Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།

Posted on 2025-06-17 By ཁ་བརྡ་ 1 Comment on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།

མགར་རྡོར།

1  སངས་རྒྱས་སྒྲོལ་མས། མི་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་ཞིག་ལ། སངས་རྒྱས་གོའུ་ཏ་མ།  ས་འདི་ནས་འཁྲུངས་པ་རེད་ཟེར། ལོས་ཡིན། སྐྱབས་སུ་མཆི། གོའུ་ཏ་མའི་ཨ་ཕའི་ཨ་ཕ་བུ་རམ་གྱི་ཤིང་སྡོང་ཞིག་ལས་སྐྱེས་པ་རེད་ཟེར། ལོས་ཡིན། སྐྱབས་སུ་མཆི། གོའུ་ཏ་མའི་ཨ་མྱེ་ཞིག་གི་མིང་ལ་ཡང་གོའུ་ཏ་མ་ལབ་གི་རེད་ཟེར། ལོས་ཡིན། སྐྱབས་སུ་མཆི། འདུལ་བ་ལུང་ལྟར་ན། གོའུ་ཏ་མའི་མི་རྒྱུད་ལ་ལོ་ངོ་ས་ཡ་བརྒྱད་ཀྱི་ལོ་རྒྱུས་བཤད་རྒྱུ་ཡོད་རེད་ཟེར། ལོས་ཡིན། སྐྱབས་སུ་མཆི། ལོ་རྒྱུས་བཤད་མཁན་ཉན་ཐོས་ཆེན་པོ་ཤཱ་ར་དྭ་ཏིའི་བུ་རེད་ཟེར། ཁོང་གིས་ཀྱང་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས་གསུང་བ་རེད་ཟེར། ལོས་ཡིན། སྐྱབས་སུ་མཆི།

2  སངས་རྒྱས་གོའུ་ཏ་མ་འཁྲུངས་སྟངས་དེ། ཁྱོད་སྐྱེ་སྟངས་དང་མི་འདྲ་ཟེར། དེ་ཡང་ལོས་བདེན། ཁོང་སངས་རྒྱས་རེད་མོད། སྐྱབས་སུ་མཆི། སངས་རྒྱས་གོའུ་ཏ་མ་མོ་མཚན་ནས་སྐྱེས་པ་མ་རེད། མཆན་ཁུང་ནས་འཁྲུངས་པ་རེད་ཟེར། དང་པོ་ང་རྦད་དེ་མགོ་འཐོམ་སོང་། ཡང་ཅུང་ཙམ་རྗེས་ལ། ཅིག་བྱས་ན་མི་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་དེ་བར། མི་ཆེན་སྐྱེས་ཆེན་དེ་ཚོ་མཆན་ཁུང་ནས་འཁྲུངས་གི་ཡོད་ན་ཐང་བསམ་སོང་མོད། མཆན་ཁུང་ན་མི་ཞིག་སྐྱེ་སའི་ཁུང་བུ་ཞིག་ད་སྔ་བར་མཐོང་མྱོང་མེད་པས། ཡང་ང་རྦད་དེ་མགོ་འཐོམ་སོང་། འོན་ཀྱང་མཆན་ཁུང་གཉིས་སུའང་མོ་མཚན་དང་འདྲ་བར། སྤུ་རིང་པོ་ནག་སོབ་སོབ་ཏུ་སྐྱེས་ཡོད་པ་མཐོང་མྱོང་ཡོད་པས། ཅིག་བྱས་ན་ངས་མ་མཐོང་བ་མ་གཏོགས་སྤུ་གསེབ་ཏུ་ཁུང་བུ་ཆུང་ཆུང་རེ་ཡོད་ནའང་ཐང་བསམ་ནས། སྤུ་ཚོགས་ཀྱིས་ཁེངས་པའི་སངས་རྒྱས་སྒྲོལ་མའི་མཆན་ཁུང་གཉིས་ལ་ཡང་ཡང་བལྟ་དགོས་ཐུག་སོང་།

3  སངས་རྒྱས་སྒྲོལ་མའི་མཆན་ཁུང་གཉིས་ན་མི་ཞིག་སྐྱེས་སའི་ཁུང་བུ་ཞིག་ཤིག་བཙལ་བཙལ་བྱས་ཀྱང་རྙེད་མ་སོང་། འོན་ཀྱང་ད་རུང་སྣང་བ་འཁྲུལ་བར་སྲིད་པས་མྱོང་བ་མངོན་སུམ་ལ་ཡིད་མ་ཆེས་པར། ཚུལ་གསུམ་རྟགས་ཡང་དག་གིས་ཤ་གཙབ་གཙབ་ཅིག་བྱས་ནའང་། མཇུག་འབྲས་གཅིག་པ་རེད། སྒྱུ་འཕྲུལ་མ་དང་སངས་རྒྱས་སྒྲོལ་མ་གཉིས་ལ་ཡག་བཙོག་གིས་ཁྱད་པར་ཅུང་ཡོད་ན་ཐང་མོད། མཆན་ཁུང་དང་མཆན་སྤུ་ལ་ནི་ཁྱད་པར་མེད་ཐག་ཆོད་པས།  གོའུ་ཏ་མ་མཆན་ཁུང་ནས་སྐྱེས་པ་མིན་པར་རྦད་དེ་རང་ཐག་ཆོད་སོང་། དེ་བས་དཀྲོགས་གཏམ་འདི་དང་པོ་སྤེལ་མཁན་ལིམ་བི་ནིའི་རྒན་མོ་ཞིག་ཡིན་པ་ཐག་ཆོད་ཡིན་བསམ་ནས། མི་ལོ་ཉིས་སྟོང་ལྔ་བརྒྱ་ལོན་པའི་རྒན་མོ་ཞིག་བཙལ་ཏེ་གསལ་བོར་འདྲི་དགོས་བསམ་ཡང་། ལིམ་བི་ནིའི་རྒན་མགོ་དཀར་དག་ལ་རེ་རེ་བཞིན་དྲིས་ནའང་། བརྒྱད་ཅུའི་སྒང་ལ་འདྲི་ས་རག་མ་སོང་།

4  ཡང་བསམ་བློ་གཞན་ཞིག་བཏང་ན། ཅིག་བྱས་ན་སངས་རྒྱས་གོའུ་ཏ་མ་འཁྲུངས་དུས་འགྲམ་གྱི་མི་དེ་ཚོས། མོ་མཚན་དང་མཆན་ཁུང་ནོར་བ་ཡིན་ན་ཐང་བསམ་སོང་མོད། འོན་ཀྱང་སངས་རྒྱས་སྒྲོལ་མས་དེ་ནི་གཏན་ནས་ནོར་མི་སྲིད་པ་ཞིག་རེད་ཅེས་རྦད་དེ་ཁས་བླངས་མ་སོང་། ཡང་བསམ་བློ་གཞན་ཞིག་བཏང་ན། ཅིག་བྱས་ན་སྒྱུ་འཕྲུལ་མའི་མོ་མཚན་མཆན་ཁུང་ན་ཡོད་དེ། དངོས་གནས་མཆན་ཁུང་ནས་འཁྲུངས་པའང་ཡིན་ན་ཐང་བསམ་སོང་མོད། སངས་རྒྱས་སྒྲོལ་མས་དེ་ཡང་གཏན་ནས་ཁས་བླངས་མ་སོང་། གལ་སྲིད་གོའུ་ཏ་མ་དངོས་གནས་མཆན་ཁུང་ནས་འཁྲུངས་པར་གཏན་ཁེལ་དགོས་ན། ད་ནི་རིགས་པས་བསྒྲུབ་རྒྱུ་མ་གཏོགས་ཐབས་མེད་རེད། ཟས་གཙང་མའི་ལིངྒ་ཧ་ཅང་རིང་པོ་ཅུང་གཡས་ལ་ཕྱོགས་པ། སྒྱུ་འཕྲུལ་མའི་མངལ་གནས་ཀྱང་གློ་བའི་གཡས་འགྲམ་ན་ཡོད་པ། ད་རུང་མངལ་སྒོ་ཡང་ཁ་གནམ་ལ་འཁོར་བ། དེ་ལ་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པས་མཆན་ཁུང་ལ་བུ་ག་རྡོལ་སྟེ་འཁྲུངས་སོ་ཞེས་ལབ་རྒྱུ་རེད། རིགས་ལམ་མ་སྦྱང་བའི་སངས་རྒྱས་སྒྲོལ་མས་ད་ཐེངས་དགག་པ་བརྒྱབ་མ་སོང་ལ་མོས་མཐུན་ཡང་བྱས་མ་སོང་།

5  སངས་རྒྱས་སྒྲོལ་མས། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ།། ས་ཆེན་འདི་ལ་གོམ་པ་བདུན་བོར་ནས།། ཞེས་སྔོན་ལ་བཏོན་སོང་། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུང་།། དེ་ཚེ་མཁས་པ་ཁྱེད་ལ་ཕྱག་འཚལ་ལོ།། ཞེས་ངེད་གཉིས་མཉམ་དུ་བཏོན་ཡིན། སངས་རྒྱས་གོའུ་ཏ མ་མ་གཏོགས་སྐྱེས་མ་ཐག་ཡར་ལངས་ནས་འགྲོ་ཐུབ་མཁན་ཞིག་ཡོད་རྒྱུ་མ་རེད་ཟེར། ད་རུང་ང་ལ་ཁྱོད་ལོ་གཅིག་འགོར་ནའང་ད་རུང་ཡར་ལངས་མི་ཐུབ་ནི་ཅན་པོ་ཡིན་ན་ཐང་ཟེར། རྟ་དང་བ་གླང་། ནོར་དང་ལུགས་སོགས་སྐྱེས་མ་ཐག་ཡར་ལངས་ནས་འགྲོ་ཐུབ་པ་མཐོང་མྱོང་ཡོད་མོད། འོན་ཀྱང་མི་ཞིག་སྐྱེས་མ་ཐག་ཡར་ལངས་ནས་འགྲོ་བ་དེ་འདྲ་གཏན་ནས་མཐོང་མྱོང་མེད་པས། ཡང་ང་རྦད་དེ་མགོ་འཐོམ་སོང་། འོན་ཀྱང་བསམ་བློ་ཁ་ཐུག་བཏང་ན། ནོར་ངོ་མ་ང་སྐྱེ་སྟངས་དེ་ནོར་མི་འདུག། གོའུ་ཏ་མ་འཁྲུངས་སྟངས་དེ་ནོར་ཡོད་པ་འདྲ།

6  སངས་རྒྱས་སྒྲོལ་མས། ང་ལ་ཁྱོད་དང་སངས་རྒྱས་གོའུ་ཏ་མ་གཉིས་འདྲ་གི་མ་རེད་ཅེས་ཡང་ཡང་བསྙད་བསྐོས་སོང་བས། ང་ཡང་འདུག་མ་བཟོད་པར། འདྲ་གི་རེད། ཕལ་ཆེར་ཕལ་ཆེར་འདྲ་གི་རེད། འོན་ཀྱང་ཚང་མ་འདྲ་གི་མ་རེད། སངས་རྒྱས་གོའུ་ཏ་མ་སྐྱེས་མ་ཐག་ཡར་ལངས་པ་རེད། ང་སྐྱེས་ནས་ལོ་གཅིག་འགོར་རྗེས་ཡར་ལངས་པ་རེད།  ངེད་གཉིས་ལ་ལོ་གཅིག་གིས་ཁྱད་པར་མ་གཏོགས་མེད་གི། ང་ཨ་མའི་སྨད་ཕྱོགས་རྐུབ་ནས་སྐྱེས་པ་རེད། གོའུ་ཏ་མ་ཨ་མའི་སྟོད་ཕྱོགས་མཆན་ཁུང་ནས་འཁྲུངས་པ་རེད། སྐྱེ་སའི་གནས་ལའང་མཐོ་གསུམ་ཙམ་གྱིས་མཐོ་དམན་མ་གཏོགས་མེད་གི། ང་སེམས་ཅན་འདོགས་ས་ཤོད་ནས་ཨ་མ་གཅིག་པོས་སྐྱེས་པ་ཡིན་ཟེར་མྱོང་། གོའུ་ཏ་མ་བསིལ་གྲིབ་ལྡན་པའི་ལྗོན་ཤིང་ཞིག་གི་ཡལ་གའི་འོག། ཞལ་ཏ་མ་མང་པོས་སྐྱེ་རོགས་བྱས་ནས་འཁྲུངས་འདུག། འོན་ཀྱང་སྐྱེ་ས་མ་འགྲིག་པའམ། སྐྱེ་སྟངས་མ་འགྲིག་པ་ཅིག་ཡིན་ས་རེད། སྐྱེས་ནས་ཞག་གསུམ་མ་གཏོགས་མ་འགོར་བར་ཨ་མ་གྲོངས་འདུག།  ངའི་ཨ་མ་རང་ལོ་བརྒྱད་ཅུ་བརྒལ་ནས་ད་རུང་བདེ་འཚམས་ཡིན།

7  སངས་རྒྱས་གོའུ་ཏ་མ་སྐྱེས་མ་ཐག་ཡར་ལངས་པ་བདེན་མོད། འོན་ཀྱང་ཡར་ལངས་ནས་གོམ་པ་བདུན་མ་གཏོགས་བོར་ཐུབ་མི་འདུག། ང་ནི་སྐྱེས་མ་ཐག་ཡར་ལངས་མ་ཐུབ་པ་བདེན་མོད། འོན་ཀྱང་ལོ་གཅིག་གི་རྗེས་ཡར་ལངས་ནས་གོམ་པ་བདུན་ལས་མང་བ་བོར་ཐུབ་ཡོད། དེ་བས་སངས་རྒྱས་གོའུ་ཏ་མ་དང་ངེད་གཉིས་གཅིག་པ་མིན་ཡང་འདྲ་བོ་འདྲ་བོ་རེད། སྤྱིར་ན་གོའུ་ཏ་མ་མ་གཏོགས་སྐྱེས་མ་ཐག་ཡར་ལངས་ནས་འགྲོ་ཐུབ་མཁན་ཞིག་བྱུང་མྱོང་མེད་པས། ཁོང་རང་ཐོག་མ་རེད་ལ་མཐའ་མའང་ཡིན་རྒྱུ་རེད། མཐའ་ན་འཁོར་བ་འཇིག་དང་གསེར་ཐུབ་འོད་སོགས་ཀྱང་འཁྲུངས་མ་ཐག་ཡར་ལངས་ནས་སོང་བ་དེ་འདྲ་གོ་མྱོང་མེད། མ་འོངས་པར་བྱམས་པ་མགོན་པོ་ཡང་དཀའ་རྒྱུ་རེད་བསམ་གི།

8  སངས་རྒྱས་གོའུ་ཏ་མས་ས་ཆེན་ལ་གོམ་པ་བདུན་ཐོག་མར་བོར་དུས། ཞབས་རྗེས་ནས་མེ་ཏོག་བདུན་ཆེད་དུ་སྐྱེས་པ་རེད་ཟེར། འོན་ཀྱང་སངས་རྒྱས་གོའུ་ཏ་མ་ཆེན་པོ་ཆགས་དུས། དོན་དེ་དྲན་གི་ཡོད་མེད་གང་ཤེས། ངས་ནི་ས་ཆེན་ལ་གོམ་པ་མང་པོ་བོར་དུས། ཆེད་དུ་སྐྱེས་པ་ཡིན་མིན་གང་ཤེས་ཏེ། མེ་ཏོག་བདུན་ལས་མང་བ། སྣ་བརྒྱའི་མེ་ཏོག་རྣམ་པར་བཞད་ཡོད་པ་གསལ་བོར་དྲན་གི། སྤྱིར་ན་དབྱར་ཁ་མེ་ཏོག་སྐྱེ་བ་དང་དགུན་ཁ་ཁ་བ་འབབ་པ་ལྟ་བུ་ནི་གོའུ་ཏ་མ་སྐྱེས་མ་སྐྱེས་ལ་འབྲེལ་བ་གང་མེད་མོད། རིག་བྱེད་པའི་བྲམ་ཟེ་དེ་ཚོ་རྫིག་པོ་བཟོ་རྒྱུར་དགའ་དྲགས་པས། གོའུ་ཏ་མ་ཡང་བྲམ་ཟེ་དེ་ཚོའི་ལག་ཏུ་ཤོར་སོང་བ་མིན་ནམ་སྙམ་གི

9  ལིམ་བིའི་ཚལ་ནས་ཤཱཀྱའི་གྲོང་ཁྱེར་ལ་ཐག་མི་རིང་བ་ཤེས་མོད། ས་ཆ་གང་ཡིན་ཏག་ཏག་ཅིག་སུས་ཀྱང་མི་ཤེས། གལ་སྲིད་ཏག་ཏག་ཅིག་ཤེས་ན། གནའ་བོའི་གྲོང་ཁྱེར་དེ་ལ་འཆམ་འཆམ་ཞིག་བྱེད་ན་འདོད་སོང་། བདུད་ལྷས་བྱིན་དང་སངས་རྒྱས་གོའུ་ཏ་མ་གཉིས་མཉམ་དུ་ཡང་ཡང་སོང་མྱོང་བའི་ས་ཆ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཏན་ནས་མཐོང་ཡ་མེད་པའི་གནས་ཆེན། འཇིག་རྟེན་དགའ་བའི་དཔལ་ལ་རོལ་སའི་གནས་མཆོག་མེ་ཏོག་གླིང་ལའང་མཇལ་འདོད་ཆེན་པོ་ཞིག་སྐྱེས་སོང་། ལྷག་ཏུ་གོའུ་ཏ་མ་ནེ་ར་ཇྱ་ནར་འབྲོ་སའི་གློ་སྒོ་དང་། གོའུ་ཏ་མས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཐོག་མར་མཐོང་ས། ཕྱོགས་བཞིའི་སྒོ་ཆེན་བཞི་ལའང་རྒྱང་མཇལ་ཞིག་བྱེད་ན་འདོད་སོང་།

10  སངས་རྒྱས་སྒྲོལ་མས། ངེད་གཉིས་ཤཱཀྱའི་གྲོང་ལ་མི་འགྲོ་ཟེར། གྲོང་ཁྱེར་གྱི་ཕྱོགས་བཞིའི་སྒོ་བཞི་ལ་ལྷག་ཏུ་མི་འགྲོ་ཟེར། རྒྱུ་མཚན། མི་ལོ་ཉིས་སྟོང་ལྔ་བརྒྱའི་སྔ་གཞུག་ལ་ཁྱད་པར་མེད་པར།  སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཁུར་བའི་མི་ནི་ད་རུང་སྔར་ལས་མང་མིན་ན་ཉུང་མ་རེད་ཟེར། ཁྱོད་ལ་འཁོར་བའི་སྡུ་བསྔལ་མཐོང་ནས་ནེ་ར་ཇྱ་ནར་འབྲོ་འདོད་རེ་སྐྱེས་བཞག་ན། ཅིག་བྱས་ན་བུད་འགྲོ་ན་ཐང་མོད། འོན་ཀྱང་ང་ནི་འཇིག་ཟིན་པའི་མཁར་ཤུལ་རྙིང་ཀོག་འདི་བསྲུངས་ནས་ཁེར་འདུག་བྱེད་མི་འདོད་ཁོ་ཁག་ཡིན་ཟེར། ད་རུང་གྲགས་འཛིན་མ་ནང་བཞིན་དེ་འདྲའི་ལོ་མང་པོར་སྒུག་ཀྱང་མི་ཐུབ། ལྷག་ཏུ་འོ་མའི་ཚལ་དུ་ཁྱོད་སར་ཡོང་ནས་ཇོ་མོ་དེ་འདྲ་གཏན་ནས་བཟོ་མི་ཐུབ་ཟེར་རོ།།

2024.12.11 ཉིན་ལིམ་བིའི་ཚལ་དུ་སྦྱར་རོ།།

ངོ་སྤྲོད།, བསམ་ཚུལ།

Post navigation

Previous Post: ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
Next Post: ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།

Comment (1) on “སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2025-06-17 at 11:08 pm

    འགོ་ནས་འཇུག་བར་ཀློག་ཡིན། དཔྱད་རྩོམ་གྱི་ནང་དོན་སྙིང་པོ་རྟོགས་མ་སོང་། དེ་ནི་ང་རང་ལ་དཔྱད་ཤེས་ཀྱིས་ནུས་པ་མེད་པ་དང་། མཐོང་རྒྱ་དང་ཐོས་རྒྱ་དམན་པའི་སྐྱོན་ཙམ་ལས་རྩོམ་པ་པོའི་དཔྱད་རྩོམ་ལ་རྒྱུ་ཚན་ཡོད་པ། དོན་སྙིང་ཡོད་པ། གོ་རྒྱུ་ཡོད་པ། དུས་རབས་དང་མཐུན་པའི་གསར་བརྗེ་ལ་ཁ་ཕྱོགས་འདོད་པའི་ཚོར་སྣང་ཡང་དེ་མུར་ཤར་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme