Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་སྲིད་འཛིན་ཞི་བོད་ཀྱི་རྒྱལ་ས་ལྷ་སར་འཚམས་གཟིགས་སྐོར་ལ་དཔྱད་པའི་གཏམ།

Posted on 2025-08-27 By ཁ་བརྡ་ No Comments on རྒྱ་ནག་གི་སྲིད་འཛིན་ཞི་བོད་ཀྱི་རྒྱལ་ས་ལྷ་སར་འཚམས་གཟིགས་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

རྒྱ་ནག་གི་བརྟན་ལྷིང་དེ་མི་རིགས་ལྔ་བཅུ་ལྔ་བདུན་གྱི་འཚོ་གནས་གཅིག་པོ་མིན་པ་སྐད་ཡིག་དང་རིག་གཞུང་སོགས་དང་འབྲེལ་བ་གཏིང་ཟབ་ཡོད་པ་ནས་སྤྱི་ལོ་ ༡༩༥༩ ལོར་བོད་རྒྱ་མིའི་བཙན་འོག་ཏུ་ཚུད་ནས་བོད་མི་རིགས་ཀྱིས་མི་རབས་མང་པོའི་གཅེས་ནོར་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་གྲ་ཚང་དྲུག་སྟོང་ལྷག་ཙམ་རྩ་མེད་བཟོས་པ་དང་ཞི་བའི་ཞིང་འབྲོག་མི་མང་ས་ཡ་གཉིས་ལྷག་ཙམ་གྱིས་ཚེ་སྲོག་ཤོར་བ་དང་། བོད་མིའི་འཚོ་བའི་གནས་སྟངས་དེ་སྔའི་འཛམ་གླིང་གི་བྲན་གཡོག་འཚོ་བའི་དུས་རབས་ལས་ཀྱང་ཡིད་སྐྱོ་བའི་གནས་སྟངས་ཆགས་ནས་བོད་མི་ཚོ་སོ་སོའི་ལུང་པའི་ནང་དབུལ་ཕོངས་ཁྱུ་གཅིག་བཟོས་ནས་བོད་ཀྱི་ཞིང་འབྲོག་ས་ཁུལ་མང་པོར་བོད་མི་མང་པོ་ལྟོག་ཤི་ཐེབས་པ་དང་། ཆུ་ལ་མཆོང་པ་དང་། རང་ཤི་རྒྱབ་པ་སོགས་དམྱལ་བ་མི་ཡུལ་དུ་དངོས་སུ་མྱོང་བཞིན་པའི་གནས་སྟངས་འོག་ལོ་རབས་བདུན་བཅུའི་ནང་རྒྱ་ནག་གི་འགོ་ཁྲིད་ཏིང་ཞ་འོ་ཕིང་གི་རྒྱ་ནག་གིས་དཔལ་འབྱོར་སྲིད་བྱུས། ༼ Economic Policy ༽ དེ་ཁྲོམས་རའི་དཔལ་འབྱོར། ༼ Market Economic ༽ ལ་ཁ་ཕྱོགས་ནས་རྒྱ་ནག་གཞུང་མང་གི་དཔལ་འབྱོར་འཕེལ་རྒྱས་དེ་འཛམ་གླིང་ཤར་ནུབ་ཀྱི་ལུང་པ་མང་པོ་ལས་སྔོན་དུ་སླེབས་ནས་རང་རེ་བོད་ནང་ལ་ཡང་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་དེ་སྔོན་རིག་གནས་གསར་བརྗེའི་སྐབས་དང་བསྡུར་ན་དེང་སྐབས་གནམ་ས་ལྟབུའི་ཁྱད་པར་ཆེན་པོ་ཕྱིན་ཡོད་ན་ཡང་མི་གི་མི་ཚེའི་མཐར་ཐུག་གི་བདེ་སྐྱིད་དེ་འཚོ་གོས་གཅིག་པོ་མིན་པ་མི་རིགས་དེ་འཚོ་གནས་ཐུབ་པའི་རང་གི་ཕ་མེས་ནས་བརྒྱུད་པའི་རིག་གཞུང་བཟང་པོ་དེའི་འོག་ཏུ་མི་རིགས་འཚོ་དགོས་པ་ལས་ལྟོ་གོས་གནས་མལ་གྱི་འཚོ་བ་གཅིག་པོས་མི་རིགས་ཞིག་དུས་ནམ་ཡང་འཚོ་གནས་མི་ཐུབ་པ་ནས་བོད་ནང་བོད་མི་ཚོ་སོ་སོའི་ཕ་མེས་ནས་བརྒྱུད་པའི་མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་པོ་རྒྱག་རྒྱུའི་གོ་སྐབས་མེད་པ་དང་། བོད་ཕྲུག་ཚོར་རྒྱ་ཡིག་ལས་བོད་ཡིག་སྦྱོང་སའི་འཁོར་ཡུག་ཉུང་བ་དང་། བོད་ཕྲུག་མང་པོ་རྒྱ་ནག་གི་གཏན་འཇགས་སློབ་གྲ་ནང་བཅུག་ནས་བོད་མིའི་ངོ་བོ་རྩ་རླག་ཏུ་གཏོང་རྒྱུའི་འཆར་གཞི་ངན་པ་འདིའི་ནམ་ཞིག་བོད་ཡུལ་རྒྱ་ཡུལ་དུ་རྒྱུར་རྒྱུ་དང་། བོད་ཕྲུག་རྒྱ་ཕྲུག་ལ་རྒྱུར་ནས་བོད་ཟེར་བའི་ནང་བསྟན་ཆོས་ལུགས་ཀྱི་ལུང་པ་དེ་ཆོས་མེད་ཀླ་ཀློ་གུང་ཁྲན་དམར་པོ་དམར་ཀྱང་ལ་རྒྱུར་རྒྱུ་ཡིན་པ་ད་ལྟ་ནས་ཟུར་ལྟས་ལེབས་མཐོང་ལ་སོང་ད་ལམ་རྒྱ་ནག་གི་སྲིད་འཛིན་ལྷ་སར་འབྱོར་སྐབས་བོད་མི་ཚོའི་དགའ་བསུའི་རྣམ་འགྱུར་སྟོན་སྟངས་ནས་བོད་ནང་རང་དབང་ག་ཚོད་ཡོད་དེ་ནས་རྟོགས་ཐུབ་པ་དང་། བོད་ནང་ཕྱིའི་འཛུགས་བསྐྲུན་ཡར་རྒྱས་ཕྱིན་ཡོད་ན་ཡང་བོད་མི་ཚོར་བསམ་སྤྱོད་རང་དབང་མེད་པ། འགྲོ་འདུག་ལ་རང་དབང་མེད་པ། སྨྲ་བརྗོད་ལ་རང་དབང་མེད་པ། འཁོར་ཡུག་སྲུང་སྐྱོབས་ལ་རང་དབང་མེད་པ་སོགས་ལ་བརྟེན་ནས་བོད་མི་ཚོས་སེམས་ནང་རྨ་ཁ་ཆེན་པོ་བཟོས་ཡོད་པ་ནས་སྔ་ཕྱི་མ་གཏོགས་རྒྱ་ནག་ལ་ངོ་རྒོལ་སྒེར་ལངས་བྱས་ཡོང་བསམ་པའི་དོགས་པ་དང་རྣམ་རྟོག་ལ་འགན་འཁུར་ནས་ད་ལམ་རྒྱ་དཔོན་ཞི་ལྷ་སར་ཡོང་རྒྱུ་དེ་ཡང་གཅིག་དེ་ཡིན་སྲིད་པ་དང་། གཉིས་ནས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་མཛད་སྒོའི་སྐུ་མགྲོན་དུ་ཡོང་བ་ཞིག་ཀྱང་ཡིན་ཆོག དོན་དངོས་བོད་ནང་གི་བོད་མི་ཚོའི་འཚོ་བའི་གནས་སྟངས་ལ་རྒྱུས་ལོན་མ་ཡིན་པ་བོད་ནང་གཞི་རིམ་མི་མང་གི་ཆབ་སྲིད་བདེ་འཇགས་ལ་རྒྱུས་ལོན་ཆེད་དུ་ཡིན་པ་ནི་སྲིད་འཛིན་ཞི་གི་ལྷ་སར་གཏམ་བཤད་མ་བྱས་པ་ནས་ཤེས་ཐུབ་པ་དང་། གཏམ་བཤད་བྱེད་མཁན་རྒྱ་ནག་གི་མཐོ་རིམ་འགོ་ཁྲིདགཉིས་ཀྱི་གཏམ་བཤད་བྱས་པའི་ནང་དོན་ནས་ང་ཚོའི་ཤེས་ཐུབ་པ་དེ་རྒྱ་ནག་གུང་ཁྲན་དམར་པོའི་བོད་དབང་བསྒྱུར་བྱས་ནས་མི་ལོ་དྲུག་ཅུ་ལྷག་ཕྱིན་ཡོད་ན་ཡང་ད་དུང་བོད་མིའི་བསམ་བློ་ལ་དབང་བསྒྱུར་བྱེད་ཐུབ་མེད་པ་གསལ་སྟོན་བྱས་པ་ནི་ཁ་བྲལ་ཟེར་བའི་ཐ་སྙད་དེ་ཡང་ནས་ཡང་དུ་སླེང་ཡོང་བ་ནས་ཤེས་ཐུབ་པ་དང་། རྒྱ་ནག་ནང་མི་རིགས་ལྔ་བཅུ་ང་བདུན་ཡོད་པ་དེ་དག་གིས་འཚོ་བ་ཡར་རྒྱས་གཏོང་ཐུབ་ན་མི་རིགས་དེ་ཚོ་འདོད་པ་ཁེངས་ནས་ཞི་བདེ་ལྷིངས་འཇགས་དུ་གནས་ཐུབ་པར་ངོས་འཛིན་བྱས་པ་དེ་དག་ད་ཆ་རྩིས་ནོར་ཐེབས་ནས་ད་ལྟའི་ཆ་ལ་གྲངས་ཉུང་མི་རིགས་བོད་དང་ཤིང་ཅང་སོགས་ནས་འཛམ་གླིང་གི་ལུང་པ་མང་པོའི་ནང་རྒྱ་ནག་ལ་ངོ་རྒོལ་རྣམ་འགྱུར་སྟོན་མཁན་གྱིས་གྲངས་ཚད་དེ་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་བཞིན་པ་དང་། རྒྱ་ནག་གི་མི་མང་ཁྲོད་ནང་ཆོས་ལ་དད་གུས་དང་སློབ་གཉེར་བྱེད་མཁན་དེ་ལོ་རེ་ནས་ལོ་རེ་བཞིན་གྲངས་ཚད་མང་དུ་འགྲོ་བཞིན་པ་ནས་རྒྱ་ནག་གི་བརྟན་ལྷིང་དེ་མི་རིགས་ལྔ་བཅུ་ང་བདུན་གྱིས་འཚོ་གོས་གཅིག་པོ་མིན་པ་མི་རིགས་སོ་སོའི་ཕ་མེས་ནས་བརྒྱུད་པའི་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་སོགས་ལ་ཐུག་ཡོད་པ་ནས་རྒྱ་ནག་གི་འགོ་ཁྲིད་ཚོའི་མི་རིགས་སོ་སོའི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་དང་རིག་གཞུང་དེ་མི་རིགས་སོ་སོར་འགན་བཀུར་ནས་ཡར་རྒྱས་དང་སྲུང་སྐྱོབས་བརྒྱུད་འཛིན་ཐུབ་པའི་ཆེད་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་སྤྲོད་མ་ཐུབ་ཚེ་རྒྱ་ནག་ནང་དུས་ནམ་ཡང་ཞི་བདེ་དང་བརྟན་ལྷིང་མི་ཡོང་བ་ངས་ཚིག་ཐག་བཅད་ནས་བཤད་ཐུབ།

བསམ་ཚུལ།

Post navigation

Previous Post: ས་དུག་ལ་ང་གུང་ཁྲན་རིང་ལུགས་ཀྱིས་ནང་བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་ངོས་འཛིན་བྱ་རྒྱུའི་སྐོར་ལ་དཔྱད་པའི་གཏམ།
Next Post: མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme