Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། ༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༥ འཁོར་བའི་དུས་ཆེན་ལ་ཕུལ་བའི་ཀ་བཤད།

Posted on 2024-12-11 By ཁ་བརྡ་ No Comments on ༄༅། ༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༥ འཁོར་བའི་དུས་ཆེན་ལ་ཕུལ་བའི་ཀ་བཤད།

གཞུང་པ་ཚེ་དབང་བསོད་ནམས།

ཀ་དག་ཕྱག་རྒྱ་གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཞི་བདེའི་མགོན།

ཁ་བ་རི་པའི་འདི་ཕྱིའི་མགོན་པོའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཞེས།

ག་ནས་བསམ་ཀྱང་སྟོན་པ་གཉིས་པ་དུས་རབས་ཉེར་གཅིག་སྐྱེ་འགྲོའི་མགོན།

ང་ཚོ་བོད་མིའི་ལས་སྨོན་བཟང་པོ་སྤྱན་རས་གཟིགས་ཀྱིས་འདུལ་བྱར་སྐྱེས།

ཅ་ཅོ་མང་བའི་འཛམ་གླིང་མི་མང་སེམས་རྒྱུད་འདུལ་བའི་ཆོས་སྦྱིན་གནང་།

ཆོས་ལུགས་རིས་མེད་འཆམ་མཐུན་འོག་ཏུ་རང་རང་ཆོས་རྒྱུད་ལྟ་གྲུབ་སྲུང་།

ཇ་ཐུན་གཅིག་ལའང་སྐུ་ངལ་མི་གསོ་གཞན་ཕན་གསུང་ཆོས་ཉིན་ལྟར་གནང་།

ཉ་ཕག་ལ་སོགས་སེམས་ཅན་ཤ་ཡིས་ཉེས་དམིགས་ཀུན་ལ་རྟག་ཏུ་སྡོམ།

ཏ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གངས་ཅན་བོད་ཀྱིས་ལྷ་སྐལ་བྱོན།

ཐ་མག་ནག་པོ་བཟི་སྨན་སྨྱོ་ཆུ་རྟག་ཏུ་དོར་བའི་བསྐུལ་མ་གནང་།

ད་ལྟའི་དུས་རབས་ཉེར་གཅིག་འདི་ལ་ཞི་བདེའི་དེད་དཔོན་༧ གོང་ས་མཆོག

ན་གཞོན་ཕོ་མོ་རྒྱལ་ཁབ་སྐྱོང་བའི་མ་འོངས་སོན་རྩའི་ཐུགས་སྨོན་མཛད་།

པ་ལྕོག་ཅན་གྱི་སྡེ་གཞུང་སྐུ་དྲག་ཛ་དྲག་ཆེ་དུས་༧ གོང་ས་མཆོག

ཕ་ལམ་འདྲ་བའི་དགོས་འདོད་ཀུན་འབྱུང་བོད་མིའི་མགོན་སྐྱབས་གངས་ཅན་མགོན།

བོད་འབངས་བདེ་སྐྱིད་ཁྱེད་ཀྱི་སྐུ་ཚེ་རྡོ་རྗེའི་ཁམས་སུ་བརྟན་པ་ཤོག

མ་འགྱུར་སེམས་ཅན་འཁོར་བའི་མཚོ་ལས་འདྲེན་པའི་ཤིང་རྟ་སྤྱན་རས་གཟིགས།

ཙ་ཆུ་འཛོམས་པའི་བོད་ཡུལ་ལྷ་ཡུལ་ས་ལ་འཕོས་འདྲའི་ཞིང་ཁམས་སུ།

ཚ་གདུང་སེལ་བའི་ནང་ཆོས་སྙིང་པོ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་།

ཛ་དྲག་རྐྱེན་ངན་བོད་ལ་འཕྲད་སྐབས་མཐུ་སྟོབས་ནུས་པས་འཕགས་ཡུལ་བྱོན།

ཝ་མོ་འདྲ་བའི་ཀླ་ཀློ་གུང་ཁྲན་ཅི་བྱ་གཏོལ་མེད་ངང་དུ་ལྷག །

ཞ་སེར་བསྟན་པ་འཛིན་པའི་ཚོགས་དབུས་ལྷ་རམ་དགེ་ཤེས་དམ་བཅའ་ཕུལ།

ཟ་ཧོར་ཡུལ་དང་ཆེན་པོ་ཧོར་སོགས་ཕྱི་གླིང་རྒྱལ་ཁམས་ཆོས་ལ་གྱུར།

འུ་ཅག་བོད་རིགས་མགོན་པོ་གང་གི་ཐུགས་སྐྱེད་དམ་བཅའི་འོག་ཏུ་འཚོ།

ཡ་རབས་བཟང་སྤྱོད་བོད་མིའི་རིག་གཞུང་གསོན་པོར་གནས་པའི་ལམ་སྟོན་གནང་།

ར་བ་གངས་རིའི་བསྐོར་བའི་ལྷ་ཡུལ་སྤྲེལ་ཚའི་རིགས་རྒྱུད་འཚོ་བའི་གནས།

ལ་ལུང་ཐམས་ཅད་བདག་མེད་སྲོག་ཆགས་རི་ལུང་རྩ་ཚིག་འོག་ཏུ་འཚོ།

ཤ་བ་གླ་བ་རི་དགས་རྩོད་འབྲོང་ཙ་ཆུ་འཛོམས་པའི་བོད་ཡུལ་གནས།

ས་ཕྱོགས་བོད་ཡུལ་འཛམ་གླིང་ས་ཡིས་་ཞི་བདེ་ལྷིངས་འཇགས་ལྷ་ཡུལ་འདྲ།

ཧ་ཅང་སྙན་གྲགས་ཆེ་བའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་བཅུ་གཉིས་བཅུ།

ཨ་ཀ་མ་བཞེས་དཔལ་ལྷའི་ལུང་བསྟན་ཞི་བདེའི་དེད་དཔོན་ཆེན་པོར་མདུད།

གསལ་བསྒྲགས།, ངོ་སྤྲོད།, དཔལ་འབྱོར་རིག་པ།, རྩོམ་རིག

Post navigation

Previous Post: གྲོང་ཁྱེར་ནང་གི་བོད་པའི་བུ་མོ་མེ་ཏོག་མ་ཚོའི་མེ་ཏོག་གསང་བའི་ཕམ་ཚོང་དུ་འགྱུར་བཞིན་འདུག
Next Post: མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་སྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme