Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

 ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།

Posted on 2025-04-28 By ཁ་བརྡ་ 2 Comments on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།

 གཞུང་པ་ཚེ་དབང་བསོད་ནམས།   

 ཨ་རིས་མཚོན་པའི་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཚོའི་རོགས་དངུལ་མང་ཆེ་བ་འགྲོ་བ་མིའི་བདེ་རྩའི་ཆེད་གནང་གི་ཡོད་པ་དང་།   ཁག་གཅིག་ཆབ་སྲིད་དང་དམག་དོན་ལ་ཁ་ཕྱོགས་ནས་ཕྱོགས་གཏོགས་འགན་འཁུར་འོག་ཏུ་རོགས་དངུལ་གནང་བཞིན་པ་དང་།   ང་ཚོ་བོད་མི་ཚོར་རོགས་དངུལ་གནང་བ་དེ་ཚོ་འགྲོ་བ་མིའི་བདེ་རྩ་ལ་དམིགས་ནས་གནང་བཞིན་པ་དང་།   རྒྱ་མིས་བོད་བཙན་བཟུང་གིས་༧ གོང་ས་མཆོག་གི་དབུ་ཁྲིད་འོག་བོད་མི་བརྒྱད་ཁྲི་ལྷག་ཙམ་ཞིག་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་འབྱོར་བ་ནས་དུས་ད་ལྟ་བར་མི་ལོ་དྲུག་ཅུ་ལྷག་ཙམ་རིང་ང་ཚོ་ཕྱིའི་རོགས་དངུལ་ལ་སྐྱབས་བཅོལ་ནས་འཚོ་བ་སྐྱེལ་བཞིན་པ་དེ་བོད་མི་ཚང་མས་ཤེས་པ་གནང་ནས་ད་ཆ་ང་ཚོ་སོ་སོའི་རྐང་པའི་ཐོག་སོ་སོ་རང་ཉིད་ལངས་ཐུབ་པའི་འགན་འཁུར་འོག་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་པ་ནི་ཉེ་ལམ་ཨ་རིས་གཞུང་གསར་པས་ཕྱི་ཁག་ལ་གནང་བཞིན་པའི་རོགས་དངུལ།  ༼  USAID ༽   ༼  DRL ༽  ༼  PRM ༽  བཅས་དེ་དག་གནས་སྐབས་ཉིན་གྲངས་དགུ་བཅུ་རིང་བཀག་རྒྱུའི་གསལ་བསྒྲགས་ཕེབས་པ་ནས་ང་ཚོའི་ད་དུང་མུ་མཐུད་ནས་རེ་བ་བཅོལ་རྒྱུ་དེ་མི་རིགས་ཞིག་འཚོ་གནས་ཐུབ་པའི་དཔལ་འབྱོར་འདུ་འགོད་ཀྱི་སྲིད་བྱུས་ཡང་དག་ཞིག་ཡིན་པ་དུས་ནམ་ཡང་ཁས་ལེན་མི་ཐུབ་པ་ནས་ང་ཚོ་འགྱེལ་ས་ནས་ལངས་ཐུབ་པ་དང་ལངས་ས་ནས་འགྲོ་ཐུབ་པའི་ཐབས་ལམ་ཚོལ་དགོས་པ་དེ་ཕྱི་སྐྱོན་མེད་ན་ཡང་སྔ་སྐྱོན་གང་ནས་ཡོད།  ཨ་རིས་མཚོན་པའི་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ལ་ང་ཚོའི་མུ་མཐུད་ནས་ལག་པ་སྐྱང་ནས་མ་བཞུགས་པར་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས།  ༼  བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས།   ༢༠༡༤   THE  TIBETAN  REHABILITATION  POLICY -2014 ༽  ཞེས་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གལ་ཆེའི་ཡིག་ཆ་འདི་བརྒྱུད་ནས་བོད་མི་བཙན་བྱོལ་བ་ཚོའི་འཚོ་བའི་མདུན་ལམ་གཞན་ལ་བརྟེན་མ་དགོས་པ་རང་ཁ་རང་གསོ་དང་།  རང་མི་རང་ལས།  རང་དོན་རང་གཅེས།  རང་འགན་རང་འཁུར་བྱས་ནས་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་འདི་གཞིས་བྱེས་མཉམ་འཛོམས་མ་ཐུབ་བར་མུ་མཐུད་ནས་སྲ་བརྟན་དང་རྒྱུན་གནས་ཐུབ་དགོས་པའི་འགན་དེ་བོད་མི་བཙན་བྱོལ་བ་ཚང་མར་ཡོད་པ་བཅའ་ཁྲིམས་དོན་ཚན་བཅུ་སུམ་ནས་ངོ་སྤྲད་ཡོད་པ་མཁྱེན་པ་གནང་ནས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་ནས་སྤྱི་སྒེར་ཚང་མས་ཡོང་འབབས་ལས་གཞི་བཟོ་ལས་འདྲ་མིན་བཙུགས་ནས་སྤྱི་སྒེར་གཉིས་ཀྱི་དཔལ་འབྱོར་འདུ་འགོད་ཁྲིམས་མཐུན་འོག་གཉེར་དགོས་པ་མི་ནི་རིགས་ཞིག་གཞན་བརྟེན་འཚོ་བ་ལས་གྲོལ་ཐུབ་པའི་དཔལ་འབྱོར་འདུ་འགོད་ཀྱིས་ཐབས་ལམ་བཟང་ཤོས་དེ་ཡིན་པའི་ངོས་འཛིན་དང་བཅས་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་མང་གཙོའི་ཀ་བ་འཛིན་སྐྱོང་བཀའ་ཤག་དང་།  ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས།  ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་།  ཁྱབ་ཆེ་བའི་རྒྱ་ཆེ་མང་ཚོགས་བཅས་ནས་གུས་པའི་བསམ་ཚུལ་ལ་ཐུགས་ཞིབ་གནང་བའི་ཡིད་ཆེས་དང་བཅས་མི་ལོ་དྲུག་ཅུའི་རྗེས་ནས་ང་ཚོ་ཨ་རིས་མཚོན་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རོགས་དངུལ་གྱིས་འོག་ནས་གྲོལ་ཐུབ་པའི་ཐབས་ལམ་བཟང་ཤོས་དང་བརྟན་ཤོས་དེ་མུ་མཐུད་ནས་རོགས་དངུལ་ལ་སྐྱབས་བཅོལ་ནས་མ་བཞུགས་པར་རང་ཁ་རང་གསོ།  རང་མི་རང་ལས།  རང་དོན་རང་གཅེས།  རང་འགན་རང་གིས་འཁུར་ནས་འཛམ་གླིང་འདིའི་ཐོག་འཚོ་བའི་མི་རིགས་སྤྱི་མཚུངས་ལྟར་འགྱེལ་ས་ནས་ལང་ཐུབ་པ་དང་ལང་ས་ནས་འགྲོ་ཐུབ་དགོས་པའི་དུས་ལ་བབས་མི་འདུག་གམ། 

བསམ་ཚུལ།

Post navigation

Previous Post: ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
Next Post: མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།

Comments (2) on “ ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2025-04-28 at 7:22 pm

    ནོར་བཅོས། གཉེར་དགོས་པ་མི་ནི་རིགས་ཞིག འདི་གཉེར་དགོས་པ་ནི་མི་རིགས་ཞིག

  2. ཚེ་བརྟན་འགྱུར་མེད། says:
    2025-05-01 at 10:22 am

    ༈ གཞུང་པ་ལགས། རང་ཁ་རང་གསོ། རང་མི་རང་ལས། རང་དོན་རང་གཅེས། རང་འགན་རང་འཁུར་རྣམས་ནི་ཡང་དག་པ། ངོམས་སུ་ཆོག་པ། གོང་བཀུར་གྱི་རྣམ་བཞག་དང་དེ་ཕྱོགས་སུ་འབད་ན་བསྒྲུབ་ཐུབ་པའི་ལམ་བཟང་ཞིག་ཡིན་པ་ཉིད་ལ་ཡིད་ཆེ་བརྟན་པོ་འདུག་པ་ལྟར་གཞན་ཚོ་ལའང་དེ་ལྟར་ཡོད་རེ་ཆེ། སྐབས་བབས་སུ་གནས་དོན་འདི་ཐད་གཞུང་དང་མི་དམངས་ཞེས་ཕྱོགས་སུ་གཉིས་སུ་དབྱེ་ནས་གླེང་དགོས་གནད། དེ་གཉིས་ནས་ཀྱང་གནད་ཆེ་བ་ནི་མི་དམངས་ལ་ཡང་དག་པ་དང་ངོམས་སུ་ཆོག་པ། གོང་བཀུར་འོས་པའི་གོང་ཞུས་རྣམ་བཞག་བཞི་དེ་དག་མཁྱེན་ཆུབ་མཉམ་དོན་ཐོག་ཏུ་འགེལ་རྒྱུའི་འདུན་པ་དགོས་གལ་ཆེ་འདུག ཡིན་ཀྱང་མི་དམངས་ཚང་བ་དེ་ལྟར་ཡོང་རྒྱུ་ཁག་སྲིད་ཀྱང་རྟག་ཏུ་གཞན་རྟེན་གྱི་ལམ་དུ་མ་འཇུག་པའི་རང་ཁ་རང་གསོ་སོགས་ཡོང་ཐབས་ཀྱི་བྱུས་ཤིག་གཞུང་དང་སྤྱི་ཚོགས་ནས་ཁེ་སྤྱོད་པའི་སྒེར་འདོད་ལྟར་བསྒྲུབ་ཆེད་སྐྱོར་རོགས་དགོས་བསམས། ཕྱི་གླིང་པའི་དཔེ་ལྟར་ཉ་ཟ་རྒྱུ་ལས་ཉ་ཟིན་སྟངས་སུ་འབད་རྒྱུ་གལ་མི་ཆེའམ།།
    ཡང་། ད་ལྟའི་གནས་སུ་རང་རེའི་སྤྱི་ཚོགས་ཀྱི་ལུགས་ལ་ཚོང་བཟང། སྟོན་ཐོག་རྒྱས། གནག་ཕྱུགས་འཕེལ་སྐབས་སྤྱི་སྒེར་དུ་སྨན་པའི་གསོག་འཇོག་ཏུ་དམིགས་འཆར་མེད་ཀྱང་གུད་སྐབས་དབུས་སའི་ངལ་འབོད་ཡོད། ཡག་པོ་རེད་ཀྱང་འཆར་ལྡན་གྱི་རང་གསོ་ཨེ་ཡིན། ཡག་དུས་སྒེར་ལས་ཡིན་ན་སྡུག་དུས་སྨྲོས་ཅི་དགོས། གང་ལྟར་ཡང་སྒེར་རང་མི་རང་ལས། རང་དོན་རང་གཅེས་ཞུས་ན་རང་ཁ་རང་གསོར་ཉེ་གནས། དེའི་ཐོག་རང་དོན་རང་གཅེས། རང་འགན་རང་འཁུར་ཞུ་གལ་དུ་ཕྱོགས་ནས་རང་གི་གཞུང་དེ་ལ་ཡང་གཅེས་གཟིགས་ཀྱིས་རྩ་བ་རྒྱས་པའི་གྲིབ་བསིལ་དེ་མྱོང་ཆོག་རྒྱུ་ཞུ་ཅི་དགོས། ཡ་ཚན་པ་ཞིག་ལ་ཉེ་དུས་འདས་པའི་གྲོས་ཚོགས་རྣམ་པ་དང་བཀའ་ཤག་ལ་གཞུང་གི་དཔལ་འབྱོར་རྒྱས་ཐབས་སུ་རང་བཙན་ལག་དོད་དམ། དང་བླངས་དཔྱ་ཁྲལ། ཁྲལ་ནི་ཁྲལ་རང་རེད། རྒྱལ་གཅེས་མ་དངུལ་སྤར་ཆ་དགོས་གནད་ལས་གཞན་པའི་བསམ་ཞིབ་མིན་འདུག གོ་མ་སོང་། དེ་ལ་ཡང་འབོད་སྐུལ། གལ་པོ་ཆེ་ལ་ནན་སྐུལ། དཔལ་འབྱོར་རྒྱས་ཆོས་ལ་བརྒྱ་ཚར་གྱི་སེམས་སྐུལ་དེ་ཕྱིས་སུ་རྡ་སའི་མཛད་གཙོ་རྣམ་པའི་ཞལ་ནས་གོ་བ་མི་དཀོན་ནམ། རང་དོན་བསྒྲུབ་ན་ཆ་ལུགས་ངན་ན་ངན་པ་ཐུགས་ལ་འཇགས་སུ་གསོལ་ལོ།།
    གཞན་དེང་སང་གཞིས་ཆགས་ཁག་དང་བོད་མིའི་གནས་སྡོད་ནང་མི་ལས་ཁང་པ་མང་པ་དང་ཆེ་བ། གྲ་རྒྱས་པ། ཡུལ་མི་ལས་སྐྱབས་བཅོལ་བ་རྫིག་པ། རང་ཁ་རང་གསོ་ཐུབ་པའི་ཚོང་གཉེར་པ་ཡང་མང་དག་ཡོད་གནས་སོགས་སུ་བཀའ་དྲིན་བསམ་ཤེས་སམ།་དེ་མིན་ཐུད་འཚོ་བའི་མཐུན་རྐྱེན་དུ་གཞུང་ལ་འབུལ་འབབ་འཛམ་གླིང་སྤྱི་སྲོལ་བཞིན་ལེན་འབུལ་གྱི་ཐབས་ཀྱང་ཞུ་དགོས་བསམས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme