Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་སོང་བའི་སྐོར་ལ་དཔྱད་པའི་གཏམ།

Posted on 2024-09-30 By ཁ་བརྡ་ 1 Comment on སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་སོང་བའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

ལོ་གསུམ་སྙལ་བའི་ཆང་དེ་ཞིམ་པོ་མེད་ཀྱང་ད་ལོ་ཐུང་རྒྱུ་ཁེལ་སོང་ཟེར་བའི་དཔེ་ལྟར་སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་རིམ་པའི་ནང་འགྲོ་མ་ཐུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་གཉིས་པའི། ༼ ག ༽ པར་བསྐྱར་བཅོས་གནང་ནས་གནས་སྐབས་ལོ་བཅུ་གི་དཀའ་ངལ་སེལ་ཐུབ་པ་ཙམ་ལས་མཐར་ཐུག་གིས་དཀའ་ངལ་སེལ་ཐུབ་མི་འདུག བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་གཉིས་པའི། ༼ ག ༽ པའི་ནངགསལ་བའི་ཚིག་བརྗོད། ༼ ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བ་འམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་མ་ཡིན། ཅེས་གསལ་བའི་ཆ་རྐྱེན་དེ་གཉིས་བཙན་བྱོལ་སྤྱི་ཚོགས་ནང་རག་རྒྱུ་མེད་པའི་རི་བོང་གི་ར་ལྟབུ་མ་རེད་དམ། ཁྲིམས་ཁང་ཞིག་ནང་ཟེར་བ་ནས་ང་ཚོར་ཁྲིམས་ཁང་མེད་པ་ཁྲིམས་ཞིབ་ཁང་ཡིན་པ་དང་། རྒྱལ་ཁབ་གཞན་གྱི་ཁྲིམས་ཁང་ནང་ལོ་ལྔ་རིང་མུ་མཐུད་ནས་ཁྲིམས་དཔོན་བྱས་མྱོང་བའི་མི་ཞིག་ང་ཚོའི་ཁྲིམས་ཞིབ་པར་བསྐོ་རྒྱུ་དེ་བཅའ་ཁྲིམས་འདིའི་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་གཉིས་པའི། ༼ ཀ ༽ པ ༼ བོད་ཀྱི་ཡུ་མི་ཡིན་པ་དང་། ༽ ཟེར་བའི་ཆ་རྐྱེན་ཚང་བའི་མི་ཞིག་ང་ཚོར་རག་རྒྱུ་ཧ་ཅང་དཀའ་བ་ནས་གོང་གི། ༼ ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ནས་ཁྲིམས་དཔོན་བྱས་མྱོང་བ་འམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་མ་ཡིན། ༽ཟེར་བའི་གོང་གི་ཆ་རྐྱེན་གཉིས་དེ་ཕྱི་འཐེན་གནང་ན་ཆེས་མཐོའི་ཁྲིམས་ཞིབ་པ་ཚོའི་འོས་མིའི་ཐད་ང་ཚོར་དཀའ་ངལ་གང་ཡང་འཕྲད་ཀྱི་མ་རེད་ལ་ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་ལོ་ཉི་ཤུ་ནས་སུམ་ཅུ་བཟོ་རྒྱུ་དང་། ལོ་སུམ་ཅུ་ནས་བཞི་ཅུ་བཟོ་རྒྱུ་དེ་ཚོ་འུ་ཐུག་ནས་ཐབས་ལམ་གཞན་མ་རྙེད་པར་སྤྱི་འཐུས་ཚོའི་སོ་སོའི་མདུན་དུ་ལྷག་པའི་དཀའ་ངལ་གཅིག་པོ་སེལ་རྒྱུའི་དགོངས་པ་ཙམ་ལས་ཕུགས་འགྱངས་རིང་པོའི་སྤྱི་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་བའི་ཁྲིམས་བཟོའི་ལས་དོན་ཡང་དག་པ་ཞིག་ཡིན་པར་དུས་ནམ་ཡང་ངོས་འཛིན་ཞུ་ཐུབ་མ་སོང་། གོང་གི་ཆ་རྐྱེན་གཉིས་དེ་ཕྱི་འཐེན་གནང་ན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ལ་མི་འགྲོ་བཙན་བྱོལ་སྤྱི་ཚོགས་ནང་འབོལ་འབོལ་ལྷུག་ལྷུག་ག་ནས་འདམས་འདམས་ཡོང་རྒྱུ་བཅས་གང་ཟག་ལ་མ་ལྟོས་པར་སྤྱི་ཚོགས་ཀྱི་སྒྲིགས་འཛུགས་ལ་གཟིགས་ནས་ཁྲིམས་སྒྲིག་བཟོ་དགོས་པ་དེ་ཁྲིམས་བཟོའི་འགན་དབང་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད། ༼ གཉིས་པ་ཇོ་ནང་ཆོས་རྒྱུད་ལ་ཆོས་ལུགས་སྤྱི་མཚུངས་ཀྱི་སྤྱི་འཐུས་ཀྱི་ས་མིག་སྐོར་ལོ་མང་སྔོན་ནས་བཙན་བྱོལ་སྤྱི་ཚོགས་ནང་དང་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་བཞི་ཙམ་ནས་གྲོས་ཚོགས་ལ་ཇོ་ནང་ཆོས་རྒྱུད་ནས་ཞུ་སྙན་རིམ་པར་ཕུལ་བའི་གནས་ཚུལ་དང་། སྤྱི་འཐུས་གྲོས་ཚོགས་མདུན་ཞི་བའི་ལས་འགུལ་སྤེལ་བའི་ལོ་རྒྱུས་སོགས་མང་པོ་བྱུང་བ་མ་ཟད་ད་ལམ་འཛིན་སྐྱོང་ནས་ཇོ་ནང་ཆོས་རྒྱུད་ལ་ཆོས་ལུགས་སྤྱི་མཚུངས་ཀྱི་ས་མིག་སྐོར་ཁྲིམས་སྒྲིག་བསྐྱར་བཅོས་གྲོས་ཚོགས་ནང་ཕུལ་བར་གྲོས་ཚོགས་ནས་རྒྱུ་ཚན་ཡང་དག་གི་འབྲེལ་བཤད་གསལ་ཁ་དོད་པ་འདི་ཡིན་མེད་པར་གསང་བའི་འོས་བསྡུའི་ལམ་ནས་ཁྲིམས་སྒྲིག་བསྐྱར་བཅོས་དེ་འགྲོ་མ་ཐུབ་པ་ནི་ཇོ་ནང་ཆོས་ལུགས་དེ་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་དང་བཅས་པར་འབྲེལ་བ་མེད་པར་ཇོ་ནང་ཆོས་རྒྱུད་དེ་བོད་ཀྱི་ཆོས་རྒྱུད་ཞིག་ཡིན་པ་ཆོས་རིག་ལྷན་ཁང་ནས་ངོས་བཞེས་གནང་གི་ཡོད་ན་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་གསལ་བའི་ཆོས་ལུགས་རིས་མེད་ཟེར་བའི་ཐ་སྙད་དེའི་འོག་ཏུ་གྲོས་ཚོགས་ཀྱི་འཐུས་མི་ཚོའི་འགན་འཁུར་ནས་ཇོ་ནང་ཆོས་རྒྱུད་ལ་བོད་ཀྱི་ཆོས་ལུགས་སྤྱི་མཚུངས་ཀྱི་ས་མིག་ཕུལ་དགོས་པ་ནི་མང་གཙོ་དང་། འདྲ་མཉམ། དྲང་བདེན། ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་ཐ་སྙད་ལ་ང་ཚོའི་འགན་འཁུར་དགོས་པ་མ་རེད་དམ།

བསམ་ཚུལ།

Post navigation

Previous Post: ལོ་རྒྱུས་ནང་བོད་ལ་རྒྱ་ཡིག་གི་ཐ་སྙད་ཐོགས་ཚུལ་ལས་འཕྲོས་ཏེ་གཏམ་བཟང་ཞིག་གླེང་བ།>>
Next Post:  སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ལ་ལེགས་བཅོས་གནང་ནས་དུས་ཚོད་དང་གཞུང་དངུལ་སྲི་ཚགས་གནང་དགོས།

Comment (1) on “སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་སོང་བའི་སྐོར་ལ་དཔྱད་པའི་གཏམ།”

  1. འབྲོང་བུ་སོག་ཚ། says:
    2024-11-22 at 10:16 pm

    མི་ང་ལ་མཚོན་ན་རྡ་སར་ཁྲིམས་ཁང་ཟེར་བ་ཞིག་གཏན་ནས་མི་དགོས། གང་གི་ཞེ་ན། དང་པོ་སྤྱི་འཐུས་ལས་ཐོགས་སྐུ་ངོ་ཟླ་བ་ཚེ་རིང་ལགས་ཁྲིམས་བཟོ་སྐྱར་བཅོས་མ་བྱས་པའི་སྔོན་དུ་ཁྲིམས་ཁང་གིས་བཅས་ཁྲ་ལ་རྩི་སྲུང་ཞུ་རྒྱུའི་ཁས་ལེན་དང་དམ་བཅའ་གཏན་པོ་ཞིག་སྔོན་ནས་གནང་དགོས། དེ་མ་གཏོགས་ཡོངས་གླིང་སློབ་གྲྭ་ནང་བཞིན་ཆགས་རྒྱུར་གཏན་ཁེལ་རེད། བ་མ་ཤི་རྙང་མས་རྒྱུན་མི་ཆད། ཟེར་བ་ལྟར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme