Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉེ་ལམ་སྤྱ་ིཟླ་བདུན་པའི་ཚེས་ ༡༣ ནས་ཚེས་ ༡༥ བར་ཁེ་ན་ཌར་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་ཟེར་བ་ཚོགས་པའི་སྐོར་ལ་དཔྱད་པའི་གཏམ།

Posted on 2024-08-07 By ཁ་བརྡ་ No Comments on ཉེ་ལམ་སྤྱ་ིཟླ་བདུན་པའི་ཚེས་ ༡༣ ནས་ཚེས་ ༡༥ བར་ཁེ་ན་ཌར་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་ཟེར་བ་ཚོགས་པའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

བོད་ནི་སྲིད་པ་ཆགས་པ་ནས་སྤྱི་ལོ་ ༡༩༥༩ བར་རྒྱ་དཀར་ནག་གཉིས་ཀྱི་བར་དུ་གནས་པའི་རང་བཙན་གྱི་རྒྱལ་ཁབ་ཆབ་དཔལ་རིག་གསུམ་དམག་ཤུགས་དང་བཅས་པ་རྒྱལ་ཁབ་གཞན་ལ་མགྲན་ཐུབ་པའི་རྒྱལ་ཁབ་ཞིག་ཡིན་པ་དང་། དུས་རབས་བདུན་པའི་ནང་བོད་རྒྱལ་ཁབ་ཀྱི་མངའ་དབང་གི་སྟོབས་ཤུགས་དེ་འཛམ་གླིང་གསུམ་ཆ་གཉིས་ལ་དབང་བསྒྱུར་བའི་ལོ་རྒྱུས་ཡང་ཕྱི་ནང་གིས་ཡིག་ཆ་མང་པོའི་ནང་གསལ་ཡོད་པ་དང་སྤྱི་ལོ་ ༡༩༤༩ ཙམ་ནས་བོད་ཤར་ཕྱོགས་མདོ་ཁམས་གཉིས་སུ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་གི་བཙན་འཛུལ་བྱ་རྒྱུ་འགོ་བཙུགས་ནས་མཐར་སྤྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་གིས་བཙན་འོག་ཏུ་ཚུད་ནས་ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་དམིགས་ཡུལ་ཡང་བོད་ཀྱི་མངའ་དབང་སླར་གསོ་བྱ་རྒྱུ་དེ་ཡིན་པ་ནས་འདས་པའི་མི་ལོ་བཅུ་ཕྲག་དྲུག་ལྷག་ཙམ་རིང་བཙན་བྱོལ་བོད་མི་རྒན་གཞོན་དར་གསུམ་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་བཅས་ང་ཚོ་ཚང་མས་སྒོ་སྐབས་ནམ་བྱུང་དང་དུས་ཚོད་ནམ་རག་ལ་རྒྱ་མིར་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་བཞིན་པ་ནི་རང་ཡུལ་རང་བདག་ཆེད་རང་བཙན་གྱི་འབོད་སྒྲ་ཡིན་པ་དང་། བོད་ས་ཤོར་ནས་ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་བོད་དོན་ཞུ་གཏུགས་ཀྱིས་ལས་འགུལ་དང་པོ་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུས་པ་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་སྤྱི་ལོ་ ༡༩༥༩/ ༡༩༦༡/༡༩༦༥ བཅས་སོ་སོར་བོད་དོན་དང་འབྲེལ་བའི་ཐོག་གྲོས་ཆོད་རིམ་པ་བཞག་ཡོད་ན་ཡང་ང་ཚོའི་མུ་མཐུད་ནས་འཇུག་སྐྱོང་མ་ཐུབ་པའི་འགན་དེ་ང་ཚོ་རང་ཉིད་ལ་ཡོད་པ་ལས་གཞན་སུ་གཅིག་ལ་ངན་ཁག་གཡོག་ས་མེད་པ་དང་། བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་ནས་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བའི་བཅའ་ཁྲིམས་དོན་ཚན་བཅོ་ལྔའི་ནང་གསལ་བའི་ཚིག་བརྗོད་བོད་དོན་བདེན་མཐའ་གསལ་ཐབས་ཟེར་བའི་ཐ་སྙད་དེ་འགྱིག་བྱི་རིལ་ནང་བཞིན་ག་པར་འཐེན་འཐེན་ཡིན་ན་ལས་དེ་མིན་ཉེ་ལམ་རང་བཙན་ཚོགས་འདུའི་ནང་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་ཁག་ཅིག་མཉམ་བཞུགས་གནང་བ་དེ་སྤྱི་འཐུས་ཀྱིས་ལས་འཁུང་དམ་བཅའ་ ༼ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་། བློ་གཏད། ༽ ཟེར་བའི་ཐ་སྙད་དང་ཕྱོགས་མཐུན་བྱུང་ཡོད་མེད་དེ་ཡང་འཐེ་ཚོམས་ནང་ལྷག་པ་དང་། སྤྱི་ལོ་ ༡༩༩༧ སྤྱི་ཟླ་ ༩ ཚེས་ ༡༨ ཉིན་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ནས་བོད་རྒྱའི་དཀའ་སྙོགས་དེ་གཉིས་སྨན་དབུ་མའི་ལམ་བརྒྱུད་ནས་སེལ་རྒྱུའི་སྤྱི་མོས་གྲོས་ཆོད་བཞག་པ་དེ་དང་སྤྱི་འཐུས་ཁག་ཅིག་རང་བཙན་ཚོགས་འདུ་ལ་ཚོགས་བཅར་ཞུས་པ་དེ་གཉིས་འགལ་འདུ་མིན་པ་ཡིན་ནམ། སྤྱི་འཐུས་རྣམས་ནི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ཀྱིས་ཁྲིམས་བཟོ་ལྷན་ཚོགས་དེ་ཡིན་པ་ནས་སྤྱི་འཐུས་ཚོའི་ཕྱག་ལས་ག་འདྲ་ཞིག་གནང་གི་ཡོད་ཀྱང་རུང་གསུང་བཤད་ག་འདྲ་གནང་གི་ཡོད་ཀྱང་རུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མ་འགལ་ཞིག་དགོས་པ་ནི་ཐོག་མའི་ལས་འཁུར་གྱི་དམ་བཅའ་ལ་བརྩི་སྲུང་ཞུ་དགོས་པ་ནས་ད་ལམ་རང་བཙན་ཚོགས་འདུ་ལ་སྤྱི་འཐུས་ཁག་ཅིག་མཉམ་བཞུགས་གནང་བ་དེ་བཅའ་ཁྲིམས་དང་ཕྱོགས་མཐུན་བྱུང་ཡོད་མེད་ཐོག་ཚོགས་གཙོ་སྦྲེལ་པོའི་དབུས་པའི་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་ཚོའི་ངོས་ནས་ཐུགས་སྣང་དང་ཐུགས་འགན་བཞེས་དགོས་ཀྱི་མེད་པ་ཡིན་ནམ།

ངོ་སྤྲོད།, བསམ་ཚུལ།

Post navigation

Previous Post: རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།
Next Post: རྭ་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབ་བཅུག་པའི་གནད་དོན་གཙོ་བོ་གང་དག་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme