱི་བོད་ཡུལ་བཅད་བྲིས་རི་མོར་ཁོང་ཁྲོའི་མཆིལ་ཞགས་ཐེངས་ཤིག་འཕངས་པའང་ཡིན།
མི་ཡི་བདེ་སྐྱིད་ངོ་མ་དེ་རང་དབང་ཡིན་ཞིང༌། རང་དབང་གི་འབྱུང་ཁུངས་རྣལ་མ་ནི་དམངས་གཙོ་ཡིན། རྒྱུ་མཚན་དེས་འཛམ་བུ་གླིང་པའི་རྒྱལ་ཁབ་ཆེ་ཆུང་ཀུན་པོ་དམངས་གཙོར་སྨོན་གྱི་ཡོད་ལ། ཡང་དག་པའི་དམངས་གཙོ་ལམ་སྲོལ་ཞིག་གི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་བྱེད་ཐུབ་ཀྱི་ཡོད་པ་རེད། ད་ལྟ་རྒྱ་དམར་གུང་ཁྲན་གྱིས་མཚོན་པའི་རྒྱལ་ཁབ་རེ་འགའ་མ་གཏོགས། རང་དབང་དང༌། དྲང་བདེན། འདྲ་མཉམ་སོགས་མིའི་རིགས་ཀྱི་ཆེས་མཐོའི་འཚོ་གནས་དགོས་མཁོར་གྱུར་བའི་དམངས་གཙོའི་དཔྱིད་དཔལ་ལ་ལོངས་སྤྱོད་བྱེད་ཐུབ་ཡོད་ནའང༌། རྒྱ་དམར་གུང་ཁྲན་གྱིས་ནི་ད་དུང་དུའང་སྲིད་དབང་གཅིག་སྡུད་ཀྱི་ཡ་ངའི་ལམ་སྲོལ་དེ་ཨུ་ཚུགས་མཁྲེགས་འཛིན་སྒོས་མུ་མཐུད་རྒྱུན་སྐྱོང་ལ་རེ་བ་དང༌། ལག་ལེན་འབད་བརྩོན་བྱེད་ཀྱི་ཡོད།
ཐེངས་འདིའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་ཚོའི་འབོད་ཚིག་དམངས་གཙོ་ཞེས་པ་འདི་ལས་ང་ཚོས་མཐོང་ཐུབ་པ་ནི་གུང་ཁྲན་སྲིད་དབང་གི་གདུག་རྩུབ་ཅན་གྱི་གཅིག་སྡུད་ལམ་ལུགས་བརྗེ་སྤོར་དགོས་པའི་རེ་སྐུལ་དང༌། བོད་ཀྱི་མ་འོངས་པའི་སྲིད་བབ་ལམ་ལུགས་དེ་ཡང་དག་པའི་དམངས་གཙོའི་ངོ་བོར་བསྒྱུར་རྒྱུ། ྋགོང་ས་སྐྱབས་མགོན་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་དམངས་གཙོའི་དགོངས་ཚུལ་ལ་ཡི་རངས་རྗེས་འཇུག་གི་བསམ་བློ་ཡོད་པ་ཤེས་ཐུབ་ལ། ལྷག་དོན་སློབ་ཆེན་སློབ་མ་དབུས་པའི་བོད་ཀྱི་ཤེས་ཡོན་མི་སྣའི་མཐོང་ཐོས་བསམ་གཞིགས་ཀྱི་ས་ཁོད་སྔར་བས་ཇེ་ཡངས་དང༌། བསམ་བློའི་སྤུས་ཚད་ཇེ་ལེགས་ཇེ་མཐོར་འགྲོ་ཀྱིན་པ་དེ་ཡིན།
ཁོང་ཚོའི་འཕྲེད་དར་སྟེང་དུ་ད་དུང་ཚེ་སྲོག་ནི་རླབས་ཆེན་ཡིན་ཞེས་ཀྱང་བྲིས་ཡོད་ལ། ཚེ་སྲོག་རླབས་ཆེན་ལོས་ཡིན། ཚེ་སྲོག་ལས་ལྷག་པའི་རླབས་ཆེན་གྱི་དངོས་པོ་ཞིག་གང་ཡང་མེད་དེ། འཇིག་རྟེན་གྱི་ནུས་པ་མཐའ་དག་གི་འབྱུང་ཁུངས་ཚེ་སྲོག་ཡིན་པས་སོ།།
སྤྱིར་ནས་ཚེ་སྲོག་རླབས་ཆེན་དུ་མཐོང་བ་ནི་མིའི་རིགས་ཀྱི་དོན་དམ་ལྟ་ཚུལ་ཞིག་དང༌། དམིགས་བསལ་བོད་མིའི་རིག་གནས་ཀྱི་ཁྱད་ཆོས་ཞིག་ཀྱང་རེད་མོད། ཡིན་ནའང༌། ཁོང་ཚོའི་འཕྲེད་དར་སྟེང་གི་ཚེ་སྲོག་ཞེས་པའི་ཡིག་འབྲུ་གཉིས་ཀྱི་བསྟན་དོན་དེ་ལས་བརྒལ་ཏེ། གཙོ་བོ་ཐེངས་འདིའི་ཞི་བའི་ལས་འགུལ་ཁྲོད་དྲག་གནོན་དམར་གསོད་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ཀྱིས། རང་ཉིད་ཀྱི་གཅེས་པའི་ཚེ་སྲོག་ཁ་བ་གངས་ཅན་པའི་སྣོད་བཅུད་གཉིས་མུ་མཐུད་རྒྱུན་གནས་ཀྱི་ཆེད་དུ་བསྔོས་ཟིན་པ་ནི་ཆེས་རླབས་ཆེན་རེད་ལ། ང་ཚོས་ཀྱང་ཁྱོད་ཚོ་ནང་བཞིན་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་བདེན་མཐའ་མ་གསལ་དེ་སྲིད་དུ། ཅི་ཡང་བློས་གཏོང་ཕོད་ངེས་ཡིན་ཅེས་ཉམས་ཞུམ་མི་སྲིད་པའི་སྤོབས་པའི་འབོད་སྒྲ་བསྒྲགས་པ་དང༌། ཡང་དམར་གསོད་ཁྲག་སྦྱོར་དང༌། ཨུ་ཚུགས་སྐྱག་རྫུན་གྱིས་བསླངས་པའི་གུང་ཁྲན་གཞུང་འདི་མྱུར་བར་མགོ་རྟིང་སློག་རོགས་ཅེས་རྒྱལ་སྤྱིར་རེ་སྐུལ་ཞུས་པའང་ཡིན།
ཀྲུང་དབྱང་མི་རིགས་སློབ་ཆེན་དང༌། ནུབ་བྱང་མི་རིགས་སློབ་ཆེན་གཉིས་ནི་ད་བར་བོད་སློབ་འདུས་སྡོད་ཀྱི་ལྟེ་གནས་ཆེ་ཤོས་དང༌། བོད་རིག་པ་འཛིན་སྐྱོང་དར་སྤེལ་ལ་སྙན་གྲགས་ཆེ་བའི་སློབ་གྲྭ་གཉིས་ཏེ། སློབ་གྲྭ་འདི་གཉིས་ནི་བོད་རིགས་སློབ་ཆེན་ཡོངས་ཀྱི་ཚབ་མཚོན་སློབ་གྲྭ་དང༌། ཁོང་ཚོའི་བསམ་ཚུལ་ནི་བོད་མི་མཐོ་སློབ་པ་ཚོའི་དངོས་ཡོད་བསམ་ཚུལ་ཡིན་ཕྱིན། དོན་དུ་ཐེངས་འདིའི་འཕྲེད་དར་སྟེང་གི་འབོད་ཚིག་དག་ཀྱང་མི་རབས་གསར་བའི་བོད་རིགས་ཤེས་ཡོན་ཅན་ཚོའི་སེམས་གཏིང་ནས་ཐོན་པའི་འབོད་སྐུལ་རྣལ་མ་ཡིན།

སྣ་ཚོགས།

Post navigation

Previous Post: ཝང་ལི་ཞུང་གི་སྐྱག་རྫུན།
Next Post: ང་ལ་ཉན་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme