Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།

Posted on 2025-12-23 By ཁ་བརྡ་ No Comments on ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

སྲིད་སྤྱི་གཉིས་ཀྱི་འོས་དམིགས་ལ་བཞེངས་མཁན་ཚོའི་བཅའ་སྒྲིག་གཉིས་ལ་འགན་ཁུར་ནས་ཡ་རབས་དང་། བཟང་སྤྱོད། མི་ཆོས་རིང་ལུགས་དང་ཁ་མ་བྲལ་བའི་ཐོག་ནས་སྲིད་སྤྱིའི་འོས་དམིགས་ལ་བཞེངས་ཀྱི་ཡོད་ན་དགའ་བསུ་ཡོད། འོན་ཀྱང་ད་ལྟ་བར་སྲིད་སྤྱིའི་འོས་དམིགས་ལ་བཞེངས་མཁན་འགའ་ཤས་ནས་རང་ཉིད་སྲིད་སྤྱི་ལ་འོས་ཤོག་ཐོབ་ཐབས་སུ་འོས་དམིགས་གཞན་ནག་པོ་བཟོ་རྒྱུར་དམིགས་ནས་གཞི་མེད་སྐྱོན་བརྗོད་དང་། ཟུར་ཟ། དམའ་འབེབས། མཐོང་ཆུང་སོགས་ལ་འགན་ཁུར་ནས་དྲིལ་བསྒྲགས་སྤེལ་མཁན་འདུག་པ་དེ་དག་ནི་ཡ་རབས་དང་། བཟང་སྤྱོད། མི་ཆོས་རིང་ལུགས་སོགས་ཡོངས་སུ་འགལ་བའི་བྱ་སྤྱོད་ཐ་ཤལ་ལ་སོང་འོས་འཕེན་མི་མང་ལྐུག་པ་མིན་པ་ནས་དེ་འདྲའི་འོས་དམིགས་ལ་བཞེངས་མཁན་ཚོར་འོས་ཤོག་ཐོབ་པའི་རེ་བ་ནི་ཉིན་སྐར་ཙམ་ལས་མ་མཐོང་། གལ་ཆེ་ཤོས་དེ་འོས་དམིགས་ལ་བཞེངས་མཁན་ཚོའི་སོ་སོའི་འཆར་གཞི་དང་། ལངས་ཕྱོགས་དང་དམ་བཅའ། གསར་གཏོད། འགན་ཁུར་སོགས་གང་དང་གང་ཡོད་བསྒྲགས་གཏམ། ༼ Manifesto ༽ མི་མང་ལ་སྤེལ་ནས་འོས་ཤོག་ཐོབ་དགོས་པ་དེ་ཡིན་པ་ནས་འཆར་གཞི་ཡག་པོ་དང་། ལངས་ཕྱོགས་ལ་འགྱུར་བ་མེད་པ། དམ་བཅའ་བརྟན་པོ། གསར་གཏོད་ཕུགས་ཐུབ། འགན་ཁུར་ངོ་ལྐོག་མེད་པ་དགོས་པ་ལས་འོས་དམིགས་གཞན་གཡང་ལ་དབྱུགས་ཐབས་བྱས་ནས་རང་ཉིད་ཡར་ལང་ཐབས་གནང་མཁན་ཡོད་ན་དེ་ནི་ལྐུགས་པའི་ཆབ་སྲིད། ༼ Foolish Politics ༽ ཙམ་ལས་རིན་ཐངས་ཡོད་པའི་ཆབ་སྲིད། ༼ Value base Politics ༽ ལ་དུས་ནམ་ཡང་ངོས་འཛིན་བྱེད་མི་ཐུབ་པ་ནས་སྲིད་སྤྱིའི་འོས་དམིགས་ལ་བཞེངས་མཁན་ཚོའི་དགོངས་པ་ཡག་པོ་བཞེས་ནས་ཡ་རབས་དང་། བཟང་སྤྱོད། བདེན་པ་དང་འཚེ་བ་མེད་པ། གུས་བརྩི་དང་ཆེ་མཐོང་། ལྷག་བསམ་དང་འགན་ཁུར་སོགས་ལ་འགན་ཁུར་ནས་སྲིད་སྤྱིའི་འོས་དམིགས་ལ་བཞེངས་མཁན་ཡོད་ན་དགའ་བསུ་ཡོད་ལ་རྒྱབ་སྐྱོར་ཡང་ཡོད། འོས་དམིགས་གཞན་ལ་གཞི་མེད་སྐྱོན་འཛུགས་དང་། ཟུར་ཟ། དམའ་འབེབས། མཐོང་ཆུང་། ཁྱད་གསོད་སོགས་བྱས་ནས་རང་ཉིད་ལ་འོས་ཤོག་ཐོབ་ཐབས་གནང་མཁན་ཡོད་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དེ་ཡང་མཁྱེན་པ་གནང་དགོས། སྤྱི་འཐུས་ཀྱིས་འོས་དམིགས་ལ་བཞེངས་མཁན་ཚོའི་ལས་འགན་དེ་ཁྲིམས་བཟོ་མཁན་ཡིན་པ་ཁྲིམས་བཟོ་སྤྱི་འཐུས་ལྷན་ཚོགས་ལ་སོང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་ཁུར་ཐུབ་མཁན་གྱི་མི་སྣ་སྤྱི་འཐུས་ནང་སླེབས་དགོས་པ་ལས་དེ་སྔོན་སྤྱི་འཐུས་སྐབས་བཅུ་དྲུག་ནང་བཞིན་བཅའ་ཁྲིམས་ཀྱིས་དོན་ཚན་ངོ་མ་ཤེས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆ་ཚང་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བའི་འོག་འཕོ་འགྱུར་གཏོང་མཁན་གྱིས་སྤྱི་འཐུས་དེ་འདྲ་སྐབས་བཅོ་བརྒྱད་ནང་ནམ་ཡང་མ་སླེབས་པའི་འགན་དེ་འོས་འཕེན་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་རྒྱ་ཆེ་མང་ཚོགས་ནས་དགོངས་པ་བཞེས་དགོས་པ་དེ་བཙན་བྱོལ་བོད་མིའི་མང་གཙོའི་བཅའ་ཁྲིམས་ལ་སྲུང་སྐྱོབས་གནང་དགོས་པ་དེ་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནས་ངོ་སྤྲད་མི་འདུག་གམ། སྲིད་སྐྱོང་གི་ལས་ཡུན་ལོ་ལྔ་ཡིན་པ་དང་ལོ་ལྔ་ནི་དུས་ཚོད་ཐུང་ཐུང་ཡིན་པ་ནས་ལོ་ལྔའི་ནང་ལས་འཆར་ཁག་གཙང་སེལ་ཐུབ་རྒྱུ་ཤིན་ཏུ་དཀའ་བ་ནས་དེ་སྔོན་སྐུ་ངོ་བློ་བཟང་སེངྒ་མཆོག་ལ་གོ་སྐབས་གཉིས་ང་ཚོའི་ཕུལ་བ་བཞིན་ད་ལྟའི་ལས་ཐོག་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་ཡང་ལས་འཆར་འཇུག་གཙང་ཆེད་གོ་སྐབས་གཉིས་ཕུལ་དགོས་པ་དང་མ་འོངས་སྲིད་སྐྱོང་ལ་ཕེབས་མཁན་ཚང་མར་ལས་འཆར་འཇུག་གཙང་ཆེད་གོ་སྐབས་གཉིས་ངེས་པར་དུ་འབུལ་དགོས་པ་ནི་ལས་འཆར་འཇུག་གཙང་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད།

དཔྱད་རྩོམ།

Post navigation

Previous Post: ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
Next Post: བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme