Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟག་ཚལ་བུང་བའི་སྨྱུག་མདའ།།

Posted on 2026-01-22 By ཁ་བརྡ་ No Comments on སྟག་ཚལ་བུང་བའི་སྨྱུག་མདའ།།

རྒྱ་སྟོན་བུ་དར།

 ཡངས་པའི་ཡིད་ཀྱི་རྒྱ་མཚོའི་གཏིང་རིམ་ནས།།

དྲན་པའི་རླབས་ལས་འཕྱུར་བའི་ངག་རྗེན་པ།།

ཚེར་མའི་མེ་ཏོག་ནང་བཞིན་ཁོག་ཏུ་ཚེར།།

བུང་བའི་དབྱངས་ཀྱི་ངག་འདི་སྐྱུར་བའི་སྨན། །

སྟོང་ལོ་ཉེར་དྲུག་ཉེར་གཅིག་དུས་རབས་ཀྱི། །

བཞི་ཆ་གཅིག་འདས་ལས་ངན་བོད་ཀྱི་ལས། །

མྱ་ངན་ཐང་སྟེང་རེ་བྲལ་རེ་དྲུག་ལོ། །

འདས་པ་མ་ཚོར་ནང་ཚགས་སྔོ་ལོ་འཕྱར། །

ཝ་སྐྱེས་ཝ་ལ་སྡང་བའི་མཚུངས་འདྲེན་གྱི། །

རང་རིགས་རང་ལ་སྡང་བའི་སྡུག་གྱོང་ཅན། །

ངོས་ལྐོག་ལྕེ་གཉིས་ལྷ་མི་རྫུན་འབྲེལ་གྱི། །  

ཕྲག་དོག་གཡོ་ཇུས་ཟླ་མེད་བོད་སྐྱེས་མྱི། །

རྙིང་ཞེན་བྲག་ལས་མཁྲེགས་པའི་རྗེས་ལུས་བས།། 

དད་པ་ལོག་པས་འདོད་ཚད་སྒྲུབ་ལ་བརྩོན།།

ཕན་བདེ་བརླག་པའི་ཆོས་སྲིད་གར་མཁན་པས།།

མིག་ལོང་མང་ཚོགས་ཁྲམ་དང་གཏམ་གྱིས་བསླུས།།

སྔོན་ཆད་བོད་ཀྱི་གདོན་གཟུགས་ཕ་མེས་བོན། །

དེང་འདིར་གདོན་གཟུགས་ཁམས་རིགས་ཕྱོགས་སུ་ཟུག །

ཕྱི་རབས་རང་དབང་རྩོད་སའི་ཁ་རྗེ་དཔལ། །

རྒུད་ཅིང་ངོ་བོ་འཇིག་པའི་འགག་འཕྲང་ལུས། །

གནའ་དེང་ཉེ་རབས་སྐྱོ་གར་གཅིག་འཕྲོར་གཅིག །

བཙན་འཛུལ་དགྲ་ཐབས་མ་རྟོགས་རང་ས་བོར།།

བཙན་འཐབ་མ་འཁྱོལ་བཙན་འོག་ཡོངས་སུ་ཚུད།།

མཉམ་རུབ་ལྕག་གི་ཐག་པ་གནའ་ནས་ཆད།།

ཕ་གཞིས་རིགས་རྒྱུད་གཅིག་ཀྱང་གཅིག་ངར་གཉིས།།

ཕ་མཐའི་ཡུལ་གྱར་སྤྲང་འཛིངས་གཅིག་མཇུག་གཉིས།།

གཉིས་སུ་གྱེས་པའི་གླེང་གཞི་ཉིས་འགྱུར་ལྷག ། 

གཉིས་དང་གཅིག་ཤོས་ནང་འཁོན་གཅོང་ནད་མཐུ། །

ཚོ་རེའི་རྒྱལ་གཅེས་འཐབ་རྩོད་ལ་ལས་བལྟས།།

གཞན་ལུགས་ལྟ་གྲུབ་མི་འཐད་འགའ་རེས་དགག།

དེ་ལྟར་ཟང་ཟིང་ཆོས་བཅས་ཟུང་གཉིས་ལུགས།།

འབྱུང་བ་འཁྲུག་པའི་རླུང་འཚུབ་ངང་ཚུལ་བཞིན།།

སྤྱིར་ན་ཆོས་སྲིད་ལྟ་གྲུབ་སྣོག་པའི་ཁར། །

གྲོང་དང་ཁྱིམ་མཚེས་གྲོགས་དང་ཤ་ཉེ་སྤུན།།

སྐྱིད་སྡུག་རུ་སྡེར་འགྲན་སེམས་སྦྱོར་བ་རྩུབ། །

འབྱུང་རྩ་ཆོས་ལྡན་བོད་པའི་ཁོག་ཏུ་ངེས། །

ལྟ་ལོག་ཤེས་འཇོན་འབྱོར་ཞན་རྟོག་སད་རློམ།།

མཁས་ཕྱུག་བཙུན་པ་ཚུན་གྱི་གྲགས་ཆེན་ལ།།

བརྣབ་སེམས་མེ་ལྕེས་སྐུར་བ་སྡིག་སྲིན་གཤིས།།

བསྙོན་འདེང་འབུར་འཇོམ་མ་རབས་ཐབས་ལ་གོམས།།

དཔྲལ་བའི་མིག་གིས་མ་རིག་འགྲན་ཟླ་གཞན། །

འགྲམ་ངོས་རྣ་ཡིས་མ་ཐོས་རྒྱལ་ཁམས་གནས། །

རྣམ་དཔྱོད་ཤེས་པས་དོ་ཡ་མ་བརྙེད་དེ། །

ཉེ་འགྲིས་འཁོར་ལ་གླེན་ཤེད་སུ་ཆེ་བསྡུར། །

ཆུ་ཕྲན་རྒྱ་མཚོའི་འབབ་ལྷིང་ཁྱད་གཞི་ཡི། །

ཁྱད་ཆོས་མངོན་པར་གསལ་བའི་ཅོལ་ཆུང་འགས། །

ཚོགས་སྡེ་སྤྱི་དམངས་འགོ་ལ་འཚང་བྱས་ཏེ། །

གོ་ཐོབ་མིང་གྲགས་ཡོང་ཕྱིར་ཀུ་ཅོ་འདོན། །

རིན་ཆེན་གསེར་དངུལ་ཟངས་དང་རྡོ་ཆས་ཀྱི། །

རྒྱན་ཆས་མགོ་ལུས་བཏུམ་པའི་རྒན་དར་གཞོན། །

འདུ་འཛི་སྣང་བ་ཁྲ་ཁྲས་བློ་སེམས་འཁྲུལ།།

སྲང་མདོའི་བྲོ་ར་ཁྲ་མོའི་བསྟན་པ་གསོ། ། 

ཕྱོགས་མཐའི་གཞིས་ཆགས་ཁ་ཐོར་སྒེར་གཙོ་བ། །

ཤར་ནུབ་འཁྱམས་པའི་བྱབ་ཆུང་དྲ་རྙོག་གཟན། །

ཡུལ་གྱར་དྲ་འཛིངས་སྣེ་ཁྲིད་ཧུར་པོ་འགས།།

རྟག་ཏུ་ཐད་གཏོང་རིམ་པས་རྨོངས་རྒན་ཁྲིད། །

ལས་འབྲས་མཆུ་རྩེར་ལག་ཏུ་ཕྲེང་བ་ཅན།།

ཁེངས་དྲེགས་ཟོག་པོའི་ཚོ་བའི་དོན་དངོས་ཆ།།

ཉོམ་ཆུང་བརྙས་བཅོས་གཏོང་ཡུལ་འབུ་སྲིན་ཆུང་། །

སྟོབས་ལྡན་ངོ་བསྟོད་ས་ནི་གླང་ཆེན་འདྲ། །

སྤྱི་སེམས་ཁབ་རྩེ་སྒེར་སེམས་མདུང་རྩེ་ཅན།།

གསེར་དང་རག་གན་འཛོལ་བའི་རྣམ་དཔྱོད་དེས།།

རྟ་བོང་འདེམས་ཀ་འཛོལ་ཏེ་བོང་བུ་ཉོས། །

ཕུགས་ལམ་སྔ་འདང་མ་ཤེས་ཆོ་ལོ་རྩེས།།

ནང་ཁ་མ་དགེས་དགྲ་མགོ་མཐོ་རུ་གཏེགས།།

སྒང་པ་བོད་ཀྱི་རྒྱལ་ཁའི་གཏིང་ཚུགས་སློག །

ཡར་ལངས་ཁ་བའི་བླ་སྲོག་གཅེས་སྲུང་སླད།།

རང་རྒྱུད་དག་སེལ་ཐབས་ཀྱིས་ལོངས་དང་ཆོག །

ནང་འགལ་རྐྱེན་བཟློག་དགྲ་མགོ་གནོན་པའི་ཆ།།

བློ་གཅིག་སྒྲིམས་དང་སྟོབས་ཤིག་སྐྱེ་ངེས་ཀྱང་།།

དུས་འདིར་འགངས་ཆེའི་དམ་ཚིག་མ་མཐུན་ན།།

ཚོ་གསུམ་རང་གི་རོགས་རྣམས་ཨེ་མཐུན་ཨང་།།

རང་བཞིན་ཇི་མའི་སྐྱོན་ཚང་བརྟོལ་གྱུར་ན།།

བོད་སྐྱེས་མི་ལ་དཔའ་མཛངས་རྒྱན་ཚིག་ཙམ།།

བྱམས་སེམས་དགེ་སྡིག་ཁ་ཚིག་སྟོང་ཙམ་ན།།

སྐྱེ་བ་གན་དུ་གཏོགས་པར་སྤོབས་ཉམས་ཅི། །

ཨ་ཐང་ཆད་དེ་རྒྱང་གི་མཐའ་ནས་བལྟས། །

ཨམ་གཙིགས་ཁོག་ཏུ་སྦས་པར་མ་ནུས་ཐལ། །

རང་གཏམ་རིང་མོ་ཐ་སྙད་རྐང་དགུའི་དབྱངས།།

འཛེམ་བག་མེད་ལ་མི་སྙན་ངག་ཏུ་བཏབ།།

བསམ་ཚུལ།, རྩོམ་རིག

Post navigation

Previous Post: ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
Next Post: མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme