Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

       ཚན་རིག་གི་ཤེས་བྱ།

Posted on 2026-07-13 By ཁ་བརྡ་ No Comments on        ཚན་རིག་གི་ཤེས་བྱ།

སྐར་ཚོགས་ཁྲི་མ་འབུམ་གྱི་འཇིག་རྟེན་གྱི་ཁམས་ཆེན་པོའི་ནང་དུ་མི་དང་འདྲ་བར་སྲོག་ལྡན་གྱི་གོ་ལ་གཞན་ཞིག་ཡོད་ན། གལ་ཏེ་ཁོང་ཚོ་དང་ང་ཚོ་བར་ཐག་ ”འོད” ཀྱི་མགྱོགས་ཚད་ལས་གཞལ་ན་འོད་ལོ་ས་ཡ་ ༦༥ ཡི་ཕ་མཐར་ན་ཡོད་ཅིང་། དེ་རིང་ཁོང་ཚོས་རྒྱང་ཤེལ་ཧ་ཅང་ཚད་མཐོ་པོ་ཞིག་ང་ཚོའི་གོ་ལར་བཙུགས་་ཤིང་བལྟས་ཚེ་ཁོང་ཚོས་དེ་རིང་གི་འཛམ་གླིང་མཐོང་མི་ངེས།

རྒྱུ་མཚན་ནི་འོད་ཀྱིས་ཁྱེར་བའི་ང་ཚོའི་གོ་ལའི་སྣང་བརྙན་གོ་ལ་གཞན་དེར་བགྲོད་པར་འོད་ལོ་ནས་སོང་ན་ས་ཡ་ ༦༥་འགོར་གྱི་ཡོད་པས། སྣང་བརྙན་དེ་ནི་འདས་པའི་ལོ་ངོ་ས་ཡ་ ༦༥ ཡི་ཡར་སྔོན་གྱི་གནས་ཚུལ་མ་གཏོགས་འབྱུང་བཞིན་པའི་ད་ལྟའི་གནས་ཚུལ་ལམ་སྣང་བརྙན་དེ་འཁྱེར་གྱི་མེད། སོང་ཙང་ཁོང་ཚོས་མཐོང་བ་ནི་ལོ་ངོ་ ༦༥ ཡི་ཡར་སྔོན་གྱི་གོ་ལ་སྟེ་འཇིག་རྟེན་འདིར་གདོན་མའི་སྲོག་ཆགས་གཏུམ་འབྲུག་(Dinosaurs) འཚོ་བཞིན་པའི་སྐབས་དེར་རེད།

གནད་དོན་་དེ་ནི་ཕྱི་གླིང་གི་མི་ལ་འབྱུང་གི་ཡོད་མེད་དང་། འཇིག་རྟེན་ཁམས་ནང་དུ་སེམས་ལྡན་གཞན་ཡོད་མེད་ཀྱང་ཁ་ཚོན་ཆོད་པོ་བཤད་ནུས་མཁན་མེད་མོད། འོན་ཀྱང་གནས་སྟངས་དེ་ང་ཚོའི་ཐོག་ཡོང་གི་ཡོད་པ་ནི་བརྒྱ་ཆ་བརྒྱ་ཡིན་པས། མཚན་མོའི་ནམ་མཁར་བལྟ་དུས་སྐར་མ་ཁྲི་ཚོ་མང་པོ་དེ་དག་ད་ལྟ་ཇི་མ་ཇི་བཞིན་ལྟར་ཡོད་པ་དེ་འུ་ཅག་གིས་མཐོང་གི་མེད་ལ། ང་ཚོས་མཐོང་བ་ནི་དུས་ཚོད་གང་ལ་གང་འཚམ་སོང་ཚར་རྗེས་ཀྱི་གནས་སྟངས་ཁོ་ན་ཞིག་མཐོང་བཞིན་ཡོད། དཔེར་ན་སྐར་མ་ཁ་ཤས་ནི་ཧ་ཅང་རྒྱང་ཐག་རིང་བས་ཁོང་ཚོའི་འོད་ཀྱི་སྣང་བརྙན་ང་ཚོའི་སར་འབྱོར་བར་ལོ་ས་ཡའམ་ཐེར་འབུམ་མང་པོ་འགོར་གྱི་ཡོད་ཅིང་། མཐོང་བཞིན་པའི་སྐར་མ་མང་དག་ཅིག་ནི་སྔ་ས་ནས་གས་ཐོར་དུ་སོང་ཚར་བའམ་ཡུན་རིང་སྔོན་ནས་ཐལ་རྡུལ་དུ་གྱུར་ཟིན། དེ་རྣམས་གས་འཐོར་མ་སོང་བའི་སྔོན་གྱི་སྣང་བརྙན་གསོན་པོ་དག་གི་འོད་གོ་ལའི་ཐོག་སླེབས་ཙ་ན་ད་གཟོད་ཅུང་ང་ཚོས་མཐོང་ཐོས་སུ་གྱུར་བཞིན་ཡོད།

དེར་བརྟེན། ཁྱེད་ཀྱིས་སྐར་མ་ལ་བལྟ་ཐེངས་རེ་རེར། ཁྱེད་ཀྱིས་དོན་དངོས་སུ་འདས་པའི་དུས་ཚོད་ལ་ཕྱིར་བལྟས་བྱེད་ཀྱིན་ཡོདཅིང་། ཡང་མིན་ན་དེ་ལས་ལྡོག་ཏེ་ཧ་ཅང་རྒྱང་རིང་བའི་ས་ཆ་ཞིག་ནས། འཇིག་རྟེན་གཞན་གྱི་མི་རིགས་ཤིག་གིས་སའི་གོ་ལར་ཚུར་བལྟས་ནས་བསྡད་ཡོད་སྲིད་ལ། གཅིག་བྱས་ན་ཁོང་ཚོས་གདོན་མའི་སེམས་ཅན་དེ་གཏུམ་འབྲུག་སོགས་(Dinosaurs)མཐོང་བཞིན་ཡོད་སྲིད།  ད་དུང་ཁོང་ཚོས་ས་ཆ་འདིར་བློ་གྲོས་ལྡན་པའི་འགྲོ་བ་མི་ཞིག་འབྱུང་མིན་ལ་ཚོད་དཔག་བྱེད་བཞིན་མེད་མི་སྲིད་པ་དེ་བས་ཀྱང་མིན།

གཅིག་མཚུངས་སུ་ང་ཚོས་ཀྱང་ད་ལྟའི་ཆར་སྐྱེ་འགྲོ་གནས་བཞིན་པའི་རྒྱང་རིང་གི་འཇིག་རྟེན་ཞིག་ལ་ལྟ་བཞིན་ཡོད་སྲིད་ཀྱང་། ཁོང་ཚོའི་ད་ལྟའི་གནས་བབས་ཇི་མ་ཇི་བཞིན་དེ་ད་དུང་ང་ཚོས་མཐོང་གི་མེད་སྲིད། མདོར་ན་འཇིག་རྟེན་གྱི་ཁམས་འདི་ཧ་ཅང་གཞི་རྒྱ་ཆེ་བས་སུས་ཀྱང་ད་ལྟ་འབྱུང་བཞིན་པའི་དངོས་ཡོད་གནས་ཚུལ་ཇི་བཞིན་མཐོང་མི་ནུས་ཤིང་། ང་ཚོས་ནམ་མཁའི་དབྱིངས་སུ་མཐོང་བའི་དངོས་པོ་མང་ཆེ་བ་ནི་འོད་ཀྱིས་འཁྱེར་བའི་འདས་པའི་སྣང་བརྙན་ཁོ་ན་ང་ཚོའི་མིག་ནང་དུ་ཤར་བཞིན་པ་ལས་ད་ལྟའི་གནས་བབ་གསོན་པོ་མི་མཐོང་པ་ཡིན་ནོ།།

ངོ་སྤྲོད།, བསམ་ཚུལ།, ཚན་རིག

Post navigation

Previous Post: ཕྱག་ན་པདྨོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (3)
  • ཕྱག་ན་པདྨོ། (2)
  •        ཚན་རིག་གི་ཤེས་བྱ། (1)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme