Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་ས་ནས་ཞོགས་དུང་བརླགས་སོང་།

Posted on 2010-08-062010-08-06 By ཁ་བརྡ་ 25 Comments on རྡ་ས་ནས་ཞོགས་དུང་བརླགས་སོང་།

taga1གངས་རི་སྐྱབས།

རྡ་རམ་ས་ལ་ནི་བོད་གཞིས་ལུས་མི་མང་གི་མིག་གིས་ལྟ་ས་དང་རྣ་ཡིས་ཉན་ས་ཡིན། ཁོང་ཚོས་རེ་བ་རྡོག་རྡོག་ཅིག་རུམ་ནས་མི་ལོ་ལྔ་བཅུ་ཨུ་ཚུགས་ཀྱིས་ཕར་བསྐྱལ་མྱོང་ལ། རེ་སྒུག་གི་མིག་ཟུང་འཁྲེང་ནས་སླར་ཡང་མི་ལོ་ལྔ་བཅུར་ལྷག་ཀྱང་སྤོབས་སེམས་ཀྱིས་ཁེངས་ནས་ཡོད། མི་ལོ་དུ་མིན་ལ་མི་རིགས་ཀྱི་ཆེད་དུ་ཤི་འཐམ་རོ་འཐམ་གནང་མྱོང་བ་མང་བོ་མང་བོ་ཞིག་གིས་རེ་འདུན་ཟབ་མོ་ཞིག་ སེམས་པའི་གཏིང་དུ་རུམ་ནས་གཏན་དུ་བུད་སོང་ལ། ཡང་ཁ་ཤས་ཤིག་ཁ་བསྡམས་ལག་བསྡམས་ཀྱི་ཚུལ་གྱིས་ཁྱིམ་དུ་ བཅུག་ནས་ཡོད། ད་དུང་སྐོར་ཞིག་གིས་ལྕགས་ཚན་གྱིས་ཉིན་རེ་གྲབས་པའི་བཙོན་དུང་ན་ཉི་མ་རེ་རེ་ན་རག་གིས་གཟད་ཀྱིན་ཡོད་པ་ལོས་ཤེས། ཞོགས་དུང་ཡང་དེ་དག་ནང་གི་གཅིག་ཡིན་པ་བཤད་ཅི་དགོས།

ངས་འདི་ནས་ཞོགས་དུང་མིང་གིས་གཙོ་བོར་འབོད་དོན་ནི་ཁོ་རང་བོད་ཕྱི་ནང་གཉིས་ན་སྐད་གྲགས་ཆེ་བའི་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་པས་རེད། ཉེ་ཆར་ཁོ་རང་འཇུས་མ་ཐག་བྱེས་སྡོད་པ་སྐོར་ཞིག་གིས་ཞོགས་དུང་དང་གནམ་ས་གོ་
འབྱེད་ལ་སྟོད་སྨད་གཉིས་ཀྱིས་འུར་ལ་བསྐུར་བས་ཡིན། ཁོང་རང་བཟུང་ནས་རྒྱ་ནག་གིས་ཁྲིམས་གཤེར་མ་བྱས་གོང་རྡ་རམ་ས་ལ་ནས་ཞོགས་དུང་དང་ཞོགས་དུང་གི་བརྩམས་ཆོས་ལ་བླ་ན་མཐོ་བའི་གདེང་འཇོག་སྣ་ཚོགས་ཀྱིས་ཞོགས་དུང་ཁ་གྲགས་མི་ཐུབ་པའི་ཚོད་དུ་བསྐྱལ་ཡོད་པས་ཡིན། འདི་ནི་ང་ཚོས་ནམ་རྒྱུན་རང་དབང་འཐབ་རྩོད་དུ་སྙལ་བའི་ལས་འགུལ་སྤེལ་སྟངས་རིགས་ཤིག་རེད། ཨ་གསར་དང་མགོ་སྐོར་ལྟ་བུའི་འཐབ་རྩོད་བྱེད་སྟངས་ཀྱི་ཉམས་ཤིག་རེད།

ཁ་སང་དེ་རིང་རྡ་རམ་ས་ལས་ཞོགས་དུང་དང་ཞོགས་དུང་འདྲ་བ་དག་བརྗེད་ཅིང་མིད་པ་འགག་འདུག་ཚུལ་འདིས། བོད་གཞིས་ལུས་མི་མང་ལ་ངོ་ཚ་ནས་སྐྱི་པགས་འཐེན་འགྲོ་བའི་ཚད་དུ་ལྷུང་ཡོད། སྤྱིར་བཏང་ཡིན་ན་གནའ་ནས་འཇུས་ཟིན་པ་དང་ད་ལྟ་འཇུ་བཞིན་པ། མ་འོངས་པར་འཇུ་རྩིས་ཡོད་པ་དག་གི་ཆེད་དུ་ལས་འགུལ་སྣ་ཚོགས་མུ་རུ་སྤེལ་དགོས་པ་ཞིག་རེད། འོན་ཀྱང་། ད་བར་རྡ་རམ་ས་ལ་གཉིད་ལ་ཤོར་ཚུལ་འདིར་མང་བོ་ཞིག་སེམས་ཁྲལ་ལངས་ཀྱིན་པའི་སྒང་རེད། ཚོགས་པ་སྐྱིད་སྡུག་དང་སློབ་གྲྭ་ཁག་གིས་གཞིས་ལུས་ཤེས་ཡོན་པ་དག་གི་ཆེད་དུ་ལས་འགུལ་གང་མགྱོགས་མགོ་རྩོམ་དགོས་པ་རེད། ནམ་རྒྱུན་བློ་ཡིད་ལ་མི་ཤོངས་པ་ནི་རྡ་སའི་ཚོགས་པ་ག་གེ་མོས་བོད་ནང་ལ་ཁ་གཡར་ནས་ཞལ་འདེབས་སློང་སྟངས་རིགས་ཤིག་དང་། མི་མང་ལ་མགོ་སྐོར་ལྟ་བུའི་སྐད་འབོད་ལ་ངེ་ལོང་ངེ་རེ་ཡིས་མཇུག་བསྡུ་སྟངས་དེ་ཡིན། དེ་ཙམ་གྱིས་སུ་གང་ལ་ཕན་མི་ཐོགས་པ་སུས་ཀྱང་ཤེས་ཤེས་པ་རེད། དེའི་སྟབས་ཀྱིས་འུར་ཟིང་ཟིང་གི་ལས་འགུལ་ཞིག་རྩོམ་དགོས་པར་འདུག དོན་སྙིང་ཅན་གྱི་བྱ་འགུལ་ཞིག་སྤེལ་དགོས་པར་འདུག

ང་ཚོས་བོད་ནང་གི་བོད་ནང་གི་ཤེས་ཡོན་པ་རྣམས་ཀྱི་ལོ་རྒྱུས་བསྔོག་དགོས་དོན་མེད། ང་ཚོས་ཁོང་ཚོའི་བརྩམས་ཆོས་གང་གི་རྒྱབ་ལྗོངས་ལ་ཡིན་མིན་གང་གི་འགྲེལ་བཤད་གནང་ཤེས་མི་ཤེས་བྱ་མི་དགོས། ང་ཚོའི་ཁོང་ཚོའི་ཆེད་དུ་ཀུ་ཅོ་འདོན་པ་དང་། འཇིག་རྟེན་མི་ཆོས་དང་མི་མཐུན་པའི་རྒྱ་ནག་གི་སྲིད་ཇུས་ལ་མི་འཐད་པའི་རྣམ་འགྱུར་སྟོན་དགོས་པ་དེ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཐབས་ཤེས་འདྲ་མིན་གྱི་སྒོ་ནས་སྙན་ཞུ་འབུལ་བ་དང་། རྒྱལ་
སྤྱིའི་ཚད་ལྡན་བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་ལམ་གང་སར་འགོད་འོས་པའི་ལས་འགུལ་ཞིག་རྩོམ་ཐུབ་ན་ཆོག་པ་རེད། ཁོང་ཚོའི་ཉིན་ཞག་འཁྱོལ་དཀའ་བའི་བཙོན་ཁང་ཞིག་ན་ཤ་སྤགས་དམར་བཤུ་བྱེད་པའི་མནོར་གཅོད་ཉིན་ལྟར་མྱོང་གིན་ཡོད་སྟབས། ང་ཚོའང་རང་དབང་གི་གནམ་མལ་ཞིག་ནས་སྐྱིད་སྣང་གིས་འཚོ་མི་འོས་པའི་དྲན་གསོ་ཙམ་ཡིན།

འདི་ནི་ངས་ཧ་ཅང་རང་ཉིད་སྙིང་ན་ཚུལ་དང་རུས་དུང་མདོག་གིས་བྲིས་པ་གཏན་ནས་མིན། འདི་ད་སྐབས་ཇ་ཁ་
ཆང་ཁ་ན་ཤབ་ཤུབ་དུ་བཟློ་པའི་མང་ཚོགས་དཀྱུལ་མ་ཚོའི་སྙིང་ནས་ཟེགས་ཀྱིན་པའི་ཁ་བརྡའི་རིགས་གཅིག་རེད།
མང་ཚོགས་ལ་མགོ་བསྡུ་བྱེད་པའི་ཚོགས་སྡེ་ཁ་ཤས་ཀྱི་བྱེད་སྟངས་ཡ་མ་ཟུང་གིས་མང་ཚོགས་ལ་སུན་སྣང་བསྐུར་བའི་སྡུག་གཏམ་འབའ་ཞིག་རེད། བདག་གིས་འདིས་ཕན་ཚུན་བར་འཁོན་སེམས་སློང་འདོད་ཀྱི་ངན་སེམས་གཏན་ནས་
འཆིང་མེད།བསམ་ཚུལ་འདི་བརྒྱུད་ནས་ཕན་ཚན་བར་བརྩེ་ཇེ་ཟབ་ཏུ་འགྲོ་བའི་རླབས་ཆེན་གྱི་ལས་འགུལ་རེ་མགོ་
རྩོམ་ཐུབ་ན་ལེགས་པའི་འབོད་སྐུལ་ཙམ་མོ།

རྩོམ་རིག

Post navigation

Previous Post: ཟ་ལེ་རྒྱལ་གྱི་འདོད་པའི་ཉིན་ཐོ།
Next Post: ཆེས་ཕམ་དུས་ཀྱི་སྐད་ཆའི་ཚོམ།

Comments (25) on “རྡ་ས་ནས་ཞོགས་དུང་བརླགས་སོང་།”

  1. གཅན་བཟོད་རྒྱམ། says:
    2010-08-06 at 2:15 pm

    ཁྱོད་ཀྱིས་བཤད་བ་དངོས་གནས་བདེན་པ་རེད། ད་དུང་རྩོམ་པ་པོའི་མཐུན་ཚོགས་ལས་འཆར་ཞིག་བཀོད་ཡོད་པ་དེ་ཡང་ཕྱིར་བསྡུ་བྱས་ན་ཅི་འདྲ་འདུག ང་ཚོས་རང་དབང་ལུང་པ་སྐྲག་ས་འཇིགས་ས་ཅི་ཡང་མེད་ས་ནས་མེ་མདའ་དང་ལྕགས་ཚན་གྱི་སོ་ཁ་ན་ཉིན་འཁྱོལ་དུས་འཁྱོལ་དཀའ་བའོ་བོད་རིགས་ཤེས་ལྡན་པ་གཙོས་ཆབ་སྲིད་བཙོན་པ་དེ་ཚོ་གླེང་སྟངས་ལ་ངེས་པར་དུ་འགྱུར་བ་ཞིག་གཏོང་རན་རེད། ད་དུང་ཁོང་ཚོའི་བརྩམས་ཅོས་དག་གི་”དགེ་སྐྱོན”སོགས་ལ་གླེང་རྒྱུ་ཡིན་ཟེར། དེ་གླེང་དགོས་པ་ཞིག་མ་རེད། དེ་ལས་གོང་དུ་གངས་རི་སྐྱབས་ཀྱིས་བཤད་པའི་སྐད་ཆའི་ནང་དུ་ཡོངས་སུ་འདུས་འདུག་ན། ལས་འགུལ་སྣ་ཚོགས་བརྩམ་རྒྱུ་དང་བརྩམ་སྟངས་རེ་ལོས་ཡོད། ཁོང་ཚོའི་བརྩམས་ཆོས་ཀྱི་”དགེ་སྐྱོན”དེ་གླེང་བའི་དུས་མ་རེད་ལ། ང་ཚོས་གླེང་ཡང་དགོས་ནི་ཞིག་མ་རེད་འདོད།

  2. གཡུ་འབྲུག says:
    2010-08-06 at 3:05 pm

    འདས་པའི་ཉིན་མ་གསུམ་གྱི་རིང་ལ་ཞོགས་དུང་གི་གནམ་ས་གོ་འབྱེད་ཀྱི་དབྱིན་འགྱུར་ལ་ཞུས་དག་བཏང་པ་ཡིན། དབྱིན་ཡིག་ཏུ་བསྒྱུར་མཁན་དབྱིན་ཇིའི་མི་ཞིག་རེད་ལ། ཤར་དུང་རིའི་ཐོག་ཏུ་ཐོན་པའི་ ༢༠༠༨ ལོའི་ཞི་རྒོལ་སྐོར་གྱི་རྩོམ་ཡིག་ཁག་ཅིག་ཀྱང་དབྱིན་ཇིའི་མི་འདིས་བསྒྱུར་ཏེ་དཔེ་སྐྲུན་བྱས་ཟིན་པ་རེད། ཁོང་གི་སྒྱུར་རྩལ་ལ་སྔར་ནས་ཡིད་ཆེས་བློས་འགེལ་བྱས་ཡོད་པ་ལྟར། ད་རེས་གནམ་ས་གོ་འབྱེད་ཀྱང་ཡག་ཐག་ཆོད་བསྒྱུར་འདུག་བསམ་བྱུང་། གནམ་ས་གོ་འབྱེད་ཀྱི་དེབ་འདི་ཐེངས་གསུམ་ལ་བཀླགས་པའི་མཐའ་མར། ཞོགས་དུང་གིས་ཁོང་གི་བག་ཆགས་དོང་སྤྲུགས་སོགས་སུ་ཅི་ཞིག་བཤད་ཐབས་བྱེད་བཞིན་ཡོད་པ་དེ་ནི། བོད་མི་དམངས་ཀྱིས་རང་དབང་དང་འདྲ་མཉམ། དམངས་གཙོ་བཅས་ཀྱི་ཆབ་སྲིད་ཐོབ་ཐང་རྩོད་རྒྱུ་ད་བར་དུ་འགོར་འགྱངས་ཐེབས་དོན་ནི་འཇིག་རྟེན་བསྐྱུར་ནས་ཆོས་ལ་འཐམས་པ་དེས་མ་འགྲིག་པ་རེད་ཟེར་བ་དེ་ཡིན་པ་གཞི་ནས་གོ་བྱུང་། སེམས་ཁྲལ་མ་བྱེད། ལོ་རྒྱུས་ཀྱིས་ཁོང་བརྗེད་ཀྱི་མ་རེད། ཁ་བརྡ་དྲ་ཐོག་ཏུ་ངས་ཁོང་ལ་ཡང་ཡང་དམའ་འབེབས་བྱས་མྱོང་། ཡིན་ནའང་ད་ནི་གནམ་ས་གོ་འབྱེད་དུ་ཁོང་གིས་གཤམ་གསལ་ལྟར་བྲིས་ཡོད་པ་མ་ཟད། སྲིད་དབང་སྒེར་གཅོད་པའི་ལག་འོག་ན་ཁོང་གི་བསམ་བློར་བསྲེགས་བརྡར་གྱི་རྣོ་འབུད་དུ་འཇུག་གི་ཡོད་པས། དུས་རབས་འདིའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་རེད།

  3. གཡུ་འབྲུག says:
    2010-08-06 at 3:08 pm

    ཞོགས་དུང་གིས་གནམ་ས་གོ་འབྱེད་ཀྱི་ཤོག་གྲངས་ ༨༡ པར་བཤད་རྒྱུར།
    ཕར་བལྟས་ཚད་ལ། བོད་མིའི་འདུ་ཤེས་ཞན་ཞིང་གོ་རྟོགས་དམན་པར་བརྗོད་པའི་སྐད་ཆ་དེ་དག་ནི་རང་ཉིད་རྩ་བ་ནས་ནོར་བའི་མ་རྟོགས་ལོག་རྟོགས་སུ་སོང་བ་ལྟར་འདུག་ཅིང་རང་ཉིད་རང་ལ་ཐེ་ཚོམ་སྐྱེ་རྒྱུའང་བྱུང་། ཤེས་ལོ་དང་གོ་ལོས་བཤད་པའི་སྐད་ཆ་ཡིན་ན་ནི་མཚང་དུ་ཆེ་བར་མ་ཟད་ངོ་ཚ་བའི་གནས་ཡིན་ཕྱིར་འགྱོད་པ་དང་བཅས་ཏེ་ཡོ་བསྲང་བྱེད་དགོས་འདུག ཕྱིར་དྲན་རེ་བྱས་ན། ཁོ་བོར་འཁྲུལ་ཤེས་དེ་འདྲ་སྐྱེས་པའི་རྒྱུ་ནི་མེད་པ་མིན་ཏེ། ལོ་ཡི་ཁོར་མོ་ཡུག་ལ་གཞུང་ཁང་གྲུ་བཞིར་འཛུལ་ནས་བསམ་གཞིག་གཏོང་མདོག་ཁ་བོ་དང་དཔྱད་པ་བརྗོད་མདོག་ཁ་བོ་བྱས་ཏེ་སྡོད་པ་མ་གཏོགས། མང་མང་གིས་ཅི་བསམ་གང་དྲན་ལ་རྩད་ཞིབ་རྒྱུས་ལོན་མེད་པ་དང་། ཡང་གཅིག་བཤད་ན། ལོ་འདི་འགར་ཁོ་བོས་བྲིས་པའི་རྩོམ་ལ་བལྟས་ཏེ། བོད་རྣམས་ཀྱིས་ཁོ་བོར་ལྟ་ལོག་དང་བསྟན་བཤིག་ཅེས་དམོད་པ་བོར་ཞིང་མི་གྲལ་ནས་ཕུད་སོང་འདུག་ཕྱིར། ནང་ཁོག་སྟོན་པའི་མི་དང་འཕྲད་པ་དཀོན། རྐྱེན་དེ་དག་གི་དབང་གིས་ཁོ་བོ་མུན་སྒོམ་འཕྱི་བ་དང་གཉིས་སུ་མེད་པ་ཆགས་ཡོད་ལས་ཆེ་ཞིང་། ཞི་བའི་གསར་བརྗེ་འདི་འདྲ་སློང་ཐུབ་ངེས་ཀྱི་སྐད་ཆའི་ཟུར་ཙམ་ཡང་ཐོས་མྱོང་མེད། དེ་བས་དོན་ཆེན་སྒྲུབ་དུས་ཁོ་བོར་གྲ་སྒྲིག་གང་ཡང་མེད་དེ་ཅི་བྱ་གཏོལ་བྲལ་དུ་ལུས།

  4. གཡུ་འབྲུག says:
    2010-08-06 at 3:10 pm

    གོང་གི་དུམ་བུ་འདིའི་དབྱིན་འགྱུར་ནི།
    Objectively, my (earlier) views that Tibetans have a mean outlook and low level of awareness were completely wrong and have gone the way of fallacies, which led me to doubt myself too. To speak with too much confidence is not just wrong but shameful, and has to be corrected with due contrition. On reflection, it’s not that I didn’t have cause to develop these mistaken ideas, and year after year I went into the office with the air of someone who thinks and expresses views, but was left sitting there, with nothing to go on concerning what most people think. On the other hand, in view of what I wrote in those years, Tibetans cursed me as a heretic and a heathen, and cast me out of their ranks, so it was rare for me to meet people who would share their true sentiments. Because of these circumstances, I had pretty much become like a hibernating marmot, and not a word about the imminent outbreak of peaceful revolution reached my ears, so at the crucial moment I was completely unprepared and found myself unable to do anything.

  5. སྒྲོལ་མ་ལྷ་མོ། says:
    2010-08-06 at 4:24 pm

    ཁྱེད་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད།

  6. ཉམ་ཆུང་། says:
    2010-08-06 at 4:32 pm

    སྐད་འབོད་བྱས་ན་ལེགས།
    ཚོང་དཔོན་རྡོ་རྗེ་བཀྲ་ཤིས་ལ་སྐད་འབོད་གཅིག་ཀྱང་མ་བྱས་ན་ཡང་ཚེ་བཙོན་བཅུག་འདུག་ག།
    ཀརྨ་བསམ་འགྲུབ་ལ་ོ་ཐག་ཉུང་ཙམ་དེ་ཡང་སྐད་འབོད་ཀྱི་དྲིན་ཡིན།
    ཨ་ལྕག་ཚེ་རིང་འོད་ཟེར་འདྲ་པོ་ཁ་ཤས་སྐད་འབོད་བྱས་ན་ཐོན་ས་རེད་ད།

  7. སྒྲོལ་མ་ལྷ་མོ། says:
    2010-08-06 at 4:32 pm

    ངས་ཁྱེད་ཀྱི་བཤད་པར་བརྒྱ་ཆའི་བརྒྱ་མོས་མཐུན་བྱེད་ཀྱིན་ཡོད།

  8. ཚེ་རིང་སྒྲོན་མ། says:
    2010-08-06 at 4:57 pm

    ཨ་ལེ་དེ་རིང་གཏམ་གསར་བ་ཞིག་ལ་རྡ་ས་ནས་ཞོག་དུང་བླག་སོང་ཟེར་འདུག་པ་དེ་དོན་མེད་པའི་གཏམ་ཉོག་ཞིག་ལ་ངོས་འཛིན་བྱེད་རྒྱུ་ཡིན།
    ཞོག་དུང་བླག་ས་དེ་རྒྱ་དམར་གྱི་ལག་ནས་མ་རེད་དམ།

  9. སྟག་སྨྱོན། says:
    2010-08-06 at 5:00 pm

    རྡ་ས་ནས་ཞོགས་དུང་བརླག་སོང་བ་མ་ཟད། རྡ་ནས་བོད་དོན་ཡང་བརླག་སོང་བ་རེད། མི་ལོ་ང་བཅུའི་སྔོན་ལ་རྒྱ་དམར་གྱི་མེ་མདའི་ཁ་ནས་བརླག་སོང་བའི་བོད་དོན་རྡ་ནས་རྙེད་དེ་སླར་ཡང་པེ་ཅིན་གྱི་རྩ་ཁྲིམས་དམར་པོའི་འོག་ལ་ཁྲིད་སོང་བ་རེད། མདོར་དེད་ན་རྡ་ས་ནི་རིག་རིག་ལ་ཡོད་ཚད་བརླག་འགྲོ་སའི་རི་རྩེ་ཡ་མཚན་དེ་ཡིན་པ་རེད།

  10. སྟག་སྨྱོན། says:
    2010-08-06 at 5:25 pm

    རྡ་ས་ནི་རིག་རིག་ལ་ཡོད་ཚད་བརླག་འགྲོ་ས་དང་།
    འཐམ་འཐམ་ལ་ཚང་མ་ཤོར་འགྲོ་སའི་རི་རྩེ་ཁྱད་མཚར་དེ་རེད་ལ།
    རི་བོ་འདི་ལོ་རེ་བཞིན་དམའ་རུ་སོང་།
    རི་སྐད་ཡང་ཟླ་རེ་བཞིན་ཕྲ་རུ་ཕྱིན་འདུག
    རི་འདབས་ཀྱི་དཔའ་སྐད་རྣམས་ཀྱང་ཉིན་རེ་བཞིན་འཇམ་སོང་།
    ད་ནི་ཆེས་མཐའ་མཇུག་གི་བྲག་ཅ་ཡང་མོ་ཞིག་གིས།
    བོད་རྒྱལ་ཁབ་ལ་རྫོགས་ཚིག་དམར་པོ་ཞིག་འབྲི་བཞིན།
    ལྷ་རྒྱལ་འཐེན་ནས་འདུག་གོ།།

  11. མེ་ཏོག་དཀར་པོ། says:
    2010-08-06 at 5:35 pm

    སྟག་སྨྱོན། ཁྱོད་ཀྱིས་སེམས་ཀྱི་ན་ཚ་ཕྱི་ལ་སྟོན་སྟངས་འདི་ཨ།

  12. ཉམ་ཆུང་། says:
    2010-08-06 at 7:21 pm

    བྱེས་ཀྱི་བོད་ཡིག་བེད་སྤྱོད་གཏོང་མཁན་ཚོ་ནི་མང་དག་ཅིག་ཕྱིས་འབྱོར་བ་༼གསར་འབྱོར་པ༽ཤ་སྟག་རེད། ཁོང་ཚོར་ཡང་ན་དམར་པོའི་སློབ་གསོ་ཐོབ་ཅིང་། ཡང་ན་དམར་འོག་གྲྭ་ས་འགྲིམ་པའི་ལོ་རྒྱུས་རེ་འདུག། ང་ཚོ་བྱེས་སྐྱེས་ཚོ་དང་བསྡུར་ན་མང་ཆེ་བར་ཕྱི་སྐད་ཞན་པའི་ཤས་ཆེ། ཡིན་ཡང་བོད་སྐད་ཡིག་རང་འགོ་ཐོན་ཙམ་ལ་བརྟེན་ནས་ཁེ་བཟང་མི་དམན་པ་རེག་འདུག གྱོང་ཡང་རེག་འདུག ཡིན་ན་ཡང་ཕྱིས་འབྱོར་བ་ཚོའི་རྒྱ་མིའི་བསམ་ཕྱོགས་དང་འདྲ་པོ་དེ་ཚོ་ཁྱད་མཚར་དུ་མཐོང་གི། ཤེས་པ་ཆུང་པ་དེ་ཚོ་ཡང་ཁྱད་མཚར་ཞིག་མཐོང་གི། ཐ་ན་ས་བཀྲ་ཙམ་ལྟ་མ་ཤེས་པའི་མཐོ་སློབ་པ་ཡང་ཁ་ཤས་འདུག བོད་ནང་གི་གནས་ཚུལ་ཞིབ་ཕྲ་དེ་དངོས་གནས་ག་འདྲ་ཡོད་རེད། གསུངས་རོགས་གནང་།

  13. འཇམ་དཔལ་རྣོན་པོ། says:
    2010-08-06 at 9:18 pm

    ཞོགས་དུང་ལ་ཧ་ལས་དགོས་པའི་གདན་དོན་གང་ཡང་ཡོད་མ་རེད། རྡ་ས་ནས་ཞོག་དུང་ལ་དམིགས་བསལ་ག་རེ་བྱེད་དགོས་པ་རེད། ཆབ་སྲིད་བཙོན་པ་ཡིན་ན་ཚང་མ་གཅིག་མཚུངས་རེད། དེ་མིན་ན་གནས་ཚུལ་ཐ་དད་རེད།

  14. ཨར་བོད་་་ says:
    2010-08-06 at 9:26 pm

    ཞོགས་དུང་གི་་་་་་་་ལ་རྒྱའི་ཕྱོགས་ནས་བཤད་ན་ལ་རྒྱ་ཅན་ནི་ལ་ཁའི་ལུག་རྫི་དང་གོ་ཁའི་རྒན་མོའི་ནང་འང་མི་ཉུང་བ་ཞིག་བྱུང་ཡོད་པས་ཞོགས་དུང་ཡང་ཁོ་ཚོ་ནང་བཞིན་དཔའ་རྒོད་ཡ་མེད་ཅིག་རེད། ལྟ་གྲུབ་ཀྱི་ཆ་ནས་གླེང་ན་འཁོར་ཡུག་གཅིག་གི་བག་ཆགས་ལས་སྐྱེས་བ་ཚོས་དྲང་ངེས་ཀྱི་ལྷན་པ་ག་ཚད་བརྒྱབས་ནའང་ནང་སྙིང་རུལ་བའི་ཤིང་ཏོག་དམར་པོ་ཞིག་རེད། གང་ལྟར་ཡང་ཁོ་བོས་ཞོགས་དུང་གི་གནམ་ས་གོ་འབྱེད་གཙོས་རྩོམ་ཡིག་ཁག་ལ་དབྱེ་ཞིབ་དང་ལྟ་ཚུལ་འགའ་འབྲི་བཞིན་ཡོད། སྡིགས་སྨོད་དང་གྲལ་རིམ་འཐབ་རྩོད་པ་ཚོས་བློ་ཁོག་ཡངས་བོར་བྱེད་ཐུབ་པའི་རེ་འདུན་ཡོད།

  15. དུས་ཆར། says:
    2010-08-07 at 3:40 am

    ཞོགས་དུང་ནི་བོད་མི་རིགས་ཀྱིས་ངེས་པར་དུ་ལོ་རྒྱུས་དང་དུས་རབས་ཀྱི་ཀློང་ནས་ཆེས་བརྩི་བཀུར་དང་མཐོང་ཆེན་སྤྲོད་དགོས་སའི་མི་ཞིག་རེད། ཆབ་སྲིད་བཙོན་པ་ཚང་མར་གདུང་སེམས་མཉམ་སྐྱེད་ལོས་ཡོད་ཀྱང། ཞོགས་དུང་དང་བསྡུར་ན་ཅང་མ་རེད། ཞོགས་དུང་རྒྱལ་གྱུར་ཅིག།
    ངས་འདིར་བཤད་པ་ནི་སྙིང་སྟོབས་གཅིག་པུའི་ཆ་ནས་བཤད་ཀི་མེད། གཙོ་བོ་ཞོགས་དུང་ལགས་ང་ཚོའི་མི་རིགས་འདིའི་གཉན་ཕྲང་གི་དུས་འདིར་ན་གཞོན་ཚོར་གསོན་ཤུགས་དང་སྙིང་སྟོབས་གྱི་ངར་ཆུ་ལྡུད་མཁན་གྱི་ཚད་ལྡན་བསམ་བློ་པ་ཞིག་རེད། ཁོང་ལྟ་བུ་རེ་ཟུང་ལས་མེད་ནའང་འུ་ཅག་གིས་ངེས་པར་དུ་རིན་ཐང་ངོས་ཟིན་པའིི་སྒོ་ནས་བརྩི་འཇོག་དང། རྒྱབ་སྐྱོར། ངོས་ལེན་བྱེད་རྒྱུ་གལ་ཆེ་པར་སྙམ།

  16. སད་མི། says:
    2010-08-07 at 4:28 am

    ཞོགས་དུང་བོད་མི་ངར་མ་ཞིག་རེད།

  17. འཇམ་དཔལ་རྣོན་པོ། says:
    2010-08-07 at 4:46 am

    ཞོག་དུང་གི་གནས་ཚུལ་འདི་ལོ་རྒྱུས་ཐོག་གལ་ཆེན་ཞིག་ལ་བརྩི་འོས་གང་ཡང་མ་མཐོང་། དམར་ཤོག་ཚོགས་པའི་སློབ་གསོའི་འོག་བོད་བརྒྱུད་ནང་བསྟན་དང་ཏཱ་ལའི་བླ་མ་གཙོས་པའི་བླ་སྤྲུལ་རྣམས་ལ་འགག་པ་རྒྱག་ཁུལ་བྱེད་མཁན་ཞིག་རེད། མྱི་མགོ་བདེ་ཞིག་ཡིན་ལོ་རྒྱུས་ཡོད། ཡིན་ན་ཡང་ཁོང་གི་མྱི་གཞི་མི་བཤད།

  18. lala says:
    2010-08-07 at 7:12 pm

    ཞོགས་དུང་གི་གནས་སྟངས་ལ་ཚང་མས་དོ་ཁུར་བྱེད་དགོས་འདུག ང་ཚོས་ཕྱོགས་མང་པོ་ནས་བྱ་འགུལ་བསྟུད་མར་སྤེལ་ནས་འཛམ་གླིང་གི་གླེང་ཕྱོགས་གང་སར་སླེབས་པ་བྱེད་ཐུབ་ན། འཛམ་གླིང་དང་རྒྱལ་སྤྱིའི་གནོན་ཤུགས་འོག་ལ་རྒྱ་དམར་དེས་མཐར་ཐུག་གི་ཐག་གཅོད་པར་བསམ་མནོ་བཞི་གསུམ་བཅུ་གཉིས་གཏོང་དགོས་འཁེལ་ངེས་རེད་ལ། འདྲེ་ལག་དེ་ཡང་མ་འདོད་བཞིན་དུ་ཡང་ཙམ་བྱེད་དགོས་ཐུག་གི་རེད། གང་ལྟར་མང་ལྟར། གླེང་ཕྱོགས་ནས་གནོན་ཤུགས་ཅི་ཐུབ་སྤྲོད་པར་བྱ་འགུལ་སྣ་ཚོགས་སྤེལ་དགོས་པ་གལ་འགངས་ཤིན་ཏུ་ཆེ།

  19. མིའུ་ཕྲུག says:
    2010-08-07 at 11:29 pm

    ཁྱེད་ཀྱིས་སྔར་ནས་མ་འོང་སྔོན་རྟོག་གིས་རྟོགས་ཟིན་པ་ལྟར་སྒེར་གཅོད་པས་དངོས་སུ་ཁྱེད་ཉིད་མི་ཡུལ་གྱི་དམྱལ་བར་ཁྲིད་སོང་། ཁྱེད་ཀྱི་ལུས་པོས་དམྱལ་བའི་སྡུག་བསྔལ་མྱོང་བཞིན་ཡོད་མོད་ཁྱེད་ཀྱི་སེམས་པ་ནི་གོ་ལ་རིལ་མོའི་ངོགས་སུ་གཟི་བརྗིད་འོད་ཟེར་ངོམ་བཞིན་གནས། རྟོགས་སད་པ། གདོང་མཆོང་པ། རུ་འདྲེན་པ། མི་ལུས་ཀྱི་རིན་ཐང་ངོམ་པའི་མི་བུ་ངོ་མ་སྟེ། ཞོགས་དུང་་་་་་་་

  20. རྔ་བ་རྒྱལ་ཁམས་པ། says:
    2010-08-08 at 1:15 am

    ཞོགས་དུང་དཔྱད་མཁན་ཚོས། ཁོང་གི་སྐྱོན་ཡོན་ཕྱོགས་རེ་བའི་དབང་དུ་མ་སོང་བར། དེ་གཉིས་དཔྱད་བསྡུར་གྱི་སྲང་ལ་གཞལ་རྗེས། མཐའ་སྡོམ་རྒྱག་དགོས་པ་རེད། ཁོང་གིས་རང་ཉིད་ཀྱི་ཚེ་སྲོག་ཚུན་ཆད་དཔང་བོར་བཙུགས་ནས། རྒྱུ་མཚན་དང་གཏན་ཚིགས་ཀྱི་སྒོ་ནས བོད་ཀྱི་དངོས་དོན་གླེང་སྤོབས་པ་དེ། ཁོང་གི་སེམས་ཁམས་ངོས་ཀྱི་རྩ་ཆེའི་རིན་ཐང་གཞན་ཞིག་རེད། དེ་བཞིན་ཁོང་བོད་པའི་སྲོལ་རྒྱུན་གྱི་ལྡོག་ཟླར་ལངས་ནས། རང་ཉིད་ཉིན་མོའི་འུག་པ་ལྟ་བུར་བཟོས་པ་དེའང་། ཁོང་བོད་སེམས་བཅོས་བསྒྱུར་གྱི་ཐབས་ལམ་ལ་རྨོངས་པའི་ལྐུགས་རྟགས་ཆེན་པོ་ཞིག་རེད། གལ་སྲིད་ཁོང་གིས་སྲོལ་རྒྱུན་གོ་ཁྲབ་ལ་གནམ་ས་གོ་འབྱེད་ཀྱི་དགྲ་ལྟ་ཞིག་ཐོགས་ཡོད་ན། ཕ་རོལ་བོར་སོས་དཀའ་བའི་རྨ་ཁ་ཆེན་པོ་ཞིག་བཟོ་སྲིད་པ་རེད།

  21. ཉམ་ཆུང་། says:
    2010-08-08 at 8:00 am

    ༡༩༽ མིའུ་ཕྲུག་ནས། ཁྱེད་ཀྱི་ལུས་པོས་དམྱལ་བའི་སྡུག་བསྔལ་མྱོང་བཞིན་ཡོད་མོད་ཁྱེད་ཀྱི་སེམས་པ་ནི་གོ་ལ་རིལ་མོའི་ངོགས་སུ་གཟི་བརྗིད་འོད་ཟེར་ངོམ་བཞིན་གནས། རྟོགས་སད་པ། གདོང་མཆོང་པ། རུ་འདྲེན་པ། མི་ལུས་ཀྱི་རིན་ཐང་ངོམ་པའི་མི་བུ་ངོ་མ་་་་་་་་་། ཞེས་ཟེར་པ་འདི་རིག་གསར་སྐབས་ཀྱི་ཐ་སྙད་ཤ་སྟག་རེད།
    དམར་ཕྱོགས་པའི་འུད་བརྗོད་བྱེད་སྟངས་རང་རེད་ཟེར ་ནས་གྲོགས་པོ་ཞིག་གིས་གསུང་བྱུང་། དངོས་གནས་ཡིན་ན་མིན་ན།

  22. ཀརྡོ་རབ་འབྱམས་པ་ says:
    2010-08-08 at 9:38 am

    བོད་ནང་བཞུགས་པའི་དཔའ་བོ་ཕོ་མོ་རྣམས་ཀྱིས། གལ་སྲིད་རང་བཙན་ཁ་བྲལ་ལ་རྩོད་ན། ༧གོང་ས་མཆོག་གིས་དབུ་འཁྲིད་པའི། ཡུལ་གྱར་སྒྲིག་འཛུགས་ཀྱིས་སྐྱོབས་མི་ཐུབ་པ་དེ། ཕྱི་གསལ་ནང་གསལ་དགོས་རེད།
    འོན་ཀྱང་རང་བཙན་རྩོད་མཁན་གཞོན་ལྷན་གྱིས་ཀྱང་སྐྱོབས་ཐུབ་དང་མི་ཐུབ། སྤྱི་དོན་ལ་མ་ངར་གོང་ལ་བསམ་བློ་ཏན་ཏན་གཏོང་དགོས་འདུག ངས་བྱས་ན་གཞོན་ལྷན་ཚོས་ཀྱང་དབུ་མའི་ལམ་ཁོ་ནར་རྒྱབ་སྐྱོར་བྱེད་དགོས་འདུག་སྙམ། འདིས་ཞོགས་གདུང་ལགས་ལ་དྷ་ས་ནས་བརླགས་ཡོད་མེད་ཤུགས་ལ་ཤེས་ཐུབ་ངེས་རེ་བས་བྲིས།

  23. གང་དྲན་མི་འདུག says:
    2012-03-19 at 5:04 pm

    གང་དུ་བསྡད་གདོན་གྱིས་རྩེས་པ་འདྲ

  24. གླང་དར་མ། says:
    2012-03-19 at 5:14 pm

    ཡབ་མེས་རྣམས་ཀྱི་མཛད་རྒྱས་ལ་ཕྱིར་རྟོགས་བྱེད་དགོས།

  25. གླང་དར་མ། says:
    2012-03-19 at 5:16 pm

    ང་ཚོ་བོད་པ་ཚང་ལ་གང་ཞིག་གལ་གང་ཆེ་རེད?????????

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme