Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསལ་བསྒྲགས། བཀའ་ཁྲིའི་སྔོན་འགྲོའི་འོས་མིའི་བགྲོ་གླེང་།

Posted on 2010-08-112010-08-11 By ཁ་བརྡ་ 40 Comments on གསལ་བསྒྲགས། བཀའ་ཁྲིའི་སྔོན་འགྲོའི་འོས་མིའི་བགྲོ་གླེང་།

tanc
སྤྲ་ནག་དོན་འགྲུབ་ཚེ་རིང་ནས།

ཉིས་སྟོང་བཅུ་གཅིག་ལོའི་བཀའ་བློན་ཁྲི་བའི་སྔོན་འགྲོའི་འོས་མིའི་བགྲོ་གླེང་ཞིག
ཟླ་བརྒྱད་པའི་ཚེས་༡༤ཉིན་གྱི་ཕྱི་དྲོར། འདི་ག་བྱང་ཀ་ལེ་ཕོ་ཉའི་ས་གནས་ཚོགས་པའི་( Tibetan Association of Northern Califofnia)བཀོད་སྒྲིག་འོག
བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། མཁས་དབང་བློ་བཟང་སེང་གེ་ ཕུར་བུ་རྡོ་རྗེ་གསུམ་གྱིས་མ་འོངས་བཀའ་བློན་ཁྲི་བའི་སྐོར་ལ། བཀའ་སློབ་དང་བཀའ་འདྲི་དང་ལེན་གནང་རྒྱུ་ཡིན་པས། ཕྱོགས་མཐའ་ཁག་ན་གནས་བའི་བོད་རིགས་ཚོས། དྲི་བ་གང་ཡོད་ཐད་ཀར་ཁ་བརྡའི་མཆན་གྱི་ནང་དུ་འགོད་རྒྱུའམ་། ཡང་ན་གུས་བའི་དྲ་འཕྲིན་ཐོག་གནང་རོགས་ཞེས་འབོད་སྐུལ་དུ།

tibetantsampa@gmail.com

གསལ་བསྒྲགས།

Post navigation

Previous Post: རྔ་བ་ཚེ་རྒྱམ་ནི་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བར་འོས།
Next Post: བདེ་མོ་བྱོས། དྲ་གྲོགས་ཚོ། དྲ་ཁྱིམ་ལས་དགོངས་པ་ཞུ་དགོས་བྱུང་སོང་།

Comments (40) on “གསལ་བསྒྲགས། བཀའ་ཁྲིའི་སྔོན་འགྲོའི་འོས་མིའི་བགྲོ་གླེང་།”

  1. ཉམ་ཆུང་། says:
    2010-08-11 at 4:23 pm

    ཁོང་ཚོའི་ལག་ཁྱེར་ལུང་པ་ག་གའི་རེད། ཨ་རི་བ་མིན་དྲོ།

  2. ཉམ་ཆུང་། says:
    2010-08-11 at 4:28 pm

    མཁས་དབང་སུ་རེད། བློ་བཟང་སེང་གེ་ ཕུར་བུ་རྡོ་རྗེ་གཉིས་ལས། ཁོང་ཚོ་རྒྱལ་ཁོང་ག་གའི་རེད། ཨ་རི་བ་ཆགས་ཚར་མིན་དྲོ།་

  3. རྨ་ཆུའི་རླབས་སྒྲ་ says:
    2010-08-11 at 5:00 pm

    སྐུ་ངོ་བཀུར་འོས་བསྟན་འཛིན་རྣམས་རྒྱལ་མཆོག་ལ།
    ངའི་སྐུ་ཉིད་ཀྱིས་ལོ་རྒྱུས་རྒྱབ་ལྗོང་ལས་ཤེས་རྟོགས་བྱུང་བ་ལ།
    སྐུ་ཉིད་ནི་ཤེས་བྱ་ཡོན་ཏན་གྱིས་ཕྱུག་པའི་མི་མཇོན་ཐང་ཅན་ཞིག་ལ་དངོས་འཛིན་བྱས་ཏེ་
    རང་གིས་སེམས་ནང་དུ་ག་དུས་ཡིན་ཀྱང་གུས་བཀུར་ཞུ་གིས་ཡོད།
    དྲི་བ།
    རྒྱ་བོད་དཀའ་ཉོག་སེལ་བྱེད་ཐབས་ལམ་དཔེར་ན་༸གོང་ས་མཆོག་གིས་བཏོན་གནང་བའི་དབུ་མའི་
    ལམ་ལྟ་བུ་རིགས་འགའ་ཞིག་ཡོད་བ་ལས་།།
    བསྟན་འཛིན་རྣམ་རྒྱལ་ལགས། ཉིད་ཀྱིས་ཐུགས་ཀྱི་དགོངས་ཕྱོགས་ངོ་མ་དེ་གང་ཡིན།།

  4. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-08-11 at 5:12 pm

    རྨ་ཆུའི་རླབས་སྒྲ་ལགས་ཉིད་ཀྱི་དྲི་བ་དེ་ག་རང་དྲིས་གི་ཡིན།

  5. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-08-11 at 7:18 pm

    བོད་མིའི་བཅའ་ཁྲིམས་། དོན་ཚན་ཉེར་གཅིག་པ།
    ནང་སེ་༣།
    བཀའ་བློན་ཁྲི་བ་དང་། བཀའ་བློན་གྱི་འོས་གཞིར་རུང་པའི་སྐྱེ་བོ།

    ཀ བོད་ཀྱི་ཡུལ་མི་ཡིན་པ།

    ཁ རང་ལོ་སོ་ལྔ་ཧྲིལ་པོ་ལོན་པ།

    ག ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།

    ང བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།

    ཆ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་མོས་འཐུན་གྱིས་བཀའ་བློན་ཁྲི་པའམ་བཀའ་བློནགྱི་འོས་གཞིར་མ་འོས་པར་མ་ཡིན་པ། ( འདིར་འགྱུར་བ་ཐེབ་ཡོད་ས་རེད་། ང་ལ་ཡོད་པའི་བཅའ་ཁྲིམས་ཀྱི་དེབ་འདི་༢༠༠༥་ལོར་པར་བ་ཞིག་རེད་།)

    ཇ ཡུན་ཚད་གཉིས་བསྟུད་ནར་བཀའ་བློན་ཁྲི་བའམ་བཀའ་བློན་གྱི་ལས་ཁུར་བྱེད་བཞིན་པ་མ་ཡིན་པ།

    ཏ བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང་། གོ་གནས་། དངུལ་དངོས་ཀྱི་ཁེ་ཕེན་ཡོད་རིགས་མ་ཡིན་པ་བཅས་སོ་།

  6. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-08-11 at 7:40 pm

    གོང་དེར་དྲ་གྲོགས་ཉམ་ཆུང་ལེགས་ནས་། ཁོང་ཚོ་ཨ་རིའི་མི་སེར་ཡིན་མིན་གྱིས་དོག་འདྲི་གནང་བ་དེ་། ཕལ་ཆེར་བོད་མིའི་བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་ནང་སེ་གསུམ་པའི་ཀ་པ། བོད་ཀྱི་ཡུལ་མི་ཡིན་པ། ཞེས་བ་དེར་དགོང་ནས་བསུང་བ་གཞི་བཅོལ་ནས་། བཅའ་ཁྲིམས་ནང་གི་བོད་ཀྱི་ཡུལ་མི་ཞེས་བར་བཅའ་ཁྲིམས་ན་འདི་ལྟར་འདུག།

    བོད་མིའི་བཅའ་ཁྲིམས་། དོན་ཚན་བརྒྱད་པ་། བོད་ཀྱི་ཡུལ་མི།
    ༡ བོད་ཀྱི་མངའ་ཁོངས་སུ་སྐྱེས་པའི་བོད་པ་དང་། རྒྱལ་ཁབ་གཞན་དུ་སྐྱེས་པའི་བོད་པ་རྣམས་བོད་ཀྱི་ཡུལ་མི་ཡིན། བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་རྣམས་ཀྱང་བོད་ཀྱི་ཡུལ་མིར་ཞུགས་རྒྱའི་ཐོབ་ཐང་ཡོད་།
    ༢ བཙན་བྱོལ་བོད་མི་སུ་ཞིག་འཕྲལ་རྐྱེན་དབང་གིས་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་བྱེད་ཐབས་མེད་བྱུང་རིགས་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པ་ནང་གསལ་གྱི་ཁུར་འགན་ཁག་འགལ་མེད་བསྒྲུབས་ཕྱིན་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས་།
    ༣ རྒྱབ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་རྒལ་བ་རྣམས་བོད་ཀྱི་ཡུལ་མིར་ཞུགས་ཆོག།

  7. རྨ་ཆུའི་རླབས་སྒྲ་ says:
    2010-08-11 at 11:04 pm

    བཀུར་འོས་བློ་བཟང་སངྒེ་མཆོག་ལ་བཀྲ་ཤིས་བདེ་ལེགས།
    སྟོང་ལོ་གསར་བའི་འགོ་སྟོད་ཞིག་ལ་ངའི༼ཨེ་ཤུའི་ཡ༽བརྙན་འཕྲིན་རྒྱུད་ཁྱེད་རང་གིས་གསུང་དང་པོ་
    ཐོས་ཤིང་དུས་དེ་ནས་བཟུང་ངའི་བསམ་བློའི་ནང་ཁྱེད་ནི་མ་འོངས་བར་རང་ཅག་བོད་མི་རྣམས་ནས་
    དགྲ་ལ་འཕྱར་རྒྱུ་དང་ནང་ལ་མངོམ་རྒྱུའི་ལྷག་བསམ་ཟོལ་མེད་གཞུང་དྲང་གིས་ཤེས་མཇོན་གཉིས་ལྡན་
    ཞིག་ཡོང་པའི་ཡིད་ཆེས་བཅིང་ནས་ཡོད་ད་དུང་ཡང་དེ་བཞིན་ཡིན།།
    ཐུགས་རྗེ་གཟུགས་ང་དང་ང་འདྲ་བའི་རེ་བ་ཅན་མང་པས་ཆུད་ཟོས་སུ་མི་གཏོང་བར་ཞུ།།
    གཙོ་བོ་ནི་རང་གིས་ཤེས་གསལ་ལྟར་བརྡ་སའི་གཙོར་བྱས་བཙན་བྱོལ་ནང་ཁྱབ་བརྡལ་དུ་ཕྱིན་པའི་
    ཆོལ་གའི་ཕྱོགས་ཞེན་གྱིས་མ་གོས་བ་ཞིག་ལ་གཟབ་རོགས།
    དེང་དུས་ལྷག་པར་དུ་རང་ལ་རྒྱབ་སྐྱོར་བྱེད་མདོག་གིས་སྐད་ཆ་འདྲ་མིན་བཤད་ནས་རྗེས་སུ་རང་ནག་པོ་
    ཆག་ཚར་ན་ཚར་རེད་དེ་དངོས་གནས་ཡིན།
    རང་ལ་ཤེས་མཇོན་ཡོད་ཐོག་ལྷག་བསམ་གཞུང་དྲང་ལྡན་ན་རྒྱབ་སྐྱོར་བྱེད་མཁན་བོད་ཆོལ་ཁ་གསུམ་གྱིས་
    ཁོང་ན་ཕྱོགས་ཞེན་གི་ནད་ཡམས་གིས་མིག་མ་ལྷད་པའི་མི་མང་ནི་རེད།།
    མདོ་དོན་དྲི་བ་ནི།།
    ངའི་གོ་ཐོས་ལ་སྔོན་ཆད་མདོ་སྟོད་ཁོང་ནས་སྤྱི་མཐས་སྐབས་གང་རུང་ཞིག་ལ་སྐུ་ཉིད་ལ་འོས་ཐོབ་ཀྱང་སྐབས་དེར་དགོངས་བ་ཞུས་རེད་ཟེར་དེ་བདེན་པ་ཡིན་ནམ།
    ཡིན་ན་ད་ཐང་སྐུ་ཉིད་ཀྱིས་བཀའ་བློན་ཁྲི་བའི་མཚན་གནས་ཐོབ་ཆེད་འབད་བརྩོན་ཅུང་བྱེད་བཞིན་པའི་
    ཚོར་སྣང་ང་ལ་བྱུང་བའི་དེའི་དམིགས་ཡུལ་དང་དགོས་བ་གང་ཡིན་ནམ།།

  8. རྨ་ཆུའི་རླབས་སྒྲ་ says:
    2010-08-11 at 11:14 pm

    གྲོགས་པོ་སྤྲ་ནག་ལགས།
    བདག་གི་གོང་དུ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་དྲི་བ་ཞིག་དང།
    འདིའི་གོང་དུ་མཁས་དབང་བློ་བཟང་སངྒེ་ལ་དྲི་བ་གཅིག་བཏང་ཡོད་པའི་
    དྲི་བ་དེ་གཉིས་ང་ལ་མཚོན་ན་གལ་ཆེན་པོ་ཡིན་པས་ངེས་བར་དུ་ལན་ཡོད་པ་གནང་རོགས་ཞུ།།།

  9. བསྟན་འཛིན་མཁྱེན་བརྩེ། says:
    2010-08-11 at 11:43 pm

    ངའི་དྲི་བ་འདི་བློ་བཟང་སེང་གེ་ལ་ཡིན།
    དང་པོ།
    སྐུ་ཉིད་ལ་བཀའ་བློན་ཁྲི་བའི་འོས་མ་ཐོབ་པར་ཕྱག་རོགས་བཀའ་བློན་ལ་བསྐོས་ཚེ། བཀའ་བློན་གྱི་ལས་འཁུར་ཞུ་འདོད་ཡོད་དམ་མེད། རྒྱུ་མཚན་ཅི།

    གཉིས་པ།
    སྐུ་ཉིད་ཀྱི་ཤེས་ཡོན་ལ་བརྟེན་ནས་ད་ལྟ་བར་དུ་རྡ་ལམ་ས་ལའི་གཞུང་ལ་ཞབས་འདེགས་ཞུ་སའི་ས་དམིགས་ཡོད་བཞིན་དུ། བཀའ་བློན་ཁྲི་བའི་གོ་གནས་གཅིག་པར་འབད་བརྩོན་གནང་དོན་ཅི་ཡིན།

  10. ཁ་རུ་ཁ་ཐུག says:
    2010-08-12 at 12:07 am

    ངའི་དྲི་བ་འདི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འབུལ་རྒྱུ།
    དང་པོ། ཁྱེད་ནི་ནམ་རྒྱུན་ཆབ་སྲིད་ཀྱི་ལངས་ཕྱོགས་རང་ཐག་རང་གཅོད་ཅེས་པའི་ལྟ་བ་འཛིན་མཁན་ཡིན་དུས། རྗེས་མ་བཀའ་ཁྲི་ཆགས་སོང་ན། ཁྱེད་ཀྱི་ལངས་ཕྱོགས་དང་མི་མཐུན་པའི་དབུ་མའི་ལམ་གྱི་སྒང་ལ་འགྲོ་དགོས་དུས་ཁྱེད་ཀྱི་ཐུགས་ལ་སྟབས་མི་བདེ་བའི་ཚོར་སྣང་ཡོང་གི་རེད་དམ་མ་རེད། ?

    གཉིས་པ། ཁྱེད་ཀྱིས་དེ་སྔོན་དཔལ་འབྱོར་བཀའ་བློན་དང་བཀའ་ཁྲི་གནང་སྐབས་ཀྱི་གཞུང་དངུལ་ལྐོག་ཟ་བྱས་པའི་གླེང་རྙོག་ཅིག་ཡོད་པས། གླེང་རྙོག་དེ་དཀར་འདོན་བྱེད་རྩིས་ཡོད་དམ། གལ་སྲིད་མེད་ན། མི་མང་ཁྲོད་དུ་གནས་སྟངས་དེའི་ཐད་རྙོག་གླེང་བསྐྱར་ལངས་བྱེད་ཀྱི་མ་རེད་དམ། ?

  11. thukjee says:
    2010-08-12 at 1:57 am

    ༄༅།། ངའི་དྲི་བ་འདི་བོད་མི་ཡོངས་ལ་ཡིན།། དེང་སང་ང་ཚོ་བོད་མིའི་སྤྱི་ཚོགས་འདིའི་ནང
    མིང་ཚིག་བེད་སྤྱོད་བྱེད་སྟངས་ལ་མགོ་མཇུག་མིན་འདུག་མཁས་དབང་ཞེས་པ་དེ་མི་ཕལ་
    ཆེར་ལ་འཇུག་གི་ཡོད་པ་འདྲ། རིག་པའི་གནས་ལྔ་སྤྱི་དང་། འཆད་རྩོད་རྩོམ་གསུམ་ལ་
    མཁས་པས་ན་མཁས་དབང་གི་མཚན་དེ་འཇུག་རུང་བ་ལས་མཐོ་རིམ་སློབ་གྲ་ནས་ཐོན་
    ཚད་ལ་མཁས་དབང་ཞེས་པ་དེ་འཇུག་རུང་ངམ། དེས་ན་བློ་བཟང་སེང་གེ་ཆོས་ཅན།
    མཁས་དབང་ཡིན་ཏེ་སྒྲུབ་བྱེད་གང་ཡོད་དམ།
    དེས་ན་བོད་ལ་བདེ་སྐྱིད་བྱུང་ན་རྒྱལ་པོ་ཨ་ཎིས་བྱས་ཀྱང་ཉེས་པ་ཅི་ཡོད་། དོན་ངོ་མ་མི་
    དམངས་ཀྱི་ཤེས་ཡོན་ཡར་རྒྱས་དགོས་པ་དང་། དཔལ་འབྱོར་གྱི་སྟོབས་ཤུགས་ཡར་རྒྱས་
    དགོས་པ་ནི་དོན་གྱི་སྙིང་པོ་དེ་རེད།

  12. ཁ་རུ་ཁ་ཐུག says:
    2010-08-12 at 3:50 am

    བློ་བཟང་སེང་གེ་ཆོས་ཅན། མཁས་དབང་ཡིན་ཏེ་ཁྲིམས་ལུགས་ཀྱི་འབུམ་རམས་པ་ཐོན་པའི་མཁས་དབང་ཡིན་པའི་ཕྱིར། མཁས་དབང་ཡིན་ན་ཡིན་གཅིག་མིན་གཅིག རིག་པའི་གནས་ལྔ་ཞེས་སྲོལ་རྒྱུ་བཤད་ལུགས་ཀྱི་རྗེས་སུ་འབྲངས་མི་དགོས་པའི་ཕྱིར་རོ།། མ་ཟད་བློ་བཟང་སེང་གེ་མཐོ་སློབ་ཐོན་ཙམ་ཞིག་རེད་ལབ་ན། ཁྱོད་རང་གིས་སྐྱག་རྫུན་བཤད་པ་ལས་མ་འདས་སོ།།

  13. ཁ་རུ་ཁ་ཐུག says:
    2010-08-12 at 3:50 am

    སྲོལ་རྒྱུན་གྱི་བཤད་སྲོལ་ལྟར་ཞེས་་་་་་་བསྒྱུར་རོགས།

  14. འཇམ་དཔལ་རྣོན་པོ། says:
    2010-08-12 at 4:11 am

    ངའི་དྲི་བ་འདི་བཀྲ་མཐོང་བསྟན་འཛིན་རྣམ་རྒྱལ་ལ་ཡིན། དམངས་གཙོའི་ཚགས་པར་ནང་གསལ་བོར་བཤད་ཡོད་པའི་ཁྱེད་ཀྱི་གནས་ཚུལ་ཧི་སྒོར་འབུམ་དགུ་བའི་གནད་དོན་དང་གཅིག ཡང་བསྐྱར་འབུམ་བརྒྱའི་གནད་དོན་དང་གཉིས། ཡང་བསྐྱར་ཉི་ཧོང་ནས་པདྨ་རྒྱལ་པོའི་བསྐུར་བའི་འབུམ་ལྔ་བཅུ་ངབཞིའི་ ༥༤ གནད་དོན་བཅས་ལ་གསལ་བཤད་ཅིག་གནང་རོགས། གལ་ཏེ་ཁྱེད་ལ་ནག་ཉེས་མེད་ཚེ་ཁུངས་སྐྱེལ་གང་འདྲ་བྱེད་ཀྱི་ཡིན།

  15. རང་བཙན་ལྡེའུ་ says:
    2010-08-12 at 5:13 am

    རང་གི་མིང་ཡང་བོད་ཡིག་ཐོག་བྲི་མི་ཐུབ་བཞིན་དུ་ཝ་མོ་ལྟར་རང་གི་རིགས་ལ་བསྡང་སེམས་ཆེ་བའི་ ཐུགས་རྗེ་ཟེར་བ་དེར་ ཁྱོད་ནས་བོད་མི་ཡོངས་ལ་དེ་འདྲའི་མཐོང་ཆུང་ཁྱད་གསོད་བྱེད་དགོས་ལེ་ཅི་ཡིན་ མཁས་དབང་བློ་བཟང་སེངྒེ་ལགས་ལ་ ༼མཁས་དབང་༽ཞེས་པའི་འགོ་བརྗོད་དེ་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ཀྱི་ཆེས་མཐོའི་གཙུག་ལག་སློབ་གྲ་ཆེན་མོ་ཧར་ཝརཌ་ཞེས་པ་ནས་འཛམ་གླིང་ནང་རྒྱལ་སྤྱིའི་སློབ་ཕྲུག་རྒྱ་ཁྲག་དུ་མའི་དབུས་སུ་རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་སྦྱོང་ཕུལ་འབྱུང་མཐར་གསོན་གྱི་མཁས་པའི་གཟེངས་རྟགས་ལག་འཁྱེར་ལོན་ཏེ་ ༧གོང་ས་མཆོག་དང་བོད་རྒྱལ་ཁབ་རང་མི་རིགས་ཀྱི་མཚན་མཐོང་དང་ལར་རྒྱ་གོང་བུར་འདེགས་ཐུབ་ཁན་གྱི་སྐྱེ་བུ་ཞིག་ཡིན་པ་ལས་ མི་ཕལ་པ་ཞིག་མ་རེད་ དེས་ན་མིང་ཚིག་བེད་སྤྱོད་བྱེད་སྟངས་ཀྱི་ཤེས་ཡོན་ཡར་རྒྱས་ངོ་མ་དེ་ཁྱེད་རང་ལ་དགོས་ཤི་གདའ་ ཁོ་རེ་ དེ་མིན་ཚེ་བོད་མི་དམངས་ནས་ཁྱོད་རང་ལ་ དབྱིན་སྐད་ནང་གི་ A Jerk ཟེར་ལེ་དེ་ཟེར་འོང་ལེ་རེད་མོ་།

  16. བསེ་རུ། says:
    2010-08-12 at 6:10 am

    བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྒྱལ་མཆོག་ལ་དྲི་བ་ཞུ་རྒྱུར།
    དྲི་བ་དང་པོ། ངའི་ཚོད་རྩིས་ལྟར་ན། བོད་མི་བཙན་བྱོལ་དུ་ད་དུང་ལོ་ངོ་ལྔ་བཅུ་ཧྲིལ་པོ་གནས་དགོས་ཐུག་ས་རེད།
    དབུ་མའི་ལམ་དང་རང་བཙན་གྱི་ལྟ་བའི་ལམ་བུ་དེ་གཉིས་ཀའི་ཐོག་ནས་རེ་འབྲས་མ་སྨིན་ན།
    ང་ཚོར་ཐབས་ལམ་གསུམ་པ་ཞིག་དགོས་པ་གཟིགས་ཀྱི་ཡོད་དང་མེད། གཟིགས་ཀྱི་ཡོད་ན་ལམ་བུ་གསུམ་པ་དེ་གང་འདྲ་ཞིག་གི་ཐོག་ལ་བསྐྱོད་དགོས་སམ།
    བཀའ་ཁྲིའི་འོས་མི་མཁས་དབང་བློ་བཟང་སེང་གེ་མཆོག་ལ་དྲི་བ་ཞུ་རྒྱུར།
    དྲི་བ་གཉིས་པ། བཀའ་ཁྲིའི་འོས་མིའི་སྐོར་ཕྱོགས་བཞི་མཚམས་བརྒྱད་ནས་གླེང་སློང་ཤུགས་ཆེན་གནང་དང་གནང་བཞིན་ཡོད་སྟབས། སྐུ་ཉིད་ལ་འདི་ལོ་དམིགས་བསལ་གྱི་ཚོར་སྣང་ཅི་ཞིག་བྱུང་སོང་ངམ།

  17. བསེ་རུ། says:
    2010-08-12 at 6:14 am

    དྲི་བ་མཐའ་མ་དེ།
    ཁྱེད་རྣམ་གཉིས་སུ་རུང་ལ་བཀའ་བློན་ཁྲི་པའི་འོས་ཐོབ་བྱུང་ན།
    ཕྱག་རོགས་བཀའ་བློན་དེ་དག་གི་དམིགས་བསལ་གྱི་ཁྱད་ཆོས་གང་དང་གང་ལ་གཟིགས་ཏེ་འདེམས་རྩིས་ཡོད་དམ། རྒྱུ་མཚན་ཅི།

  18. སྐྱབས་བཅོལ། says:
    2010-08-12 at 6:18 am

    དྲི་བ་ཐད་ཀར་དྲིས་ན་དགེ་མཚན་ཆེ།
    ཉག་ཉོག་ལུང་པ་གང་གླེང་ན། དུས་ཚོད་འཕྲོ་བརླག་རེད། མི་ཚེ་འཕྲོ་བརླག་རེད།

    བཀའ་ཁྲིའི་ཐུགས་འགན་གཙོ་བོ་གང་དང་གང་ཡིན་ནམ།

  19. མདོ་ལྷ་ཁམས་པ། says:
    2010-08-12 at 7:49 am

    སྦྲ་ནག་པས་བསམ་ཚུལ་ལེགས་པོ་ཞིག་འཁྱེར་འདུག
    ངས་ཀྱང་མཚམས་འདིར་ཆ་ཤས་ཅིག་ལེན་གྱི་ཡིན།

    ངའི་བཀའ་འདྲི་གཅིག་པོ་འདི་རབ་བྱུང་ན་རྣམ་པ་གསུམ་པོ་རེ་རེ་ནས་ལན་སྐྱོན་རོགས་ཞུ།
    གལ་སྲིད་ཁྱེད་ལ་སྐབས་བཅུ་གཅིག་པའི་བཀའ་ཁྲི་དངོས་སུ་ཐོབ་བྱུང་བ་ཡིན་ན། གལ་ཆེ་ཤས་སུ་གྱུར་པའི་ལས་རིམ་ཨང་དང་པོ་དེ་གང་ལ་ངོས་འཛིན་བྱ་རྒྱུ་དང་། དེ་ཇི་ལྟར་ལག་ལེན་ཏུ་འགེལ་རྒྱུ་ཡིན།
    དེ་བཞིན། གལ་ཆེ་ཤོས་ཨང་གཉིས་པ་དང་གསུམ་པ་གཉིས་གང་དང་གང་ཡིན། རྒྱུ་མཚན་བཅས།

  20. གཅན་བཟོད་རྒྱམ། says:
    2010-08-12 at 8:31 am

    ངའི་དྲི་བ་འདི་ཡིན།
    ཁྱོད་བཀའ་བྱེད་དགོས་དོན་གང་ཡིན་ནམ།

  21. བོད་ཀྱི་མཛེས་མ། says:
    2010-08-12 at 8:52 am

    ཁོང་གསུམ་ཀར་འདྲི་ཞུ་རྒྱུར།
    གལ་སྲིད་སྐུ་ཉིད་བཀའ་བློན་ཁྲི་པ་ཆགས་པ་ཡིན་ན།ད་ལྟའི་བཀའ་བློན་ཁྲི་པ་རིན་པོ་ཆེས་ཕྱག་བསྟར་གནང་བཞིན་པའི་སྲིད་ཇུས་ཡོད་ཚོད་མུ་མཐུད་ནས་ཕྱག་བསྟར་གནང་གི་ཡིན་མིན་དང།་་་མིན་ཚེ་སྲིད་གསར་པ་གང་དང་གང་ཡོད་གསལ་པོ་གསུང་རོགས་ཞུ་འདོད་བྱུང།

    གལ་སྲིད་མ་འོངས་པར་གནས་ཚུལ་ཐབས་སྡུག་ཅིག་བྱུང་ཚེ་རྒྱ་གར་ནང་ཡོད་པའི་གཞིས་ཆགས་ཁག་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་སྲིད་པ་ཡིན་སྟབས།རྒྱ་གར་དུ་ཡོད་པའི་བོད་མི་ཡོད་དོ་ཅོག་རྩྭ་ས་བཟང་ས་ཞིག་ཏུ་གནས་སྤོ་རྒྱུའི་དགོངས་པ་ལས་འཆར་ཡོད་མེད་བཅས་ལ་བཀའ་ལན་ཚ་ཐག་ཆོག་ཅིག་གནང་རོགས།

  22. འབའ་ཐང་གི་བུ། says:
    2010-08-12 at 9:03 am

    དྲི་བ་གཅིག་ནི།
    བོད་ཀྱི་ཁ་དཔེར།རྒྱ་དྭོགས་པས་ཕོངས།་བོད་རེ་བས་ཕོངས་ཟེར་བ་བཞིན།ད་དུང་མུ་མཐུད་ནས་བོད་འདི་རེ་བས་ཕོངས་བཅུག་རྒྱུ་ཡིན་ནམ།ཡང་ན་བོད་ཀྱི་བདེན་མཐའ་སེལ་ཐུབ་པའི་ཐབས་ལམ་གསར་པ་གང་ཡོད།གལ་སྲིད་ཐབས་ལམ་གསར་པ་མེད་ཚེ་བོད་རེ་བས་ཕོངས་ནས་མི་ལོ་ལྔ་བཅུ་རྫོགས་ཟིན་ལྟར་ད་དུང་ལོ་གྲངས་དེ་དང་མཉམ་པའམ་དེ་ལས་མང་བ།སྡུག་ན་བོད་ཆག་འཇིག་མ་འགྲོ་བར་མུ་མཐུད་ལྐུགས་པའི་ཨུ་ཚུགས་བྱེད་ནས་ཐབས་ལམ་རྙིང་པ་བསྐྱར་གསོ་བྱེད་འདོད་ཡོད་མེད་བཅས་ལ་བཀའ་ལན་གསལ་གསལ་ཏིག་ཏིག་ཅིག་གནང་རོགས།

  23. འདྲེ་རིག་ལྡན། says:
    2010-08-12 at 10:13 am

    མི་མང་པོས་དྲི་བ་དྲིས་འདུག ངས་ཀྱང་གཅིག་འདྲི། བཀའ་བློན་གསར་བ་རེ་སླེབས་དུས། སྲིད་ཇུས་གསར་བ་རེ་སླེབས་དགོས་ངེས་རེད། དེ་མིན་ན་ཡང་ནས་བསྐྱར་དུ་ལམ་སྲོལ་རྙིང་བ་ཞིག་ཡང་སློག་སྐྱར་སློག་བྱེད་པ་ལ་མི་གསར་བ་ཞིག་དགོས་མ་རེད། དེ་བས། སྲིད་ཇུས་གསར་བ་འདི་ཉིད་བཀའ་བློན་ཁྲི་བ་དང་བཅས་པའི་བཀའ་བློན་གཞན་ཚང་མས་མཉམ་རུབ་ཀྱིས་བསྒྲུབ་དགོས་པ་ཞིག་རེད། དེས་ན་ངའི་དྲི་བ་ནི། ཁྱེད་ཚོ་གསུམ་སུ་རུང་ལ་བཀའ་ཁྲིའི་འོས་ཤོག་ཐོབ་སོང་བ་ཡིན་ན། ལག་རོགས་བཀའ་བློན་ག་ཚོད་འདེམས་རྒྱུ་ཡིན། སུ་དང་སུ་འདེམས་རྒྱུ་ཡིན་ནམ། ཤེས་རིག ནང་སྲིད། བདེ་སྲུང་། དཔལ་འབྱོར། འཕྲོད་བསྟེན་སོགས་་་་་་་ སྐབས་ཐོག་གི་ལས་དོན་ཐད་རྒྱུས་མངའ་དང་འཇོན་ཐང་ཡོད་པ་སུ་དང་སུ་འདེམས་རྒྱུའི་ཐད་གྲྭ་སྒྲིག་མེད་མི་སྲིད་པས། རེ་རེ་ནས་གསུངས་རོགས།

    དྲི་བ་གཉིས་པ་འདི་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་ལ་ཞུ་རྒྱུ་ཡིན། རྒྱ་རི་སྒྲོལ་མས་ཡོངས་གྲགས་སུ་གསར་འགོད་གསལ་བསྒྲགས་སྤེལ་ཡོད་མོད། ཁྱེད་ཚོས་ངོས་ནས་སྐབས་འདིར་རྒྱ་རི་སྒྲོལ་མ་གདན་དྲངས་ཡོད་དམ་མེད། མེད་ན་ཅིའི་ཕྱིར་སྐད་མ་བཏང་མ་ཡིན་ནམ།
    མཐར་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་བ་ཡིན།

  24. འདྲེ་རིག་ལྡན། says:
    2010-08-12 at 10:13 am

    མི་མང་པོས་དྲི་བ་དྲིས་འདུག ངས་ཀྱང་གཅིག་འདྲི། བཀའ་བློན་གསར་བ་རེ་སླེབས་དུས། སྲིད་ཇུས་གསར་བ་རེ་སླེབས་དགོས་ངེས་རེད། དེ་མིན་ན་ཡང་ནས་བསྐྱར་དུ་ལམ་སྲོལ་རྙིང་བ་ཞིག་ཡང་སློག་སྐྱར་སློག་བྱེད་པ་ལ་མི་གསར་བ་ཞིག་དགོས་མ་རེད། དེ་བས། སྲིད་ཇུས་གསར་བ་འདི་ཉིད་བཀའ་བློན་ཁྲི་བ་དང་བཅས་པའི་བཀའ་བློན་གཞན་ཚང་མས་མཉམ་རུབ་ཀྱིས་བསྒྲུབ་དགོས་པ་ཞིག་རེད། དེས་ན་ངའི་དྲི་བ་ནི། ཁྱེད་ཚོ་གསུམ་སུ་རུང་ལ་བཀའ་ཁྲིའི་འོས་ཤོག་ཐོབ་སོང་བ་ཡིན་ན། ལག་རོགས་བཀའ་བློན་ག་ཚོད་འདེམས་རྒྱུ་ཡིན། སུ་དང་སུ་འདེམས་རྒྱུ་ཡིན་ནམ། ཤེས་རིག ནང་སྲིད། བདེ་སྲུང་། དཔལ་འབྱོར། འཕྲོད་བསྟེན་སོགས་་་་་་་ སྐབས་ཐོག་གི་ལས་དོན་ཐད་རྒྱུས་མངའ་དང་འཇོན་ཐང་ཡོད་པ་སུ་དང་སུ་འདེམས་རྒྱུའི་ཐད་གྲྭ་སྒྲིག་མེད་མི་སྲིད་པས། རེ་རེ་ནས་གསུངས་རོགས།

    དྲི་བ་གཉིས་པ་འདི་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་ལ་ཞུ་རྒྱུ་ཡིན། རྒྱ་རི་སྒྲོལ་མས་ཡོངས་གྲགས་སུ་གསར་འགོད་གསལ་བསྒྲགས་སྤེལ་ཡོད་མོད། ཁྱེད་ཚོས་ངོས་ནས་སྐབས་འདིར་རྒྱ་རི་སྒྲོལ་མ་གདན་དྲངས་ཡོད་དམ་མེད། མེད་ན་ཅིའི་ཕྱིར་སྐད་མ་བཏང་མ་ཡིན་ནམ།
    མཐར་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་བ་ཡིན།

  25. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-08-12 at 11:41 am

    དྲ་གྲོགས་དག་གིས་དགོང་ཚུལ་དྲི་བ་མང་བོ་གནང་འདུག་། ངེད་ཚོའི་གང་ཐུབ་ཐུབ་གྱི་དྲི་བ་དེ་དག་འབུལ་གི་ཡིན། ད་དུང་མི་འཐུད་ནས་གསུང་།
    གོང་དེར་རིགས་ལྡན་ལེགས་ནས་རྒྱ་རི་སྒྲོན་མ་ལེགས་གདན་འདྲེན་ཡོད་མེད་གསུང་པ་། རྒྱ་རི་སྒྲོན་མ་ལེགས་སྐུ་དངོས་སུ་གདན་འདྲེན་བྱེད་མ་ཐུབ་ཡང་། ཐད་གར་དྲ་ལམ་བརྙན་རྒྱུད་ནས་དྲི་བ་འབུལ་རྩིས་ཡོད་མོད་། ཕྱོགས་གཉིས་ནས་ཆ་རྐྱེན་དང་གོ་སྐབས་འགྲིག་མིན་མི་ཤེས་མོད་། འོན་ཀྱང་དྲི་བ་ཡོད་ན་གནང་རོགས་གནང།
    ཐུགས་རྗེ་ཆེ།

  26. ཅོ་རི་ཉི་མ། says:
    2010-08-12 at 12:40 pm

    སྤྲ་ནག་དོན་འགྲུབ་ཚེ་རིང་ལགས་ངའི་དྲི་བ་འདི་ངེས་པ་ཏུ་དྲི་རོགས་གནང་ཞེས་རེ་བ་ཞུ་རྒྱུ་ཡིན།

    ཁོང་རྣམ་པ་གསུམ་ཀ་ལ་དྲི་བ་ཡིན།
    གལ་སྲིད་འོས་ཐོབ་ནས་བཀའ་ཁྲི་ལ་ཕེབས་དུས་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ན་གཞོན་ལས་མེད་ཚོ་གཞུང་འབྲེལ་གྱི་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གཏོང་འདོད་ཡོད་དམ་མེད། ཞེས་དྲིས་རོགས།

    yes or no ལན་འདི་གཉིས་གང་རུང་མ་གཏོགས་མི་དགོས། འདི་ནི་བཙན་བྱོལ་བོད་མིའི་་འཚོ་བའི་མདུན་ལམ་ལ་ཐུག་ཡོད་པས་ཧ་ཅང་དོན་ཆེན་ཡིན་སྙམ།
    ཐུགས་རྗེ་གཟིགས།

  27. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-08-12 at 1:17 pm

    ཅོ་རི་ཉི་མ་ལེགས་།
    ཁྱོད་ཀྱི་དྲིབ་དེ་ངས་འབུལ་ཐག་ཆོས་འབུལ་གི་ཡིན།

  28. སྤྲེའུ་ཡུལ་གྱི་བོད་པ་། says:
    2010-08-12 at 1:19 pm

    རྒྱབ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་རྒལ་བ་རྣམས་བོད་ཀྱི་ཡུལ་མིར་ཞུགས་ཆོག་ཞེས་པ་བཅའ་ཁྲིམས་ཀྱི་དགོངས་དོན་ཡིན་ཡང་ངས་ཤེས་པའི་ཕྱི་རྒྱལ་བ་ཞིག་མེག་ལོར་གཞི་ཆགས་བུ་མེད་ཅིག་ལ་ལུགས་མཐུན་གཉེན་སྒྲིག་བྱས་ནས་ད་ལྟ་ཨ་རི་ན་མོ་དང་གཉམ་དུ་སྡད་ཡོད་པ་མ་ཟད་བུ་བསྟན་འཛིན་ཞེས་པ་ཞིག་སྐྱེས་ནས་ལོ་ངོ་རྒྱད་ཙམ་སོང་འདུག་མོད་། ཁོ་ལ་ད་དུང་རང་བཙན་ལག་དེབ་རོགས་མི་འདུག་། བོད་གཞུང་གིས་བོད་དོན་རྒྱབ་བསྐྱོར་ཚོགས་པ་༢༠༠༨ ལོའི་མཇུག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གྷོ་གྷར་ཞེས་པའི་ས་གནས་སུ་བསྐངས་སྐབས་ཁོང་བོད་དོན་རྒྱབ་བསྐྱོར་ཚོགས་པའི་ཁོངས་སུ་འདུག་། ཁོས་བཤད་ན་ཁོ་བོས་ནུས་པའི་འཇོན་ཚད་བོད་ཀྱི་ཆེད་དུ་ལས་བྱས་པ་ཡིན་། ཡིན་ཡང་བོད་གཞུང་ནས་རང་བཙན་ལག་དེབ་སྤྲོད་ཀྱི་མི་འདག ཟེར་།
    ངས་ལྟས་ན་ཁོང་ལ་བོད་མའི་བཅའ་ཁྲིམས་ཀྱི་དགོངས་དོན་གྱི་ཆ་རྐྱེན་ཚང་འདུག་བསམ་། དཔེར་ན་གཤམ་ལྟར་རེད་།
    རྒྱབ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་རྒལ་བ་རྣམས་བོད་ཀྱི་ཡུལ་མིར་ཞུགས་ཆོག།

  29. སྤྲེའུ་ཡུལ་གྱི་བོད་པ་། says:
    2010-08-12 at 1:24 pm

    འོ་ད་དུང་བཤད་ཀྱི་ཞིག་ལ་ཁོང་ལ་ཆ་རྐྱེན་ཚང་མི་འདུག་ཟེར་མཁན་ཡོད་ན་རྒྱུ་མཚན་ཤོད་རོགས་?

  30. སྐྱབས་བཅོལ། says:
    2010-08-12 at 2:36 pm

    དྲི་བ་དང་པོ། ཐོག་མའི་ཆར་བཀའ་ཁྲིའི་འོས་མི་མ་རྙེད་པའི་ཚོད་དུ་ལྷགས་ཀྱང་ད་ལྟའི་ཆར་
    བཀའ་བློན་ཁྲི་པའི་འོས་མི་མང་པོ་འདི་ལྟར་ཡོང་དོན་གང་ལ་ཐུག་པ་རེད་དམ།
    དྲི་བ་གཉིས་པ། ཁྱེད་རྣམ་གཉིས་ཀྱིས་གཟིགས་ན་བཀའ་བློན་ཁྲི་པར་འོས་ཆོས་ག་རེ་ག་རེ་ཚང་དགོས་ཀྱི་རེད་དམ།

  31. thukjee says:
    2010-08-13 at 2:03 am

    ༄༅།། རང་བཙན་ལྡེའུ་ལགས། དེ་རང་རེད། ཧ་ཧ་ཧ། ངའི་མིང་འབྲི་ཤེས་དང་མ་ཤེས་
    ཁྱེད་རང་གི་ཇི་ལྟར་ཤེས། ལྐུག་པ་རང་རེད། ཁྱོད་ཀྱི་འདོད་པ་ལྟར་གྱི་མཁས་དབང་
    དེ་ཡུལ་བྱེ་བྲག་པ་གཅིག་ལ་སྦྱངས་པ་བྱས་པས་མཁས་དབང་ཡིན་རྒྱུ་རེད་དམ།
    འདོད་ན། ལྟས་ངན་འུག་པ་ཆོས་ཅན། མཁས་དབང་ཡིན་པར་ཐལ། སྲོག་ཆགས་
    གཞན་ལ་མེད་པའི་མཚན་མོ་མཐོང་ཐུབ་པའི་ཕྱིར་རོ།།

  32. thukjee says:
    2010-08-13 at 2:09 am

    ༄༅།། རང་བཙན་ལྡེའུ་ལགས། དེ་རང་རེད། ཧ་ཧ་ཧ། ངའི་མིང་འབྲི་ཤེས་དང་མ་ཤེས་
    ཁྱེད་རང་གི་ཇི་ལྟར་ཤེས། ལྐུག་པ་རང་རེད། ཁྱོད་ཀྱི་འདོད་པ་ལྟར་གྱི་མཁས་དབང་
    དེ་ཡུལ་བྱེ་བྲག་པ་གཅིག་ལ་སྦྱངས་པ་བྱས་པས་མཁས་དབང་ཡིན་རྒྱུ་རེད་དམ།
    འདོད་ན། ལྟས་ངན་འུག་པ་ཆོས་ཅན། མཁས་དབང་ཡིན་པར་ཐལ། སྲོག་ཆགས་
    གཞན་ལ་མེད་པའི་མཚན་མོ་མཐོང་ཐུབ་པའི་ཁྱད་ཆོས་དང་ལྡན་པའི་ཕྱིར་རོ།།

  33. གཅན་བཟོད་རྒྱམ། says:
    2010-08-13 at 2:37 am

    སྤྱིར་རྟགས་གསལ་བཏང་སྟེ་རིག་པ་བརྡར་ན་བཟང་གི་ར། སྲོག་ཆགས་ཤིག་ལ་ཥཀས་དང་མ་མཁས་ཀྱི་ཐ་སྙད་སྦྱར་དུ་རུང་མི་རུང་མི་ཤེས་ཏེ། སྦྱར་སྲོལ་མི་འདུག་སྙམ། རྒྱ་ལ་ཡོད་ན་ཁྱོད་ཀྱིས་རིག་འཕྲུལ་ཕངས་པ་ཡག་པོ་འདུག

  34. thubtenchoglang says:
    2010-08-13 at 2:48 am

    ང་ཚོ་བོད་པ་ཡིན་པ་གཅིག་འགྱུར་དང་། བོད་ཀྱི་ཆབ་འབངས་ཡིན་པ་གཅིག་འགྱུར་ཡིནའང་བོད་ཀྱི་གྲོས་ཚོགས་འཐུས་མིའི་འོས་ཤོག་འཕེན་སྐབས་སྐྱེས་ཡུལ་ལུང་ཚན་དབྱེ་འབྱེད་ཀྱིས་བཟའ་མི་གཉིས་ཀྱང་ཁ་བྲལ་ཏེ་འོས་ཤོག་འཕེན་དགོས་པའི་ལམ་ལུགས་དེ་ནི་ང་ཚོ་ནང་ཁུལ་ཕྱོགས་རིས་འཐེན་འཁྱེར་བཟོ་མཁན་འདྲ་པོ་དང་། འཛམ་གླིང་དམངས་གཙོའི་རྒྱལ་ཁབ་སུ་དང་ཡང་མ་མཐུན་པའི་ལམ་ལུགས་ཤིག་ཡིན་པ་གསལ་པོ་རེད། དེ་ལ་བརྟེན་ནས་མང་ཚོགས་ནང་བསམ་ཚུལ་མང་པོ་ཡོད་པ་ཚང་མས་མཁྱེན་གསལ་་ཡིན་ཙང་ལྷན་རྒྱས་བཀའ་ཁྲིའི་འོས་གཞི་གསུམ་གྱི་དགོངས་ཚུལ་ག་རེ་ཡོད་དམ།།

  35. ཁ་ཕྱོགས་མེད says:
    2010-08-13 at 3:21 am

    ངས་སྔོན་ནས་དྲ་ཐོག་འདིར་བློ་བཟང་སེང་གེ་ལགས་ལ་དྲི་བ་ཁ་ཤས་བཀོད་ཀྱང་ལན་མེད་ཀི་དེ་རིང་ཡང་བསྐྱར་དུ་གོ་སྐབས་འདི་བཟུང་ནས་སྔོན་གྱི་དྲི་བ་དེ་དག་བསྐྱར་འགོར་བྱ་རྒྱུ་ཡིན།

    ལན་ཞིག་ཡོད་པའི་རེ་བ་ཡོད།

    བཀུར་བར་འོས་པའི་བློ་བཟང་སེང་གེ་ལགས་ང་ཚོར་སྐུ་ཉིད་ཤེས་འདོད་ཡོད་པས་དེའི་ཕྱིར་དྲི་བ་འདི་དག་ལ་ལན་ཞིག་གནང་རོགས།
    ༡ གཞི་གང་ལ་བརྟེན་ནས་རང་ཉིད་བཀའ་ཁྲིར་ལངས་དགོས་པའི་འདུན་པ་སྐྱེས་བྱུང།
    ༢ རང་གིས་རང་ཉིད་སྐབས་གསུམ་པའི་བཀའ་ཁྲིར་འཚམས་ཤོས་ཡིན་པ་ཚོར་གྱི་འདུག་གམ།
    ༣ དེ་སྔ་སྐུ་ཉིད་བཙན་བྱོལ་གྱི་གཞུང་ཞབས་ཁོངས་སུ་མ་ཞུགས་པ་དེ་གོ་སྐབས་མེད་སོང་བ་རེད་དམ་དགོས་པ་མེད་སོང་བ་རེད། ཡང་ན། སྐུ་ཉིད་དང་འཚམས་པའི་ལས་ཤིག་མེད་སོང་བ་རེད།
    ༤ མི་གཞན་གྱིས་བརྗོད་ཚུལ་ལྟར་ན་སྐུ་ཉིད་ཀྱི་རྩོམ་ཡིག་སོགས་གང་བྲིས་ཀྱང་ཐོག་མ་དབྱིན་ཡིག་ནང་བྲིས་པ་དང་རྗེས་སུ་གཞན་གྱིས་བོད་བསྒྱུར་བྱེད་ཀྱི་ཡོད་པའི་བསམ་ཚུལ་འདོན་གྱི་འདུག་དེ་བདེན་རེད་དམ། གལ་ཏེ་བདེན་སོང་ན་མ་འོངས་པར་སྐུ་ཉིད་ལ་བཀའ་ཁྲི་ཐོབ་ན་འཛིན་སྐྱོང་བཀའ་ཤག་གི་ལས་གཞི་ཡོངས་རྫོགས་དབྱིན་ཡིག་ལ་བརྟེན་ནས་བཟོ་རྒྱུ་ཡིན་ནམ།
    ༥ འདས་པའི་ལོ་རྒྱུས་ཐོག་འཛམ་གླིང་འདིར་རང་ཉིད་ཀྱི་ཨ་མའི་སྲིད་གཞུང་དང་སྤྱི་ཚོགས་མ་ཡིན་སར་བྱ་བ་གཉེར་མཁན་ཞིག་གློ་བུར་དུ་ཕྱིར་གདན་འདྲེན་བྱས་ཏེ་ཨ་མའི་རྒྱལ་ཁབ་དང་སྲིད་གཞུང་ཞིག་གི་ཆེས་མཐོའི་དབུ་ཁྲིད་ཐོབ་པའི་རིགས་བྱུང་ཡོད་དམ། ཡོད་ན་བྱུང་དགོས་པའི་རྒྱུ་མཚན་དང། མེད་ན་གནད་དོན་གང་ལ་ཐུག་ནས་མེད་སོང་བ་རེད།

    ༦ མི་མང་གིས་སྐུ་ཉིད་བཀའ་ཁྲིར་འདེམས་ཆོག་པའི་ཡིད་ཆས་གཞི་གང་ལ་བརྟེན་ནས་རྙེད་དགོས་རྒྱུ་རེད་འདོད།
    ༧
    མི་མང་བོ་ཞིག་གིས་བརྗོད་ན་སྐུ་ཉིད་ལ་ཁྲིམས་ལུགས་འབུམ་རམས་པའི་ལག་འཁྱེར་ཡོད་པ་རེད་ཟེར། གལ་ཏེ་འབུམ་རམས་པའི་ལག་འཁྱེར་ལ་བརྟེན་ནས་སྐུ་ཉིད་བཀའ་ཁྲིར་འདམས་ན་དེ་འོས་འཚམས་ཤིག་རེད་དམ་རེད།
    ༨ སྐུ་ཉིད་ཀྱི་བཀའ་ཁྲིའི་འོས་གཞི་དེ་སྐུ་ཉིད་ཡིན་ནམ་སྟབས་བདེ་ན་འདི་ལའང་ལན་ཞིག

    ༩ གལ་སྲིད་སྐུ་ཉིད་བཀའ་ཁྲི་འགྱུར་སོང་ན་དམིགས་བསལ་གྱི་བྱ་བཞག་ག་འདྲ་ཞིག་བསྒྲུབ་ཐུབ་གྱི་རེད།

    མཐའ་དོན་འབྲི་བ་འདི་དག་སྐུ་ཉིད་ལ་གུས་མེད་དང་སྡང་བ་ཡིག་རྒྱུགས་སོགས་གང་ཡང་མིན་པར་འབྱུང་འགྱུར་ང་ཚོའི་དབུ་ཁྲིད་དུ་ཕེབས་རྒྱུ་ཡིན་ན་ཤེས་འདོད་ནི་ཡིན། ངའི་བརྒྱུད་དུ་ཡོད་པའི་དོགས་གཞི་རྣམས་བསལ་བྱེད་ཀྱང་ཡིན།
    བཀྲ་ཤིས་བདེ་ལེགས། ཁ་ཕྱོགས་མེད་ཀྱིས།

  36. thukjee says:
    2010-08-13 at 8:39 pm

    ༄༅།། ཁ་ཕྱོགས་མེད་ལགས། ཁྱེད་རང་གི་དྲི་བ་འདི་ཧ་ལས་པའི་ཡག་པོ་འདུག་རྗེས་སུ་ཡི་རང་ཞུ།།

  37. བློ་གྲོས་རྒྱལ་པོ says:
    2010-08-14 at 11:37 pm

    བཀའ་ཁྲིའི་འོས་གཞི་སུ་ཞིག་གིས་ལས་འགོ་རྡ་རམ་སཱ་ལ་ནས་རྩོམ་ཐུབ་པ་དང་ལས་མཇུག་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཕྱོགས་སྡོམ་བྱེད་ཐུབ་པ་ཡིན་ན། དེ་ལ་བོད་གཞོན་སྐྱེས་ཚོའི་རྒྱབ་སྐྱོར་ཐོབ་ངེས་ཡིན་པའི་སྐོར། རྡ་རམ་སཱ་ལའི་སྣེ་ལེན་ཁང་གི་གསར་འབྱོར་ཚོས་དཔྱད་བརྗོད་བྱེད་ཀྱིན་འདུག་ན། བཀའ་ཁྲིའི་འོས་གཞི་གསུམ་ལ་འདི་ཐད་ལན་འདེབ་གང་འདྲ་ཞིག་གྲ་སྒྲིག་ཡོད་དམ།

  38. བདུད་ནག་བུ་ནས། says:
    2010-09-06 at 3:30 pm

    བཀའ་ཁྲིའི་འོས་མི་ལངས་མཁན་འདི་ཚོ་ལ་ཁྱིམ་ཚང་དེའི་མི་རབས་ནས་མི་རབས་ལ་དཔྱད་པ་བྱ་དགོས་འདུག་གང་ཟག་དེ་ལ་མཁས་པའི་མིང་ཙམ་ཡོད་པ་མ་ཡིན་པ་དངོས་གནས་ཞིབ་འཇུག་ཡང་དག་པ་ཞིག་བྱ་དགོས་འདུག་རྒྱུ་མཚན་གང་ཡིན་ཟེར་ན་བཀའ་བློན་ཁྲི་བ་ཟེར་ཡ་སྟེ་ང་ཚོ་བོད་མདོ་དབུས་ཁམས་གསུམ་གྱིས་སྲོལ་ཤིང་ལྟ་བུ་ཞིག་ཆགས་ཡོད་པ་རེད། དེ་འདྲ་སོང་ཙམ་ཚང་མའི་བསམ་བློ་ཡག་པོ་ཞིག་གཏང་རོགས་གནང་།

  39. ལ་སྟོད་བུ། says:
    2010-09-09 at 7:04 am

    ཐེང་རྗེས་མའི་བཀའ་བློན་དུ་ཕེབས་མཁན་རྣམ་པར་དཀའ་ངལ་དེ་ཙམ་ཡོང་མདོག་ཁ་བོ་མ་རེད། གང་ཡིན་ཟེར་ན་ཐེང་རྗེས་མའི་སྤྱི་འཐུས་དེ་དག་རྙོག་ཁྲ་མི་ཤོད་མཁན། ཐལ་མོ་མཉམ་སྡེབ་བྱེད་མཁན། ཡང་ན་ཞལ་བཙུམས་ནས་སྡོད་མཁན་ཞིག་དགོས་པར་དྲྭ་རྒྱ་འདིར་བརྒྱ་ཆ་བརྒྱད་ཅུ་ནས་ཤོད་ཀྱི་འདུག
    སྤྱི་འཐུས་གྲོས་ཚོགས་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ལྟར་འཕྲུལ་ཆས་ཀྱིས་བཟོས་པའི་མི་གཟུགས་བཞིན་ཕྱག་མཉམ་སྡེབ། ཕར་རྒོལ་མཉམ་རྒོལ། དཀར་ཡོལ་དང་འཐུང་ཆུ་སོགས་ཆེ་ཆུང་དང་ཁ་དོག་སོགས་གཅིག་པ་གཅིག་རྐྱང་བྱེད་དེ་འདྲ་སྐུ་ནང་བཞིན་བཞུགས་རྒྱུར་མི་དམངས་ཀྱིས་འདུན་པ་ཡོད་པས་སོ།
    ཆོས་ལུགས་གང་གི་སྤྱི་འཐུས་ཡིན་པར་དྲིས་ཚེ་ལན་འདེབས་མེད་མཁན། ཆོལ་ཁ་གང་གི་སྤྱི་འཐུས་ཡིན་པར་དྲིས་ཚེ་ལན་དེབས་མི་ཕོད་མཁན་ཞིག་དགོས་པར་ཤུགས་ལ་བཤད་ཀྱི་འདུག གལ་སྲིད་དེ་ལྟར་བཤད་ཚེ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་ཡོད་པ་ཡིན་པས་སོ། འོ་ད་དུང་འདུག་བོད་རང་བཙན་མིན། བོད་རང་སྐྱོངས་ལྗོངས་རྒྱ་ནག་གི་ཆ་ཤས་ཡིན། བོད་ཀྱི་ཆོས་དང་རིགས་གཞུང་རྒྱ་གར་གྱི་ཡིན།

  40. དམུ་ཐག་གི་བུ་རྒྱུད། says:
    2010-09-09 at 9:49 am

    བཀྲས་མཐོང་བསྟན་རྣམ་ལགས་ཀྱིས་སྔོན་ཆད་བཀའ་བློན་གྱི་མཇུག་མ་བསྐྱལ་བར་ཨ་རིར་ཕྱིན་པ་རེད་ཟེར། འདི་བདེན་པ་ཡིན་མིན་ལ་སུས་གསལ་ཁ་འདོན་ཐུབ་བམ། ད་དུང་ཁོང་ལ་ཕོག་པའི་ཁ རྨས་གཞན་དག་ཀྱང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme