Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།

Posted on 2026-05-112026-05-11 By ཁ་བརྡ་ No Comments on མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།

ཨ.བཙན་རྒོད།

༡༽ སྤྱིར་ན་ང་ཚོས་སྤྱི་འཐུས་འོས་མི་སུ་ལ་རྒྱབ་སྐྱོར་བྱེད་མིན་དེ་རང་དབང་རེད་མོད། འོན་ཀྱང་། གནད་འགག་གི་སྐབས་སུ་མི་སྨྲ་ཅོལ་ཆུང་གི་ཚུལ་ལས་འདའ་བར་བྱེད་མ་ཐུབ་ན། རང་ཉིད་ཀྱི་བློ་གྲོས་ལ་དབུག་མ་འབྱིན་པ་དང་། རང་ཉིད་ཀྱི་ཤེས་རབ་མུན་ནང་དུ་སྐྱེལ་བ་ལས་གཞན་གང་ཡང་མ་རེད། དེར་བརྟེན། བླང་དོར་ལེགས་ཉེས་ཀྱི་རྣམ་བཞག་དང་། བདེན་རྫུན་བཟང་ངན་གྱི་རྣམ་དབྱེའི་སྤུ་རིས་སོ་སོར་དབྱེ་གཅོད་མ་ཐུབ་པར་བླུན་པོ་ཆུ་སྣ་གར་ཁྲིད་ཀྱིས། མདོ་མེད་ཀྱི་སྲང་ལམ་དང་གད་སྙིགས་ལྟ་བུའི་སྐད་ཆ་དང་ལབ་གླེང་སྣ་ཚོགས་ལ་ཡིད་ཆེས་དང་བློ་འགེལ་གྱིས་གནད་དོན་ཐག་གཅོད་ཀྱི་ཁ་ཕྱོགས་འཛིན་པ་ནི། རང་གིས་རང་ལ་བདག་པོ་མ་ཐུབ་པ་དང་རང་ཉིད་གཞན་གྱི་བྲན་གཡོག་ཁོ་ན་རུ་གྱུར་བར་འདོད། དེའི་ཕྱིར། རང་གི་རྣམ་དཔྱོད་དང་བློ་གྲོས་གཞན་གྱི་རྫུན་སྒྲོགས་དང་འཁྱོག་བཤད་ཀྱི་མུན་དོང་དུ་མི་བརྫང་བར། རང་ཉིད་ཀྱི་དབང་པོའི་མིག་ཟུང་གི་སྒོ་མོ་ལེགས་པར་ཕྱེ་སྟེ་དྲང་ལམ་དང་བཟང་བོའི་ཕྱོགས་སུ་བསྐྱོད་རྒྱུ་ནི། གཏན་ཚིགས་ཀྱི་གལ་གནད་ཆེས་ཤོས་དང་བཙན་བྱོལ་བའི་འགག་འཕྲེང་དོག་སྐབས་འདིར་རང་གཞན་ཚང་མའི་ཕྲག་ཏུ་ལེན་དགོས་པའི་གནད་དོན་ཞིག་ཡིན་པ་ངེས་དགོས་འདུག

༢༽ དེ་ན་ངས་ཀྱང་ལྕོགས་ཚོད་ཀྱིས་འགན་འཁྲི་འདི་མ་སྐུལ་དང་དུ་བླངས་ནས་སྤྱི་འཐུས་ལས་ཐོག་པ་སྐུ་ཞབས་ཆོས་གྲགས་རྒྱ་མཚོ་བསྐྱར་ཏུ་བོད་མདོ་སྨད་མི་མང་གི་སྤྱི་འཐུས་སུ་འདེམས་དགོས་པའི་རེ་སྐུལ་ཞུ་ཡིག་འདི་འབྲི་བཞིན་ཡོད། སྤྱིར་མི་ཞིག་གླེང་དགོས་ན་ཕྱོགས་ལྷུང་དང་དགའ་ཉེ་བློ་དཀར་གྱི་འདུ་ཤེས་དོར་ཏེ། གཞན་གྱི་བཤད་ཡམ་གྱིི་དྲ་བར་ཡང་མ་ཚུད་པར་སྒལ་ཚིགས་བརྟན་པོ་ཞིག་གི་ལམ་ཕྱོགས་ནས་གླེང་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ཕྲན་ལ་མཚོན་ན་སྐུ་ཞབས་ཁོང་དང་ཤ་རུས་ཁྲག་འབྲེལ་དང་དགའ་ཉེ་བློ་དཀར་སོགས་འགྲོགས་འདྲིས་ཀྱི་འབྲེལ་བ་གང་ཡང་མེད་པས། ཁོང་ལ་ངོ་དགའ་སྤྲེད་ལད་དང་ཐང་ལ་འགྱེལ་ཡོད་པ་གནམ་ལ་འདེགས་དགོས་དོན་གང་ཡང་མེད། འོན་ཀྱང་། བོད་བསྟན་སྲིད་སྤྱི་ལ་བསམ་ལྷག་གཡོ་མེད་དང་བློ་སྟོབས་འགྱུར་མེད་ཀྱིས་ཞབས་འདེགས་ཞུ་བཞིན་པ་དང་། ཁྱད་པར་དུ་ྋགོང་ས་རྒྱལ་བོའི་དབང་པོ་མཆོག་གི་ལམ་སྟོན་དང་དགོངས་བཞེད་གང་ཡིན་ལ་ཐེ་ཚོམ་སྤུ་ཙམ་མེད་པར་རང་དོན་བློས་གཏོང་དང་བློ་སྤོབས་ཞུམ་མེད་ཀྱིས་ཤར་བསྐྱོད་བྱེད་མཁན་ཞིག་ཡིན་པ་ཉེ་བའི་ལོ་འདི་དག་རིང་ཁོང་གི་ཕྱག་ལས་གནང་སྟངས་དང་ཆ་ཤས་ལེན་སྟངས་སོགས་ལས་གསལ་རྟོགས་ཐུབ་པས། སྐུ་ཞབས་ཁོང་ངེས་པར་དུ་ཡང་བསྐྱར་མདོ་སྨད་སྤྱི་འཐུས་རྐུབ་སྟེགས་སུ་འདེམས་ཐོན་དགོས་པ་གལ་འགེངས་ཆེ་བ་མཐོང་།

༣༽ མི་མང་གི་འཐུས་ཚབ་ཞིག་ཡིན་ན་ལངས་ཕྱོགས་དང་སྒལ་ཚིགས་བརྟན་པོ་ཞིག་ཡོད་དགོས་པ་ཡང་གཞི་རྩའི་ཆ་རྐྱེན་ཞིག་ཡིན་པ་དང་། སྐུ་ཞབས་ཁོང་ལ་མཚོན་ནའང་ཆ་རྐྱེན་འདི་རང་སྐྱ་ཐུབ་པ་དང་དོ་ཟླ་འཕེར་ངེས་ཤིག་ཡོད་པར་མཐོང་། དེ་བཞིན་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་རིམ་ལ་སློབ་སྤྱོང་དང་གོ་རྟོགས། ཚད་མས་ངེས་རྙེད་ཀྱི་མཁྱེན་དཔྱོད་ཡོད་མཁན་ཞིག་ཡིན་པའང་བསྙོན་དུ་མེད་པ་དཔེར་ན། ཆོས་གྲགས་རྒྱ་མཚོ་ལགས་ནས་ཐེངས་དང་པོའི་རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཚོགས་ཆེན་སྐབས་རྒྱ་གར་ལྷོ་བྱང་གཉིས་ཀྱི་མཐོ་སློབ་ཁག་ནས་ཆོལ་གསུམ་བོད་རིགས་གཞོན་སྐྱེས་གྲངས་བརྒྱ་ཡས་མས་ཙམ་གྱི་སྣེ་འཁྲིད་ནས་ཚོགས་བཅར་ཞུས་འབྲས་སུ་མང་ཚོགས་ནས་ཚོགས་ཆེན་དེ་གའི་ཚོགས་ཐོག་ནས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པར་འདེམས་བསྐོ་བྱུང་བ་དང་། ཚོགས་གཞོན་གྱི་ལས་འགན་ཁུར་བའི་ལོ་མང་རིང་ཚོགས་པའི་ལས་དོན་གལ་ཆེན་རྣམས་འཐུས་ཤོར་མེད་པར་ཚགས་ཚུད་གང་ལེགས་བསྒྲུབ། དེ་བཞིན་བོད་དང་རྒྱ་དཀར་ནག་གཉིས་ཀྱི་གནད་ཡོད་མི་སྣ་གྲངས་མང་གདན་ཞུས་ཀྱིས་དབུ་མའི་ལམ་གྱི་རྒྱ་ཆེའི་སྲིད་བྱུས་གལ་གནད་སྐོར་བགྲོ་གླེང་རབས་དང་རིམ་པར་གཙོ་སྐྱོང་གནང་བ་དང་། ས་གནས་མང་པོར་ཕྱོགས་བསྐྱོད་ཀྱིས་དབུ་མའི་ལམ་གྱི་གོ་རྟོགས་དང་ཟབ་སྦྱོང་རྒྱ་ཆེར་སྤེལ་བ་ལ་བརྟེན་ནས། བཙན་བྱོལ་སྤྱི་ཚོགས་ནང་གཞོན་སྐྱེས་སློབ་ཕྲུག་མང་པོ་དང་མི་མང་བྱིངས་དབུ་མའི་ལམ་གྱི་གོ་རྟོགས་མཐོར་འདེགས་དང་མཁྱེན་རྒྱ་ཇེ་ཟབ་ཏུ་འཕེལ་བར་ཞབས་འདེགས་ཞུས་ཡོད་ལ། དབུ་མའི་ལམ་ནི་རྒྱ་ནག་གི་དགོས་མཁོ་སྐོང་བའི་སྲིད་བྱུས་ཤིག་རེད་ཟེར་བའི་ལོག་རྟོག་དང་རྨོངས་གཉིད་ཇེ་སངས་སུ་བཏངས་བ་ལ་སོགས་པའི་བྱས་རྗེས་བཞག་ཡོད་པའི་མི་བུ་འཇོན་ཐང་ཅན་ཞིག་ཡིན་པ་བཤད་མི་དགོས་པ་རེད། ཕྱག་ལས་གནང་སྟངས་འདི་དག་གིས་ཁོང་གི་ལངས་ཕྱོགས་དང་འཇོན་ནུས། ལྷག་བསམ་དང་ལར་ཞེན་སོགས་ལ་འགྲེལ་འཕར་མ་ཞུ་མི་དགོས་པ་ས་རིས་ཐང་གསལ་དུ་གྱུར་ཡོད་ཀྱང་། བཙན་བྱོལ་གྱི་འོས་བསྡུ་ཆེན་མོའི་བར་གསེང་ནས་ཁོང་གི་སྐོར་ལ་བདེན་པ་མིན་པའི་སྲང་ལམ་གྱི་བཤད་ཡམ་རུལ་བ་དེ་དག་ཀྱང་། ངན་པ་ཁ་མཐུན་སྐོར་ཞིག་གི་དམིགས་ཡུལ་དང་འཆར་གཞི་ངན་པ་བཏིངས་ཏེ་འཁྲིག་སློང་ཞེ་ནག་ཅན་རེ་ཟུང་ནས་ང་ཚོ་མདོ་སྨད་པ་ནང་ཁུལ་ལ་གཏོར་བརླག་དང་དབྱེན་དཀྲིག་བྱེད་ཆེད་བཀྲམས་བཞིན་འདུག་མོད། མིག་རྒྱང་ཐུང་ལ་མིའི་བཟང་སྤྱོད་ལས་ཐལ་ཆེ་བའི་ཐ་ཤལ་བའི་བྱ་ངན་དེ་དག་ནི། ཁོང་གི་འཇོན་ནུས་དང་ལྷག་བསམ་ལ་ཡིད་མ་རངས་བ་དང་ཕྲག་པ་དོག་པའི་རང་མདོག་ཞིག་ལས་གཞན་གང་ཡང་མ་རེད་མོད། འོན་ཀྱང་། ང་ཚོའི་མི་མང་དྲང་ཤེད་ཅན་སྐོར་ཞིག་ལོག་ལམ་དང་དོན་མེད་ཀྱི་གོལ་ས་ཞིག་ཏུ་འཁྲིད་བཞིན་འདུག་པས་ཚང་མས་གང་གཟབ་གཟབ་གནང་རྒྱུ་གལ་ཆེན་པོ་རེད།

༤༽ ཆོས་གྲགས་རྒྱ་མཚོ་ལགས་ལ་མཚོན་ན་སྤྱི་འཐུས་ཤིག་ལ་ཚང་དགོས་པའི་གནད་ཆོས་ཀུན་པོ་ཚང་ཡོད་པ་ཞིག་རེད། སྤྱི་འཐུས་རྣལ་མ་ཡིན་ན་བཅའ་ཁྲིམས་རིན་པོ་ཆེར་བརྩི་སྲུང་འགལ་མེད་ཐོག་སྤྱི་འཐུས་ཀྱི་ལས་ཁུར་ཞུ་སྒོ་མཐའ་དག་ལ་བློ་དཀར་གཞུང་དྲང་གིས་སྒྲུབ་མཁན་ཞིག་ཡིན་དགོས་པར་བརྟེན། ཁོང་གིས་ཀྱང་རང་གི་ལས་ཡུན་ནང་འོས་འགན་འདི་གཅེས་སྲོག་ཏུ་བཟུང་ནས་རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་གིས་གོ་སྐབས་དེ་དག་དོན་མེད་ཆུད་ཟོས་དང་ཕན་མེད་ཕངས་མེད་དུ་མ་བཏང་བར། སྤྱི་འཐུས་ཤིག་གི་བྱེད་སྒོ་མཐའ་དག་འཐུས་ཤོར་མེད་པ་དང་གཟེངས་སུ་ཐོན་པ་གནང་ཡོད་བ་དཔྱོད་ལྡན་པ་ཞིག་གི་མིག་ལམ་ནས་ཡིབ་ཏུ་མེད་པ་བཤད་ཅི་དགོས། ད་དུང་ཁོང་ལ་ཡི་རང་བ་ཞིག་ནི། ཁོང་གིས་ལོ་ངོ་འདི་དག་གི་རིང་ལ་རང་མི་དགའ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་གཞན་ལ་འཁོན་སེམས་འཆང་བ་དང༌། ཐ་ན་གྲོས་ཚོགས་ནང་ནས་ཀྱང་ཕན་ཚུན་ལ་ངར་ངར་རྫིག་རྫིག་གི་དཔའ་གཏམ་རྒྱུན་མར་སྤེལ་ཏེ། རང་ཉིད་ཀུན་ལས་རྒྱལ་གཅེས་པ་དང་མི་རིགས་ཀྱི་ལར་ཞེན་ཆེ་མདོག་བསྟན་ནས་རྐུབ་སྟེགས་ཇེ་བརྟན་དང་། ཆེ་མཐོང་མཐོར་འདེགས་བྱེད་པའི་རང་དོན་ཁོག་བཅུགས་ཀྱི་བྱ་ལས་ཏིལ་འབྲི་ཙམ་མ་བྱས་པར། དངོས་ཐོག་བདེན་འཚོལ་གྱི་དྲང་བདེན་སྐྱོང་བའི་སྤྱི་འཐུས་ཚད་དང་ལྡན་པ་ཞིག་བྱས་ཡོད་པ་ཞིབ་ཏུ་གཟིགས་ན་ཀུན་གྱིས་རྟོགས་ཐུབ་ངེས།

༥༽ འདི་ལྟར་གཟི་བརྗིད་དང་འོད་སྣང་ལྡན་པའི་སྒོ་ནས་སྤྱི་འཐུས་ལས་ཡུན་བསྐྱངས་བར་བརྟེན། རྒྱ་ཁྱི་སྒོར་ཟུར་ཅན་སྐོར་ཞིག་དང་རང་དོན་ཕྱོགས་ལྷུང་དང་ཞེན་ཁོག ཕྲག་དོག་གི་མེ་ལྕེ་འབར་བའི་མི་ངན་སྐོར་ཞིག་གིས། སྐུ་ཞབས་ཁོང་གི་ཡངས་བའི་ལམ་དང་བགྲོད་པའི་མཁའ་འདིར་མ་བཟོད་པར་མ་ཉེས་ཁ་གཡོག་དང་སྒྲོ་འདོགས་སྐུར་འདེབས་ཀྱིས་༼མི་དཀར་པོ་ལ་ཞྭ་ནག་པོ་སྐོན ༽ཞེས་བའི་དཔེ་ལྟར་སྐུ་ཞབས་ཁོང་ནག་ལམ་དུ་དེད་དེ་གཡང་སར་ཕུད་བཞིན་པ་ནི་ཁོ་ཚོའི་རང་མདོག་ངན་པ་དེ་བསྟན་པ་ལས་གཞན་ཅི་ཡང་མིན་མོད། ང་ཚོའི་མིག་མདུན་རང་ནས་ཤེས་འཇོན་ནུས་ལྡན་གྱི་མི་ཞིག་འདི་ལྟར་ནག་ལམ་དུ་བརྫང་འདེད་བྱེད་བཞིན་པ་མཐོང་སྐབས་ཀྱང་མ་ཤེས་མ་ཚོར། མ་གོ་མ་རིག་པའི་ཚུལ་བཟུང་སྟེ་བསྡད་ན་འགྲིག་ཐབས་མེད་པས། བློ་གྲོས་དང་ལྡན་པའི་རྒྱལ་གཅེས་མདོ་སྨད་པ་རྣམ་པས་ངན་བཤད་དང་གཏོར་བརླག་འདི་དག་ལ་མགོ་བོ་མ་འཁོར་བར། ཡིད་མ་ལྷུང་བར་བློ་རྩ་བརྟན་པོས་འདེམས་ཕྱོགས་མ་ནོར་བ་གནང་རོགས་ཞེས་ཕྱག་ཟུང་ཐལ་མོ་སྦྱར་ནས་གསོལ་འདེབས་ལགས།

༦༽ འདི་ནི་རྒྱ་ཁྱི་སྒོར་ཟུར་ཅན་དང་ནག་ཕྱོགས་པ། ནང་རུབ་བ་ཚོས་མདོ་སྨད་ཚང་གི་གནད་ཡོད་མི་སྣ་ཁག་ནག་ལམ་དུ་བརྫངས་བ་ཐེངས་དང་པོ་མ་རེད། སྐབས་སྔོན་མའི་སྤྱི་འཐུས་འོས་བསྡུའི་སྐབས་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག་གཙོས་སྤྱི་འཐུས་རྩེ་ཏོག་གཞན་ཁ་ཤས་དང་། དེ་བཞིན་མདོ་སྨད་ཚང་གི་རྒྱལ་གཅེས་དཔའ་བོ། རྒྱལ་སྤྱིའི་སྟེང་གདེང་འཇོག་ཆེ་བའི་ཆབ་སྲིད་བཙོན་པ་དེ་འདྲའང་མང་པོ་ཞིག་ལ་ཇི་འདྲའི་ཁྱད་གསོད་དང་མཐོང་ཆུང་བཏང་བ་ཚང་མས་བརྗེད་ཡོད་རྒྱུ་མ་རེད་བསམ། དེ་བས་འདས་བའི་ཉམས་མྱོང་དང་ངན་འབྲས་རྣམས་དྲན་གསོ་དང་རྨ་ཁ་གསོ་བའི་སྨན་དུ་བཏབས་ནས་འདས་ཟིན་པའི་ནོར་འཁྲུལ་དང་གོལ་འཛོལ་དེ་དག་གི་ལམ་དུ་ཡང་ཟློས་བསྐྱར་ཟློས་ཀྱིས་འགྲོ་མི་དགོས་པ་ཞིག་དང་། ཁྱད་པར་དུ་ཤེས་འཇོན་ནུས་ལྡན་གྱི་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གསེར་བུ་སྟག་འདྲ་བོ་འདི་ཡང་ནག་བསུབ་དུ་མི་གཏོང་བར། རང་རེའི་མདོ་སྨད་པ་ཚང་ལ་བྱས་རྗེས་ཅན་དང་ཤེས་འཇོན་པ་བརྒྱ་ཡོད་ན་ཉུང་རབས་དང་། ངན་ནག་དང་དབྱེན་དཀྲུག་པ་གཅིག་ཡོད་ན་མང་རབས་ཞེས་བའི་གཏན་ཚིགས་ལྟར་སྐུ་ཞབས་ཁོང་ངེས་པར་དུ་སྤྱི་འཐུས་རྐུབ་སྟེགས་སུ་འདེམས་ཐོན་ཐུབ་དགོས་པས་ཡང་བསྐྱར་མདོ་སྨད་པའི་སྤྱི་འཐུས་འདེམས་སྟངས་ལ་འཐུས་ཤོར་དུ་མི་འགྲོ་བ་ཞིག་ང་ཚོ་མི་རེ་ངོ་རེ་ནས་རང་འགན་རང་གིས་བླངས་བའི་ཐོག་ནས་གནོང་འགྱོད་མེད་པ་ཞིག་གནང་རྒྱུ་ཁ་ཚ་དགོས་གཏུགས་ཀྱི་འབྱོལ་དུ་མེད་པའི་གནད་ཀྱི་དམ་པར་མཐོང་།
༢༠༢༦/ ༤/ ༢༣ ཉིན་ཨ་མདོ་བཙན་རྒོད་པས།

འདི་ལྷོ་ཕྱོགས་གནས་སྡོད་བསྟན་འཛིན་རྡོ་རྗེ་ཡིན་པས་འདིའི་འགན་ཡོངས་གུས་པས་ཞུ་རྒྱ་ཡིན།
རྩོམ་རིག

Post navigation

Previous Post: སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme