Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉེ་ལམ་ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོའི་སྐུ་མགྲོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གཉིས་ཀྱིས་མཐོ་རིམ་མི་སྣ་མཉམ་ཞུགས་གནང་བའི་སྐོར་ལ་དཔྱད་པའི་གཏམ།

Posted on 2024-06-04 By ཁ་བརྡ་ No Comments on ཉེ་ལམ་ཐེ་ཝན་གྱི་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོའི་སྐུ་མགྲོན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གཉིས་ཀྱིས་མཐོ་རིམ་མི་སྣ་མཉམ་ཞུགས་གནང་བའི་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

ཐེ་ཝན་ནི་རྒྱ་ནག་སྐམ་ས་དང་རྙོགས་གཞི་ཅན་གྱི་མཚོ་གླིང་གི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པ་དང་། ཨ་རྒྱ་གཉིས་མི་མཐུན་པའི་ཕྱོགས་མང་པོ་ཡོད་པ་ནས་གཅིག་ཐེ་ཝན་གྱི་སྐོར་དེ་ཡིན་པ་དང་། ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་ལོ་རབས་དྲུག་བཅུའི་ནང་ཐེ་ཝན་བོད་སོག་ལས་ཁུངས་ཟེར་བའི་མིང་སྦྱང་གི་འོག་ནས་བཙན་བྱོལ་བོད་མི་ནང་ཁུལ་དཀྲུགས་ཐབས་མང་པོ་བྱས་པའི་ལོ་རྒྱུས་མང་པོ་ཡོད་ན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་ཐེ་ཝན་དང་འབྲེལ་བ་དེ་ལོ་རབས་དགུ་བཅུའི་ནང་འབྲེལ་ལམ་གསར་དུ་བཙུགས་པ་དེ་ནི་ཆོས་དང་། རིག་གཞུང་། སྤྱི་ཚོགས་ཀྱི་འབྲེལ་པ་ཙམ་ལས་ཆབ་སྲིད་ཀྱི་འབྲེལ་བ་མིན་པ་དང་། རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་རྒྱལ་ཁབ་དེའི་སྲིད་འཛིན་དང་། སྲིད་བློན། གཞུང་གསར་པ་བརྗེ་ལེན་སྐབས་མགྲོན་བརྡ་ཕུལ་ནས་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཚོའི་སྲིད་འཛིན་དང་། སྲིད་བློན། གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་གནད་ཡོད་མི་སྣ་ལ་མགྲོན་བརྡ་ཕུལ་ནས་གདན་ཞུ་བྱེད་པའི་ལམ་ལུགས་ཡོད་པ་དང་། ཐེ་ཝན་དང་རྒྱ་ནག་བར་རྩོད་གཞི་ལོ་རེ་ནས་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་པ་ནས་དེང་སྐབས་ཐེ་རྒྱ་གཉིས་དྲག་པོའི་གདོང་ཐུག་ག་དུས་བྱས་ཡོང་བསམ་པའི་འཛམ་གླིང་གི་མི་མང་པོ་ཞིག་སེམས་ཚབ་བྱེད་བཞིན་པའི་སྐབས་འདིར་ང་ཚོའི་ཐེ་ཝན་དང་ཆབ་སྲིད་ཀྱིས་འབྲེལ་བ་བྱ་རྒྱུ་དེ་དུས་ཚོད་རན་ལོད་ག་འདྲ་ཞིག་ཡིན་མིན་དེ་ཡང་བསམ་བློ་སྐྱར་ཞིབ་གནང་དགོས་པ་ནི་དབུ་མའི་ལམ་གྱིས་སྲིད་ཇུས་འོག་ནས་བོད་རྒྱའི་འབྲེལ་ལམ་ལ་མ་འོངས་ནུས་པ་ག་ཚོད་ཐོན་གྱི་ཡོད་དེ་ཡང་གསལ་པོ་ཤེས་མ་སོང་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མཐོ་རིམ་མི་སྣ་ཐེ་ཝན་གྱི་སྲིད་འཛིན་གསར་པའི་ཁྲི་འདོན་མཛད་སྒོ་ལ་མཉམ་ཞུགས་གནང་བ་དེ་ཐེ་རྒྱ་གཉིས་དྲག་དམག་དཔུང་ངོམས་བྱེད་པའི་དུས་ཚོད་ངན་པ་དང་གདོང་ཐུག་འཁེལ་བ་འདིའི་བོད་དོན་བདེན་མཐའ་སེལ་ཐབས་ལ་བར་ཆད་བཏང་བ་མ་རེད་དམ། གཉིས་སྨན་དབུ་མའི་ལམ་གྱི་དགོས་འདུན་ནི། ༼ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་གི་དགོས་འདུན་སྟོན་ཡོད་པ་དང་། ༽ རྒྱ་ནག་དང་རྩོད་གཞི་ཆེ་བའི་ཐེ་ཝན་མཚོ་གླིང་ལ་ང་ཚོའི་ཆབ་སྲིད་ཀྱི་འབྲེལ་བ་བྱ་རྒྱུ་དེ་ང་ཚོའི་རྩ་དོན་སྒྲུབ་པ་ལ་ཕན་དང་གནོད་ག་འདྲ་ཞིག་ཡོང་གི་ཡོད་དེ་ཡང་ཐེ་ཚོམ་ཆེན་པོའི་ནང་ལྷག་པ་དང་། ང་ཚོའི་རང་བཙན་རྩོད་ཀྱི་ཡོད་ན་ཐེ་ཝན་ཙམ་མིན་པ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཚང་མར་འབྲེལ་ལམ་བཟོས་ནས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཐོབ་པའི་རོགས་རམ་ཞུས་ནས་ང་ཚོའི་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པ་དང་། སྤྱི་ལོ་ ༡༩༩༧ སྤྱི་ཟླ་ ༩ པའི་ཚེས་ ༡༨ ཉིན་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ནས་དབུ་མའི་ལམ་ལ་སྤྱི་མོས་ཀྱི་གྲོས་ཆོད་བཞག་པ་ནས་ང་ཚོའི་རྒྱ་ནག་དང་མཉམ་གྲོས་མོལ་སྐུ་ཚབ་ཚོགས་ཆུང་རིམ་པར་ཕེབས་ནས་སྤྱི་ལོ་ ༢༠༡༠ ནས་བཟུང་ད་ལྟ་བར་བོད་རྒྱའི་འབྲེལ་ལམ་སླར་གསོ་མ་ཐུབ་འདི་ཡང་ཞིབ་ཏུ་དཔྱད་ན་ང་ཚོའི་ཕྱོགས་ནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་ཟེར་བའི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཞིག་དང་། བོད་ཀྱི་གཞོན་ནུ་ཚོགས་པ་སོགས་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཁག་གཅིག་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་འཁོད་པའི་བོད་དོན་བདེན་མཐའ་སེལ་ཐབས་ལ་མདུང་རྩེ་ཁ་གཉིས་ལ་གྱེས་པ་འདིས་ཡང་རྒྱ་ནག་ལ་དོགས་པ་རྣམ་་རྟོག་ཞིག་ཤར་མེད་དམ་བསམ་པ་ནི་རྒྱ་དོགས་པས་འཕུང་ཟེར་བ་དང་བོད་རེ་བས་འཕུང་ཟེར་བའི་གཏམ་དཔེ་དེ་ཡང་དོན་དང་མཐུན་མི་འདུག་གམ། བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་འཁོད་པའི་བོད་དོན་བདེན་མཐའ་སེལ་ཐབས་ལ་ང་ཚོའི་ངོས་ནས་བརྒྱུད་ལམ་གཅིག་དང་། དགོས་འདུན་གཅིག འབོད་སྒྲ་གཅིག་དང་། དར་ཆ་གཅིག ལངས་ཕྱོགས་གཅིག དམིགས་ཡུལ་གཅིག འགོ་ཁྲིད་གཅིག་གི་འོག་ཏུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་། ང་ཚོའི་འགོ་ཁྲིད་བར་མི་དང་མི་གདོང་ཐུག་ནས་ཕར་བཤད་ཚུར་ཉན་དང་། ཚུར་བཤད་ཕར་ཉན་བརྒྱུད་ནས་བོད་རྒྱ་གཉིས་ས་འབྲེལ་ཆབ་སྲིད་ལ་འགན་འཁུར་ནས་བོད་རྒྱ་མི་རིགས་གཉིས་འཆམ་མཐུན་མཉམ་གནས་ཀྱི་སྤྱི་ཚོགས་གསར་པ། ༼ Harmonious Coexistence Modern Society ༽ ཞིག་འཛམ་གླིང་མི་མང་གི་མདུན་འཛུགས་ཐུབ་པའི་མཐུན་མོང་གི་འགན་དེ་བོད་རྒྱ་གཉིས་ནས་བཞེས་དགོས་པ་ལས་ཁ་དམག་ལ་འགན་འཁུར་ནས་བརྒྱུད་ལམ་འདྲ་མིན་དང་མི་སྣ་འདྲ་མིན་ལ་འགན་བསྐུར་ནས་དུས་ཚོད་ནམ་ཡང་འཕྲོ་ལྷག་གཏོང་མི་ཉན་པ་བཅས་རེ་ཞིག་འདིར་འཇུག་བསྡུས་པའོ། 

བསམ་ཚུལ།

Post navigation

Previous Post: ཉེ་ལམ་སྤྱི་ཟླ་གཉིས་པའི་ནང་ཀོ་ལི་གྷལ་གཞིས་ཆགས་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་བསྲུངས་བརྩིའི་ཐོག་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་འཕྲིན་ཕེབས་པའི་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱིས་འགན་འཁུར་ག་རེ་བཞེས་ཡོད་དམ།
Next Post: ཉིན་ཤས་སྔོན་རྒྱ་གར་གྱིས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུའི་ལས་རིམ་ནང་རྡ་ས་ཁུལ་གྱི་བོད་མི་བཙན་བྱོལ་བ་ཁག་ཅིག་ནས་འོས་འཕེན་གྱི་ཆ་ཤས་བླངས་པའི་སྐོར་ལ་དཔྱད་པའི་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme