ཚེ་བརྟན་འགྱུར་མེད།
ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༧ ཉིན་ཁ་བརྡའི་གསར་ལམ་མམ་གནས་ཚང་བརྒྱུད། གནས་ཡུལ་སོ་སོའི་གསུམ་དུས་ལ་སོམ་དང་། ཞེས་པའི་ནང་ང་རང་གནས་ཡུལ་བྷོ་སོ་ཊོན་ནང་བོད་མི་ཡིན་ཟེར་མཁན་ཆིག་སྟོང་ཙམ་ཡོད་ཀྱང་ལོ་འདིའི་གསུམ་དུས་སྐད་འབོད་ལ་བརྒྱ་ཡང་མིན་འདུག དེ་ལྟར་ཞིག་ཕལ་ཆེར་ས་གནས་གཞན་ལའང་ཡིན་སྲིད། ང་རང་གི་སེམས་སྡུག་གམ་འདི་འདྲ་ཞིག་མ་བྱུང་ནའམ། འདི་ལྟར་ཞིག་འོང་དགོས་ཆེ་བའི་སྐོར་གྱི་གདུང་མོལ་རིང་ཙམ་ཞིག་བོད་རིག་སྤུན་ཟླ་དང་ལྷག་དོན་བྱེས་འབྱོར་སྤུན་ཟླ་རྣམས་ཀྱི་དགོང་དབྱིངས་སུ་ཞུ་གསོལ་འདེབས་རྒྱུའི་གོ་བསྐལ་བྱུང་།།
གོང་གི་བློ་ཕམ་དེ་ཡོང་རྐྱེན་ལ་གནས་དོན་གསུམ་ཞུས་པའི་དང་པོ། འཐབ་བརྩོད་རིང་བའི་མཉམ་འགྲུབ་འབྲས་སུ་དམིགས་པ་ཞན་གནས། གཉིས་པ་གཞིས་སུ་གཉེན་ཕྲད་ཀྱི་ཐབས་སུ་འགོག་རྐྱེན། གསུམ་བ་ང་ཞེན་ཉམ་ན་སྤྱི་ཞེན་ཉམ་པའི་གནས་སུའང་གྱར་སྲིད་གནས་ཀྱི་གནས་འགྲེལ་འབུད་ཙམ་ཡང་ཞུས་ཡོད།
དེ་དག་ནས་། གཞིས་སུ་གཉེན་ཕྲད་ཀྱི་ཐབས་སུ་འགོག་རྐྱེན། གནས་འགྲེལ་དུ། དོན་དངོས་སུ་༡༩༥༩ ལོ་རྗེས་ནས་མཐར་གོར་བོད་ས་མཚམས་སུ་སྐྱབས་བཅོལ་གཞུང་གི་སྣེ་ལེན་ཁང་གི་ཞབས་འདེགས་མ་ཞུས་སྔོན་གྱི་སྐྱབས་བཅོལ་བ་ཚོ་ཕ་མ་བུ་ཕྲུག་སོགས་མི་འདོད་བཞིན་དུ་ཁ་བྲལ་དགོས་མཉམ་གཞིས་སུ་ལུས་པ་མཇལ་རེའི་བསམ་པ་བཞག་ནས་ཡོང་། སྣེ་ལེན་ཁང་བརྒྱུད་སྐྱབས་བཅོལ་དུ་ཕེབས་སྐབས་ཀྱང་ཕ་མ་གཉེན་སྤུན་རྣམས་ཕལ་ཆེར་མཇལ་དཀའ་གནས་བཅད་དེ་ཕེབས་ཡོད། ཡིན་ཀྱང་ད་ཆ་རྒྱའི་བསླུ་བྲིད་དུ་ལྕེབ་ནས་ཕ་མ་གཉེན་སྤུན་བློས་མ་ཐོངས་ལྟ་བུ་ལས་ཐུག་འཕྲད་ཀྱི་གོ་སྐབས་ཐོབ་བྱེད་དུ་བོད་མིའི་བདེན་དོན་ཆེད་འཚེ་མེད་ཞི་བའི་ངོ་བརྒོལ་ལའང་གཡོལ་ཐབས་ཞུ་མཁན་མང་ནས་མང་དུ་འགྲོ་བའི་ཉམས་འཚོར་ཡོང་འདུག གཞིས་གནས་ཕ་མ་སོགས་དང་སྤུན་ཟླ་ཚོས་ངོ་མཇལ་སྐབས་དགའ་པོ་བྱེད་ཀྱང་དེའི་གོ་སྐབས་ཐོབ་རེས་སུ་རང་རེའི་བདེན་དོན་གྱི་ཐབས་བརྩོད་བློས་གཏོང་དགོས་གནད་སོགས་མཁྱེན་ན་ཁོང་རྣམས་ཡིད་རྨུག་པའམ་ཡིད་ཞུམ་པའི་གནས་རེད་བསམས་བཞིན་འདུག བོད་ལ་ཕེབས་ནས་ཁ་གསང་ལྡིང་གསང་གི་བཀའ་མོལ་གནང་མཁན་བྱུང་ཡོད་ན་གཉེན་འཕྲད་སྐོར་ངའི་བསམ་ཚུལ་ལ་བཀའ་ལན་ཞིག་གནང་རོགས། ཅེས་དང་། ཡང་། བོད་ཡུལ་ལ་གཏན་གྱི་བདེ་བ་དང་སོ་སོའི་ཕ་མ་སྤུན་དབུས་པའི་གཞིས་བྱེས་བོད་མི་རྣམས་རྟག་ཏུ་བྲལ་མེད་ཀྱི་ངང་གནས་ཐབས་སུ་བརྩོན་ན་ལེགས་པ་ལས་དེ་མིན་རྒྱའི་བསླུ་བྲིད་ལྕིབ་ནས་ལྕིབ་ཏུ་བཏང་ནས་རང་དབང་ལུང་པར་ཡང་ཆོག་དང་མི་ཆོག་གི་གནད་བསྡམ། གཞིས་ཡུལ་དུའང་གནར་གཅོད་དྲག་པོ་གཏོང་ངེས་པའི་དེ་དུས་གཉེན་ཞེན་ལས་རྒྱའི་ཅི་འདོད་ཞུ་མི་འཚལ་པ་མིན་པའི་ཁྱི་དང་ཉེ་ན་རྨ་དང་ཉེ་གནད་དུ་ཞུས་པ་ངའི་བསམ་ཞིབ་རེད། ཅེས་སོགས་ཞུས།།
མཚམས་འདིར་ད་རེས་ཀྱི་གནས་དོན་འགོ་བརྗོད། ། གཞིས་ལུས་ཀྱི་སེམས་ཤུག་ལ་བློ་སྤོབ། ང་བདེན་གདའ་སྙམ། ཅེས་པའི་གནས་དོན་ཐོག་ཕྲན་ཙམ་གླེང་ན། ཕྱི་ལོ་༢༠༢༥ ཟླ་ ༦ ཚེས་ ༢༤ དང་ ༢༥ བཅས་ཉིན་གཉིས་རིང་ལ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་ལོ་རེའི་བོད་དོན་བདེན་བསྐུལ་གྱི་ཉིན་མོ་དེ་གཏན་འཁེལ་ལྟར་བཅར་ཡིན། ཅིར་གྲོས་ཚོགས་ནང་རང་རང་སོ་སོའི་བཀའ་གནད་དུ་བདེན་བསྐུལ་ཞུ་མཁན་མང་དག་ཅིག་ཡོད། དཔེ་ན་ད་རེས་ཀྱི་སྐབས་ང་རང་ལ་ཕྲན་ཙམ་ཡ་མཚན་པའམ་མཁྱེན་མཚར་བ། དེ་མིན་གནས་ལུགས་ཤེས་འདོད་གནས་ཤིག་ནི་སན་ཊ། ཕརན་སིས། (Sant Francis) མཆོག་གི་དགོངས་ཚུལ་སྐོར་དོ་བསྐུལ་ཞུ་ཆེད་བཅར་ཡིན་པའི་ཡི་ཤུས་དོ་གཉེར་བ་ན་བཟའ་དཀར་པོ་མིན་པར་སྐྱ་བོ་ཅན་ཞིག་མཇལ་བྱུང་། བྲེལ་ཚབ་ཆེ་བའི་དུས་ལ་སོང་བཀའ་མོལ་མང་པོ་ཞུ་ཐབས་མིན་འདུག་ཀྱང་ཁུངས་སོ་སོའི་ད་རེས་ཀྱི་ཞུ་འབོད་སྐོར་སྟོང་མིན་ཙམ་དྲི་བཤད་བྱུང་། ཡིན་ཀྱང་བོད་རིག་ནང་པའི་ན་བཟའ་མཆོད་མཁན་ཞིག་ང་རེས་ལོ་དྲུག་ཙམ་གྱི་ཞུ་འབོད་ཀྱི་གོ་བསྐལ་ནང་མཇལ་མ་ཉུང་བསམས་བཞིན་ཡོད་ཀྱང་ང་རེས་དྲན་པས་མ་ཟིན་ལ་ལས་སྐབས་ཤིག་ཨ་རིས་གྲོས་ཚོགས་འཐུས་མི་སོགས་དང་། ཕྱོགས་མཐའ་ནས་ཕེབས་པའི་བོད་རིག་ཞུ་འབོད་པ་རྣམས་མཉམ་འཛོམས་སྐུ་དཔར་སྒྲོན་སྐབས་སྐུ་ཞབས་ལགས་གཅིག་ཕེབས་ཡོད། གང་ལྟར་ཡང་། ཞུ་གནད་གཙོ་བོ་དེ་བོད་པའི་ཆོས་དང་རིག་གཞུང་། བསྟི་གནས་དགོན་སྡེ་དང་སློབ་གཉེར་ཁང་སོགས་རྒྱ་དམར་གྱི་མེད་པར་བཟོས་དང་བཟོ་བཞིན་སོཌ་བོད་མི་རྒྱ་བསྒྱུར་བྱེད་པའི་གནད་དོན་དུ་སྤྱི་སྒེར་གྱི་མཚོན་བྱེད་སངས་རྒྱས་ཀྱི་ན་བཟའ་བྱིན་ཅན་གྱི་རླབས་ནུས་དག་བདེན་རྒྱབ་དཔུང་གཉེན་དུ་བྱུང་ན་བོད་མིའི་སྤྱི་ལུགས་ལྟར་ལྷ་མིའམ་སྐྱ་སེར་ཚང་འཛོམས་ཀྱི་ཕན་ནུས་ཆེ་བ་ཙམ་མ་ཟད་མིང་དོན་ཀྱང་མཚུངས་པའི་བསམ་ཚུལ་ཡོད་པ་འདིར་ཞུ་ལམ་ཞིག་ཐོབ་པའི་དགེ།
ད་སྐབས་ཀྱི་ཞུ་རྩ། གཞིས་ལུས་ཀྱི་སེམས་ཤུག་ལ་བློ་སྤོབ། ང་བདེན་གདའ་སྙམ། ཅེས་པའི་གནད་དོན་གཉིས་ཐོག་དངོས་སུ་ཞུ་བྱ་ལ། གསུམ་དུས་སྐད་འབོད་ལ་བཅར་མཁན་ཉུན་ནས་ཉུས་དུ་འགྲོ་རྐྱེན་གསུམ་ཞུས་པ་ནས་གཉིས་པ་གཞིས་སུ་གཉེན་ཕྲད་ཀྱི་ཐབས་སུ་འགོག་རྐྱེན། གྱིས་རྗེས་འབྲས་དེ་དག་གཞིས་ལུས་སྤུན་ཟླས་ཚོར་ནའམ་ཚོར་རྒྱུར་སོང་ཅི་མི་རུང་སྙམ་པའི་བློ་འགྱོད་ཡོང་རྒྱུའི་ཉེན་བརྡའམ་དྲན་བསྐུལ་ཞིག་ཞུ་རྒྱུ་བྱུང་། དེ་རེས་ཨ་རིའི་རྒྱལ་སར་ཞུ་འབོད་ལ་འགྲོ་སྐབས་ང་བདེན་གདའ་སྙམ་པའི་གླེང་མོལ་ཞིག་གོ་བྱུང་བ་ནི། ། དེང་སྐབས་བཙན་བྱོལ་བོད་པ་མི་ཉུང་ཙམ་ཞིག་མཉམ་འདུས་གོ་སྐབས་བཅད་ནས་བོད་ནང་ཕེབས་ལམ་འདུག་པ་ལ་རྒྱའི་བཙན་གནོན་དུ་གྱར་པའི་བོད་རིག་སྤུན་ཟླ་ཚོས་ཐུགས་གཉེས་པོའམ་ཐུགས་ལ་བབ་པོ་རང་གནང་གི་མེད་པའི་བཀའ་མོལ་ཞིག་གོ་རྒྱུ་འདུག འདི་ནི་བོད་ཡུལ་ལ་གཏན་གྱི་བདེ་བ་དང་གཞིས་བྱེས་བོད་མི་རྣམས་རྟག་ཏུ་བྲལ་མེད་ཀྱི་ངང་གནས་ཐབས་སུ་བརྩོན་ན་ད་གནས་དང་ཚེ་འདིར་གཞིས་བྱེས་གཉིས་ངོ་མཇལ་མ་བྱུང་ནའང་འགྱོད་པ་མེད་པའི་གཞིས་ལུས་ཀྱི་སེམས་ཤུག་ལ་བློ་སྤོབ། ངང་གིས་མི་སྐྱེས་སམ། དེ་ལྟར་ན། གོ་སྐབས་ཇི་ཐོབ་དཔྱད་ནས་བོད་ལ་ཕ་མ་སྤུན་གཉེན་ཐུགས་སུ་ཕེབས་མཁན་ཚོས་དགོང་བ་ཆེ་ཙམ་བཞེས་དགོས་སྙམ།
རྒྱ་དམར་པོས་ཤེས་ནའང་མ་ཤེས་མདོག་མདོག ཚོར་ནའང་མ་ཚོར་མདོག་མདོག་གིས་བོད་མི་བོད་ལ་འགྲོ་རྒྱུའི་ལག་འཁྱེར་ལེན་དུ་ཡོང་སྐབས། ཁྱེད་རང་ས་གནས་བོད་རིག་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་མིན་ནམ། གསུམ་དུས་སོགས་རྒྱ་དབུས་གཞུང་ལ་ལོ་བརྒོལ་སྐད་འབོད་ལ་འགྲོ་ཡི་མེད་དམ། རང་བཙན་མ་དངུལ་ལམ་དཔྱ་ཁྲལ་ཕུལ་གྱི་ཡོད་དམ་སོགས་ཀྱི་དྲི་བ་མང་པོ་གཏོང་བཞིན་དག་ལ་ལན་བདེན་རྫུན་ཅི་འདྲ་རྒྱབ་མིན་མ་བལྟོས་པར་དོན་དུ་རྒྱ་ཡིས་མཁས་པོའི་ངང་དེ་དག་བྱེད་ཆོག་གི་མ་རེད་ད་ཅེས་སྐོར་ནས་དོན་བསྒྲུབ་ཐབས་སུ་འབད་རེད། ང་རང་ཚོས་ཕ་མེས་སོད་མཁན་དང་ཕ་ཡུལ་བཅོམ་མཁན་གྱི་ལག་དམར་ལ་དབུ་འོག་དཔུང་འདེགས་མིན་ཀྱང་ཤུགས་ཀྱི་རྒྱ་ལ་ངོ་བརྒོལ་སོགས་སུ་ཕེབས་རྒྱུ་ཉུང་ནས་ཉུང་དུ་བཏང་བ་སོགས་ནི་ཁོ་ཚོས་དྲི་བ་ཁག་གིས་དམིགས་བསམ་མམ་དགོས་དོན་བསྒྲུབས་རེད། སྐྱ་བོས་གྲ་ཆས་གྱོན། གྲ་བརྩུན་སྐྱ་ཆས་གྱོན། མགོ་བཀབ། གདོང་ལ་སྦག་གྱོན་པ་སོགས་ཐབས་ལམ་མིན་འདུག་གམ། གདོང་ལ་སྦག་གྱོན་ལམ་ལས་འཛམ་གླིང་དང་སོ་སོའི་གནས་ཡུལ་རྒྱལ་ཁབ་ལའང་ཉེན་བརྡ་ཞིག་ཀྱང་གཏོང་ཐུབ་པས་མི་དགེ་གམ། ཕ་མ་སྤུན་སོགས་ཀྱི་བོད་ལ་རྩ་ལོག་བྱས་ཤོག དེ་མིན་བོད་མིན་རྒྱ་མིན་གྱི་བྱ་ལམ་དེ་ཡག་པོ་མ་རེད་དམ། ང་ཚོ་མི་དགའ་ཅེས་ཕལ་ཆེར་གསུང་མ་སྲིད་མ་རེད་དོ། གསུང་དགོས་བྱུང་དུས་བདག་གཞན་གཉིས་ཀ་སྡུག་གནས་སུ་གྱར་རོ།།
མི་ལོ་བཅུ་ཕྲག་དྲུག་དང་ཕྱེད་ལ་སླེབས་སོང་།
བོད་ཀྱི་རྩ་དོན་བོད་མིའི་མི་སྒྲུབ་ན་སུ་གི་སྒྲུབ།
དོ་ཆེན་སྒྲུབ་ལ་ངང་རིང་དགོས།
ཆུ་ཆེན་བགྲོད་ལ་ཟམ་ཆེན་དགོས།
ཉི་མ་སྤྲིན་ནག་འོག་ནས།
དཱངས་བའི་དུས་ཤིག་སླེབས་ཡོང་།