ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། Posted on 2025-05-202025-05-20 By ཁ་བརྡ་ No Comments on ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། གཞུང་པ་ཚེ་དབང་བསོད་ནམས། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་རླབས་ཆེན་གྱི་དབུ་ཁྲིད་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཟི་བརྗིད་དང་མཛད་པ་འཕྲིན་ལས་ལ་བརྟེན་ནས་ཨ་རིའི་རླུང་འཕྲིན་ཁང་གི་སྒྲིག་འཛུགས་འོག་བོད་སྐད་སྡེ་ཚན་ ༼ VOA ༽ དང་ ༼ RFA ༽ རླུང་འཕྲིན་ཁང་གཉིས་ནས་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་གནང་ནས་༧ གོང་ས་མཆོག་གི་མཛད་པ་འཕྲིན་ལས་སྐོར་དང་། བོད་མི་གཞིས་བྱེས་གཉིས་ཀྱི་གནས་སྟངས་སྐོར་ལྷག་པར་དུ་རྒྱ་མིའི་བཙན་འོག་ཏུ་ཡོད་པའི་བོད་མི་ཚོར་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་སྨྲ་བརྗོད་རང་དབང་དང་འགྲོ་སྡོད་རང་དབང་སོགས་མེད་པའི་དངོས་ཡོད་གནས་ཚུལ་རྣམས་་འཛམ་གླིང་མི་མང་ལ་བདེན་དཔང་དུ་དུས་ཐོག་ཐད་གཏོང་ཐུབ་པའི་བརྒྱུད་རིམ་ནས་ང་ཚོར་རོགས་རམ་དང་མཐུན་རྒྱུར་རྒྱབ་སྐྱོར་གནང་མཁན་སོགས་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་བཞིན་པ་འདི་ཡང་གཙོ་བོ་༧ གོང་ས་མཆོག་གིས་རླབས་ཆེན་མཛད་འཕྲིན་དང་ཐུགས་བསྐྱེད་སྨོན་ལམ་ནས་བྱུང་བ་དང་ཡང་དགོས་རླུང་འཕྲིན་ཁང་གཉིས་ཀྱིས་ལས་བྱེད་ཚོའི་ཉིན་མཚན་མེད་པར་ལྷག་བསམ་ཆེན་པོའི་འགན་འཁུར་བླངས་པ་ནས་བྱུང་བ་དང། གནས་ཚུལ་སྤེལ་བའི་བརྒྱུད་རིམ་ནས་རླུང་འཕྲིན་ཁང་གཉིས་དེ་ང་ཚོའི་སྨྲ་བརྗོད་རང་དབང་གི་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པ་དང་། ཉེ་ལམ་ཨ་རིའི་སྲིད་གཞུང་གསར་པས་རོགས་དངུལ་བཀག་པ་ནས་གནས་སྐབས་རླུང་འཕྲིན་ཁང་གཉིས་ཀྱིས་ལས་རིམ་འགྲོ་མ་ཐུབ་པ་ནི་ང་ཚོ་བོད་མི་ཚོར་མཚོན་ན་སྨྲ་བརྗོད་ཀྱི་རང་དབང་ལ་དོ་ཕོག་བྱུང་བར་བློ་ཕམ་དང་སེམས་ཚབ་བྱུང་བ་མ་ཟད་བོད་དང་བོད་མིར་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་མང་པོར་བློ་ཚབ་བྱུང་ཡོད་ན་ཡང་རྒྱ་ནག་དམར་གཞུང་དང་རྒྱ་ནག་གི་མངོན་འདོད་སྒྲུབ་མཁན་གྱི་རང་རིགས་མི་ཉུང་བ་ཞིག་ནས་སྐད་གསང་མཐོན་པའི་གཏམ་བཟང་རེད་ཟེར་བ་དང་དགའ་བསུ་ཞུ་མཁན་ཡང་ཡོད་འདུག་པ་དེ་དག་ནི་ལག་པའི་ཕྱི་དང་ནང་མི་ཤེས་མཁན། བཀའ་དྲིན་ལ་ལོག་མཇལ་བྱེད་མཁན། སྨད་བུད་གོང་ཆད་ཐ་ཤལ་ལ་ངོས་འཛིན་བྱེད་ཆོག་པ་དང་། དབུས་བོད་མིའི་སྒྲིགས་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང་ལྷག་དོན་དུ་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་ལྷན་ཁང་ནས་གྲོས་ཆོད་ཀྱིས་ལམ་ནས་ཨ་རིའི་སྲིད་གཞུང་ལ་ད་ལྟ་བར་རོགས་དངུལ་མཐུན་རྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ་དགོས་པ་དང་རླུང་འཕྲིན་ཁང་གཉིས་ཀྱིས་ལས་རིམ་ཁག་མུ་མཐུད་ནས་སྔར་ལམ་བཞིན་སླར་གསོ་ཡོང་བའི་ཞུ་སྙན་ཡིག་ངག་གཉིས་ནས་འབུལ་དགོས་པ་དེ་བོད་མི་མང་གིས་སྐུ་ཚབ་ཡིན་པའི་ལས་འགན་སྒྲུབ་དགོས་པ་དང་། ཨ་རིའི་བོད་སྐད་སྡེ་ཚན་གྱི་རླུང་འཕྲིན་ཁང་གཉིས་དེ་བོད་མི་མང་གིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པ་བོད་མི་ཚང་མས་ངེས་པར་དུ་གསལ་པོ་མཁྱེན་དགོས་པ་ནི་རླུང་འཕྲིན་ཁང་འདི་གཉིས་བརྒྱུད་ནས་༧ གོང་ས་མཆོག་གི་རླབས་ཆེན་གྱིས་མཛད་འཕྲིན་ཁག་དང་གཞིས་བྱེས་བོད་མིའི་གནས་ཚུལ་རྣམས་འཛམ་གླིང་མི་མང་ལ་ཐད་ཀར་དུས་ཐོག་གཏོང་ཐུབ་མཁན་རླུང་འཕྲིན་ཁང་དེ་གཉིས་ཡིན་པའི་ངོ་སྤྲོད་ཡང་ཞུ་འདོད་བྱུང་། བསམ་ཚུལ།