Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མ་ལགས། ང་ཕ་ཡུལ་ལ་ལོག་ཡོད།  

Posted on 2024-09-042024-09-04 By ཁ་བརྡ་ 1 Comment on ཨ་མ་ལགས། ང་ཕ་ཡུལ་ལ་ལོག་ཡོད།  

–རྔ་བ་ཀུན་བཟང་།

ཨ་མ་ལགས། ང་ཕ་ཡུལ་ལ་ལོག་ཡོད།

མི་ལོ་སུམ་ཅུ་ཟིན་པའི་འཁྱམ་པོ་ང་།

གཞན་ཡུལ་དུ་ནར་སོན་ཞིང་།

གཞན་ཁྱིམ་ནས་རྒས་ཏེ།

དེ་རིང་དེ་ལྟར་ལེ་དབར་སྟོང་ཕྲག་ཆོད་ནས་ཕ་ཡུལ་ལ་ལོག་དུས།

འཇིག་རྟེན་གྱི་གྲུ་ཁ་འདིེར་ཐོག་མར་འཁྱེར་ཡོང་མཁན་གྱི་ཨ་མ་ཁྱོད་ཉིད་མེད་དུས།

ད་གཟོད། སྔར་ཡོད་ཀྱི་འབྲོག་ཁྱིམ་དང་། རྩྭ་ཐང་དང་རྟ་ནོར།

རི་ཆུ་ནག་གསུམ་ཡོད་ཚད་ཁེར་རྐྱང་ལ་འགྱུར་སོང་བས།

ཅི་ཞིག་བཤད་འདོད་ཀྱང་། ཅི་ཡང་མི་ཤོད་པའི་དུས་ཤིག་བྱུང་།

ཨ་མ་ལགས། ང་ཕ་ཡུལ་ལ་ལོག་ཡོད།

འོན་ཀྱང་། ཁྱིམ་འདི་ན་ཁྱོད་ཀྱིས་སྐྱ་རེངས་ཁྲོད་ནས་འོ་མ་དཀྲོགས་པའི་ཤག་སྒྲ་དང་། མཚན་མོའི་གནའ་གཏམ།

མར་གྱིས་གྲུབ་པའི་ཟས་མཆོག་སྦྲང་དཀར་རྩམ་པ་ལ་རེ་སྒུག་བྱེད།

དེ་བས་ཀྱང། ཨ་ཕའི་ལག་གི་མ་ཏྲིའི་འཁོར་ལོ་དང་།

གདོང་གི་གཉེར་མ། མགོའི་སྐྲ་ལོ་དག་མཐོང་མ་ཐག

ང་ནི་སྨྲ་བ་འགག་ནས་ཡུལ་རིང་ལ་ལུས་དུས།

ད་གཟོད། ང་རང་ལོ་ན་ཤིན་ཏུ་ཆུང་དུས་ཀྱི་ཨ་ཕའི་ཁྱོད་ལ་བཅང་བའི་ལྷད་མེད་ཀྱི་

སེམས་པ་དང་།

ཁྱོད་ཀྱིས་ཨ་ཕར་བསྟན་པའི་བརྩེ་སེམས་ཀྱི་མིག་མདངས་རེ་རེའི་རྣམ་འགྱུར་སྣ་ཚོགས་ཡིད་སེམས་ལ་འཁོར་དུས།

ཨ་ཕའི་དྲན་ངོགས་ནས་གཏན་ནས་བརྗེད་མི་ཐུབ་པ་དེ་ཨ་མ་ཁྱོད་ཉིད་ཡིན་པ་ཤེས།

ཨ་མ་ལགས། ང་ཕ་ཡུལ་ལ་ལོག་ཡོད།

ལོ་འདི་དག་གི་རིང་ལ། ཁྱོད་ཇི་ལྟར་བཙལ་ཀྱང་མ་རག་ལ།

གང་ན་སོང་ཡང་རྣམ་ཤེས་འཁོར་ས་དེ་ཁྱོད་ཡིན་འདུག

ད་དུང་། རི་ཆུ་ནག་གསུམ་གྱི་འཕྲང་ལམ་དང་། འཚོ་བའི་ཀྱག་ཀྱོག་རེ་རེ་མྱོང་དུས།

འུ་གཉིས་བར་གྱི་བཤད་མི་ཚར་བའི་སྙིང་གཏམ་དང་།

ཚེ་རབས་གཅིག་གི་བདེ་སྐྱིད་ཀྱི་དྲན་གསོ་དག་ལྷག་ཏུ་དྲན།

དེའི་ཕྱིར། གནམ་འོག་འདི་ནས་ངའི་སུ་ཡང་བརྗེད་སྲིད་ཡང་།

ཁྱོད་ཉིད་ནམ་ཡང་བརྗེད་མི་སྲིད།

ཨ་མ་ལགས། ང་ཕ་ཡུལ་ལ་ལོག་ཡོད།

ཁྱེད་ཉིད་ཆེས་དགའ་སའི་ཨ་ཕ་ལ་ལྟ་རུ་ཡོང་ཡོད།

རེད་དེ། དེ་རིང་ང་རང་གཅིག་པུ་སྦྲ་ནག་གི་སྒོ་ཁ་ལ་ལངས་ཏེ།

སྔོན་ཆད་ཁྱེད་རང་འདིར་ཡོད་པའི་ལྷན་འཛོམས་ལ་ཕྱིར་དྲན་ཞིག་བྱེད་དུས།

བྱིས་དུས་ཀྱི་མཚན་མོ་རེ་རེར།

ང་ཚོ་མིང་སྲིང་ཚོས་སྦྲ་ནག་གི་ཁ་ཚུབ་ངོས་ཀྱི་ཁ་བ་ལྟ་ཞོར་ལ།

ཁྱོད་ཉིད་རུམ་ཁ་དྲོད་མོ་ནས་འཚར་ལོངས་བྱུང་ལ།

མར་ཆུར་འོ་མ་འཐུང་ནས་རྩྭ་ཐང་ནས་རྟ་ནོར་འཚོས་པའི་ལོ་ཟླ་ལ་ཡིད་མོས་ཚལ་

ཡང་།

དེ་རིང་ཡུལ་འདི་ན་བྱ་ཚང་མེད་པའི་བྱེའུ་ཕྲུག་ལྟར་ལུས་བའི་སྣང་བ་ཞིག་ཤར་དུས་

མིག་ཆུ་ཡང་ཡང་ཤོར་སོང་ལ།

ངའི་མིག་མདུན་ན་ཁྱོད་མེད་པའི་སྟོང་ཆ་དེ་ནི་ཅི་འདྲའི་ན་ཟུག་ཞིག་རེད་ཨང་།

ཨ་མ་ལགས། ང་ཕ་ཡུལ་ལ་ལོག་ཡོད།

ཉིན་མ་འདི་ཚོར་ཁྱིམ་འདི་ན་“ཨ་མའི་གཅེས་ཕྲུག”ཅེས་འབོད་མཁན་མེད་པས།

ང་རང་རི་མགོའི་དར་ལྕོག་ལྟར་རླུང་ནག་འཚུབ་ཀྱི་དཀྱིལ་ནས་དར་དར་ངང་ལྷག་ཡང་།

ཡ་ང་སྙིང་རྗེ་མེད་པའི་སྟོན་རླུང་བཙན་པོ་དེ་ཨ་རོ་ཙམ་ཡང་མི་ཟེར།

ད་དུང་། འབྲོག་མོའི་ལ་གཞས་དང། ནོར་ནག་གི་ངུར་སྒྲ། རྩྭ་ཐང་གི་མེ་ཏོག་ཡོད་ཚད། 

མྱ་ངན་ཐང་གི་ངུ་འབོད་ལས་མ་འདས། སྟོང་ལྷང་ལྷང་། སྐྱོ་ལྷང་ལྷང་། འཇམ་ཐང་

ཐང་།

ཨ་མ་ལགས། ཁྱོད་འདི་ལྟར་འཆི་བ་ཟེར་བའི་གནས་ཤིག་ལ་འགྲོ་དགོས་པ་ནི་ཅི་འདྲའི་བཟོད་དཀའ་བའི་ཆོས་ཉིད་ཞིག་ལག་ཨང་།

ཨ་མ་ལགས། ང་ཕ་ཡུལ་ལ་ལོག་ཡོད། ཡུལ་འདི་ན་ཁྱོད་མེད་པས།

རྩྭ་ཐང་གི་རིག་གནས་འབོར་བཞིན་འདུག

ཀི་འབོད་དང་སྦྲ་ནག་གི་འཚོ་བ་སྟོང་བཞིན་འདུག

ཕ་ཡུལ་ཞེས་པའི་སེམས་པ་རྟེན་ས་དང་། སྤུན་ཟླ་ཟེར་བའི་ཚེ་རབས་གཅིག་གི་སྐྱིད་

སྡུག་གི་སེམས་གཏམ་བཤད་ས་ཇེ་ཉུང་ནས་ཇེ་ཞན་རེད།

གང་ལྟར་ཀྱང་། སྟོང་མདངས་ལ་གོམས་པའི་ང་ནི་ཁྱེད་ཉིད་མེད་པའི་འཇིག་རྟེན་ན་

མགོན་མེད་སྐྱབས་མེད་ཀྱི་རྣམ་ཤེས་ཁེར་འགྲོ་ཞིག་ལས་མ་འདས་ཡང་།

མ་བུའི་བརྩེ་མདངས་ཀྱི་ཆུ་བོ་ཡང་གཏན་དུ་བཞུར་ངེས་པས།

ང་ཕ་ཡུལ་ལ་ལོག་དོན་ཡང་ཁྱོད་ལ་སླང་ཡང་མཇལ་འཛོམས་ཡོང་བའི་རྣམ་དག་གི་སྨོན་ལམ་ཐེངས་ཤིག་བརྒྱབ་འདོད་བྱུང་།

རྩོམ་རིག, སྙན་ངག

Post navigation

Previous Post: བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མི་མང་གིས་འགན་འཁུར་སྐོར་ལ་དཔྱད་པའི་གཏམ།
Next Post: བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༤ པར་ཕུལ་བའི་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

Comment (1) on “ཨ་མ་ལགས། ང་ཕ་ཡུལ་ལ་ལོག་ཡོད།  ”

  1. འབྲོང་བུ་སོག་ཚ། says:
    2024-11-22 at 10:33 pm

    སེམས་ཁྲལ་མ་བྱེད་གྲོགས་པོ། ལས་འདི་ནི་ང་ཚོ་ཚང་མར་སྔ་ཕྱི་མ་གཏོགས་མྱོང་དགོས་པའི་བསྐལ་བ་ཞིག་ཡིན། ཡིན་ནའང་ལས་འདི་ལ་ཐུག་པ་དེ་སུའི་བཟོས་ཡོད་མེད་ངེས་པར་ཤེས་དགོས་རྒྱུ་དང་། མ་འོངས་ཁྱེད་ཀྱི་མི་རྩ་རུས་རྒྱུད་དང་བཅས་པར་འཇོག་རྒྱུར་ཁ་ཆེམས་ཤིག་ཀྱང་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme