Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  

Posted on 2025-12-08 By ཁ་བརྡ་ No Comments on བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
བསྟན་འཛིན་འཆི་མེད་ཀྱིས་ཨིན་ཡིག་ནས་བསྒྱུར།
གཅིག བཅའ་ཁྲིམས་ཀྱི་བསྟན་དོན། 
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་དཔྱད་གཏམ་འདི་འབྲི་བའི་དགོས་པ་རྒྱུ་མཚན་ནི། ད་ལྟའི་བཅའ་ཁྲིམས་ནང་མིང་དོན་མཚུངས་པའི་འདྲ་མཉམ་གྱི་ཐོབ་ཐང་མེད་སྟངས་མེད་ལུགས་ཀྱི་གོ་རྟོགས་སྤེལ་བ་དང་། ལེགས་བཅོས་ཀྱི་འབོད་སྐུལ་བྱ་རྒྱུ་དེ་ཡིན།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་གཉིས་པའི་དོན་ཚན་དགུ་པའི་ནང་། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།” ཞེས་བཀོད་ཡོད་མོད། ལག་ལེན་གྱི་སྐབས་སུ་མིང་དོན་མཚུངས་པའི་འདྲ་མཉམ་གྱི་ཁྲིམས་དང་ཐོབ་ཐང་དགོས་པ་ཤིན་ཏུ་གལ་གནད་ཆེ་བར་མཐོང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་བཞི་པ། དོན་ཚན་སོ་བདུན་པའི་ནང་།
༡   བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང༌། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ་དགོས།
༢    རྙིང་མ་དང༌།  བཀའ་བརྒྱུད།  ས་སྐྱ།  དགེ་ལུགས།  གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།
༣    བྱང་ཨ་རི་དང་། ལྷོ་ཨ་རི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས།
༤    ཡུ་རོབ་དང་། ཨ་ཕི་རི་ཀའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས།
༥    རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་བཅས་བོད་མི་མང་སྤྱི་འཐུས་ཀྱི་རྩ་འབོར་ ༤༥ ངེས་པ་ཡིན། རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མིས་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་དང་འོས་ཤོག་འཕེན་མི་ཆོག
གཉིས། ཆོས་བརྒྱུད་སྤྱི་འཐུས་འདེམས་སྟངས། 
དོན་ཚན་སོ་བདུན་པའི་ནང་ཚན་གཉིས་པའི་ནང་།  “རྙིང་མ་དང༌།  བཀའ་བརྒྱུད།  ས་སྐྱ།  དགེ་ལུགས།  གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་པ་དེའི་སྐོར་ནས་གླེང་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ནང་། དྭང་བླངས་དཔྱ་དངུལ་ལག་དེབ་བམ་དེབ་ལྗང་ཁུ་ནི་བོད་ཀྱི་མི་སེར་ཡིན་པའི་དཔང་པོ་དང་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་བྱེད་ཆོག་དང་མི་ཆོག་གི་གཞི་འཛིན་ས་ཆགས་ཡོད་པ་ཡིན། འོན་ཀྱང་། འོས་བསྡུའི་ལས་རིམ་སྐབས་དེབ་འདིར་གཞི་འཛིན་སྟངས་ནི་མང་གཙོ་ཚད་ལྡན་དང་ཐོབ་ཐང་འདྲ་མཉམ་མེད་པའི་ངོ་བོ་གསལ་པོ་ཞིག་ཆགས་བསྡད་ཡོད།
ད་ལྟའི་སྒྲོམ་གཞིའི་འོག །གྲྭ་པ་དང་བཙུན་མ། སྔགས་པ་དང་སྔགས་མ་བཅས་ལ་རང་གི་ཆོལ་ཁ་ (མདོ་སྟོད། མདོ་སྨད། དབུས་གཙང་།) དང་ཆོས་བརྒྱུད་ (ས་སྐྱ། བཀའ་བརྒྱུད། རྙིང་མ། དགེ་ལུགས། གཡུང་དྲུང་བོན།) ཀྱི་སྤྱི་འཐུས་ཞེས་འོས་གཉིས་འཕེན་པའི་ཐོབ་ཐང་ཡོད། དེར་བསྡུར་ན། མི་སྣ་སྐྱ་བོ་ཕོ་མོ་ཡོངས་ལ་ཆོལ་ཁའི་སྤྱི་འཐུས་ལས་ཆོས་བརྒྱུད་ཀྱི་སྤྱི་འཐུས་ལ་འོས་འཕེན་མི་ཆོག་པས། [དྭང་བླང་དཔྱ་དངུལ་འབུལ་བས་མཚོན་ཡུལ་མིའི་ལས་འགན་སྒྲུབ་མཁན་]མི་སེར་གཅིག་མཚུངས་ཡིན་པ་གང་ཞིག་ལ་དབྱེ་འབྱེད་བྱས་ཏེ་རིགས་གཅིག་ལ་འོས་གཉིས་ཀྱི་ཐོབ་ཐང་དང་། རིགས་གཞན་ལ་འོས་གཅིག་གི་ཐོབ་ཐང་མ་གཏོགས་མེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དགུ་པའི་ནང་། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།” ཞེས་བཀོད་ཡོད། འོན་ཀྱང་གོང་གསལ་གྱི་འོས་བསྡུའི་ཁྲིམས་ལུགས་ནི་བཅའ་ཁྲིམས་དང་ཐ་དད་ཆགས་ཡོད་པ་དང་། མི་གཅིག་ལ་འོས་གཅིག་ཞེས་པའི་མང་གཙོའི་ལྟ་གྲུབ་དང་འགལ་ཡོད།
དེ་འདྲ་སོང་ཙང་། འོས་གཉིས་འཕེན་ཆོག་པའི་གང་ཟག་རྣམས་ལ་གྲོས་ཚོགས་ནང་ཆོལ་ཁའི་འཐུས་མི་སུམ་ཅུ་དང་ཆོས་བརྒྱུད་འཐུས་མི་བཅུའི་རྐུབ་སྟེགས་ལ་ཤུགས་རྐྱེན་སྤྲོད་ཐུབ་པའི་ནུས་པ་ཡོད་པ་དང་། མི་སྐྱ་རྣམས་ལ་ནུས་པ་དེ་མེད། བོད་ཀྱི་མི་སེར་གཅིག་པ་ཡིན་བཞིན་དུ་དེ་འདྲའི་ཐོབ་ཐང་འདྲ་མཉམ་མེད་པ་ནི་མཚོན་དོན་ཙམ་ཞིག་མ་ཡིན་པར། གྲངས་ཀའི་ཐོག་ནས་བཤད་ན་མང་གཙོ་ཚད་ལྡན་ཞིག་ཆགས་ཀྱི་མེད།
ལོ་རྒྱུས་ཀྱི་ངོས་ནས་བོད་ནི་ཆོས་སྲིད་ཟུང་འབྲེལ་གྱི་རྒྱབ་ཁབ་ཅིག་ཡིན་པ་བཤད་མི་དགོས་པ་ཡིན་མོད། ལམ་ལུགས་དེ་མུ་མཐུད་ནས་གནས་དགོས་པ་གལ་ཆེ་ནའང་མང་གཙོའི་རྨང་གཞི་བརྟན་པོ་ཞིག་དགོས་པ་དེ་ལས་གལ་ཆེ་བ་ཡིན། བོད་ཀྱི་མི་སེར་ལ་ཐོབ་ཐང་འདྲ་མཉམ་གྱི་ཐོག་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་མུ་མཐུད་ནས་གནས་ན་མ་འགྲིག་པ་གང་ཡང་མེད། འོན་ཀྱང་། བོད་མི་ཚང་མར་འོས་འཕེན་པ་དང་རང་གི་སྐུ་ཚབ་འདེམས་པའི་ཐོབ་ཐང་གཅིག་མཚུངས་དགོས་པ་ཡིན། 
བྱས་ཙང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ནས། བོད་ཀྱི་མི་སེར་ཚང་མར་དབྱེ་བ་མེད་པའི་ཐོག་ནས་མི་གཅིག་ལ་འོས་གཅིག་དང་། ཡང་ན། མི་ཚང་མར་འོས་གཉིས་ཀྱི་ཐོབ་ཐང་གནང་ནས་མང་ཉུང་གཅིག་མཚུངས་ཀྱི་རྣམ་པ་ཅན་ཞིག་ཡོད་ན་ལེགས་པར་མཐོང་།
གསུམ། ཕྱི་རྒྱལ་ཁག་ཏུ་སྡོད་མཁན་ནས་འོས་འཕེན་སྟངས། 
  བཅའ་ཁྲིམས་ནང་། “རྒྱ་བལ་འབྲུག་གསུམ་ལས་གཞན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མིས་ཆོལ་ཁ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་དང་འོས་ཤོག་འཕེན་མི་ཆོག།” ཅེས་གསལ་བ་ལས་འཕྲོས་ནས་གླེང་ན་གསལ་པོ་ཡོང་ཐུབ།  དཔྱད་ཞིབ་འདིའི་ཆེད། ཕྱི་ལོ་  2021 ལོའི་སྲིད་སྐྱོང་འོས་བསྡུའི་གྲངས་ཀ་ལ་བལྟས་ན།  TIBETSUN དྲ་རྒྱའི་ནང་གསལ་བའི་འོས་བསྡུའི་བསྡོམས་གྲངས་ནི། རྒྱ་བལ་འབྲུག་གསུམ་ནས་ཁྱོན་བསྡོམས་འོས་འཕེན་མཁན་མི་གྲངས་ 41702 དང་། རྒྱལ་ཁབ་གཞན་ནས་ཁྱོན་བསྡོམས་འོས་འཕེན་མཁན་མི་གྲངས་ 21577  བྱུང་འདུག བྱས་ཙང་། ཕྱི་ལོ་ 2021 ལོའི་སྲིད་སྐྱོང་འོས་བསྡུའི་ནང་གི་ཁྱོན་བསྡོམས་འོས་གྲངས་ནས་བརྒྱ་ཆ་ 34% ཙམ་རྒྱ་བལ་འབྲུག་གསུམ་ཕུད་པའི་རྒྱལ་ཁབ་གཞན་ནས་བྱུང་ཡོད་པ་རྟོགས་ཐུབ། མདོར་ན། འོས་འཕེན་མཁན་ཚང་མའི་ནང་ནས་མི་གྲངས་བརྒྱ་ཆ་ 34% ལ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐུས་མི་འདེམས་རྒྱུའི་ཐོབ་ཐང་རག་མེད་པ་རེད།
མང་གཙོའི་རྩ་དོན་གལ་ཆེ་ཤོས་གཅིག་ནི་མི་གཅིག་ལ་འོས་གཅིག་ཅེས་པ་དེ་རེད། རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་མི་རྣམས་ལ་འོས་ཤོག་ཐོབ་ཐང་མང་བ་སྤྲད་པ་དང་། དེའི་ནང་ནས་ཀྱང་ཁག་ཅིག་ལ་དེ་བས་ཐོབ་ཐང་མང་བ་སྤྲད་པ། རྒྱ་བལ་འབྲུག་གསུམ་ཕུད་འཛམ་གླིང་ཡུལ་གྲུ་གཞན་ནང་གནས་སྡོད་པ་རྣམས་ལ་ཆོལ་ཁའི་སྤྱི་འཐུས་འདེམས་རྒྱུའི་ཐོབ་ཐང་མེད་པ་དང་། གྲྭ་བཙུན་སྔགས་གསུམ་གང་རུང་ཡིན་རུང་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་མི་ཆོག་པ། དེ་དང་དེ་འདྲ་བའི་ཐོབ་ཐང་འདྲ་མཉམ་མེད་པའི་བཅའ་ཁྲིམས་ལ་འགྱུར་བཅོས་གནང་ན་མང་གཙོ་ཚད་ལྡན་ཞིག་ཆགས་ངེས་ཡིན།
རྩིས་ཤིག་བརྒྱབ་ན། ད་ལྟའི་གནས་སྟངས་འོག །མི་འབོར་གཉིས་ཆ་གསུམ་ལ་སྐུ་ཚབ་བཅུ་དང་ལ་ལར་བཅུ་གཉིས་འདེམས་རྒྱུ་ཡོད་པ་གང་ཞིག་ལ། མི་འབོར་གསུམ་ཆ་གཅིག་ཙམ་ལ་སྐུ་ཚབ་ལྔ་འདེམས་རྒྱུའི་ལམ་ཁ་མ་གཏོགས་མེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་གཉིས་པའི་ནང་། “སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོགས་པའི་སྐབས་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པར་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང༌། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ་” ཞེས་བཀོད་ཡོད་།  ཕྱི་ལོ་ 2021 ལོའི་སྤྱི་འཐུས་འོས་འདེམས་ཀྱི་གྲུབ་འབྲས་མཚུངས་བསྡུར་བྱས་ན།
  • མདོ་སྨད་སྤྱི་འཐུས་འདམས་ཐོན་ཨང་བཅུ་པར་འོས་ཤོག 1017
  • མདོ་སྟོད་སྤྱི་འཐུས་འདམས་ཐོན་ཨང་བཅུ་པར་འོས་ཤོག  4593
  • དབུས་གཙང་སྤྱི་འཐུས་འདམས་ཐོན་ཨང་བཅུ་པརའོས་་ཤོག 7793
  • ལྷོ་བྱང་ཨ་རིའི་སྤྱི་འཐུས་འདམས་ཐོན་ཨང་གཉིས་པར་འོས་ཤོག 4519
  • རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་གྱི་སྤྱི་འཐུས་འདམས་ཐོན་ཨང་དང་པོར་་འོས་ཤོག་ 739
  • ཡུ་རོབ་དང་ཨ་ཧྥེ་རི་ཀ་ཁུལ་གྱི་སྤྱི་འཐུས་འདམས་ཐོན་ཨང་གཉིས་པར་འོས་ཤོག 2884
  • ས་སྐྱའི་སྤྱི་འཐུས་འདམས་ཐོན་ཨང་དང་པོར་འོས་ཤོག  276
  • རྙིང་མའི་སྤྱི་འཐུས་འདམས་ཐོན་ཨང་དང་པོར་འོས་ཤོག  637
  • བཀའ་བརྒྱུད་སྤྱི་འཐུས་འདམས་ཐོན་ཨང་དང་པོར་འོས་ཤོག 364
  • དགེ་ལུགས་སྤྱི་འཐུས་འདམས་ཐོན་ཨང་དང་པོར་འོས་ཤོག 3727
  • བོན་པོའི་སྤྱི་འཐུས་འདམས་ཐོན་ཨང་དང་པོར་འོས་ཤོག 119
སྤྱི་འཐུས་གྲངས་འབོར་ 45 ནང་ནས།
  • ཆོལ་ཁའི་སྤྱི་འཐུས་ 30 ཡོད་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ནང་རྐུབ་སྟེགས་ 6 ལས་མེད་སྟབས། སྤྱི་འཐུས་རྒྱུན་ལས་ནང་ཆོལ་ཁའི་སྐུ་ཚབ་ཀྱི་ངོ་བོ་མཚོན་ཚད་དེ་བརྒྱ་ཆ་ 20% ཆགས་ཡོད།
  • ཆོས་བརྒྱུད་སྤྱི་འཐུས་ 10 ཡོད་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ནང་རྐུབ་སྟེགས་ 5 ཡོད་སྟབས། སྤྱི་འཐུས་རྒྱུན་ལས་ནང་ཆོས་བརྒྱུད་སྐུ་ཚབ་ཀྱི་ངོ་བོ་མཚོན་ཚད་དེ་བརྒྱ་ཆ་ 50% ཆགས་ཡོད།
  • རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁག་གི་སྤྱི་འཐུས་ 5 ཡོད་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ནང་རྐུབ་སྟེགས་གཅིག་ཀྱང་མེད་སྟབས། སྤྱི་འཐུས་རྒྱུན་ལས་ནང་ཁོང་ཚོའི་སྐུ་ཚབ་ཀྱི་ངོ་བོ་མཚོན་ཚད་དེ་ཀླད་ཀོར་ཡིན།
གནས་སྟངས་འདི་འདྲ་ཡིན་པར་བརྟེན། ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། ཆོལ་གསུམ་མི་སྐྱ་རྣམས་ཀྱི་འབོད་སྒྲ་ཆུང་སར་བཟུང་བ་དང་། ཆོས་བརྒྱུད་ཁག་གི་འབོད་སྒྲ་ཆེ་སར་བཟུང་། ཕྱི་རྒྱལ་ཁག་ཏུ་གནས་སྡོད་མི་མང་གི་འབོད་སྒྲ་རྩིས་མེད་གཏོང་བའི་ལམ་ལུགས་འདི་ནི་བཅའ་ཁྲིམས་ཀྱི་དམིགས་ཡུལ་དགོངས་དོན་ལས་འགལ་བ་དང་ཐ་དད་ཆགས་པ། ཁྲིམས་ཀྱི་མདུན་ས་ལ་འདྲ་མཉམ་ཆགས་ཐུབ་ཀྱི་མེད་པའི་རྣམ་པ་ཞིག་གསལ་པོ་ཆགས་བསྡད་ཡོད།
(བོད་འགྱུར་འདིའི་ནང་མ་དག་པ་ཡོད་ན་མ་ཡིག་ཨིན་ཡིག་ལ་ཚད་འཛིན་གནང་རོགས། https://en.tibettimes.net/2025/11/06/charter-vs-times/ )
འགྱུར་རྩོམ།

Post navigation

Previous Post: ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
Next Post: བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme