Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲང་གཏམ་ཚངས་ཐིག་མ།

Posted on 2024-04-22 By ཁ་བརྡ་ 1 Comment on དྲང་གཏམ་ཚངས་ཐིག་མ།

རིགས་ཞེན།

ཆོལ་གསུམ་སྤྱི་ཡིས་འདོད་པ་ནི་བོད་ལ་རང་བཙན་ཐོབ་ན་སྙམ་པ་དེ་ཡིན་མོད། དེ་ནི་སྤྱི་ལོ་1978ལོ་ནས་ཏིན་ཞའོ་ཕིན་གྱིས་བཀག་ཟིན་པ་རེད། སྟོབས་དང་དབང་ཚད་གང་གི་ཆ་ནས་ཀྱང་ཏིན་ཞའོ་ཕིན་གྱི་ཆ་རྐྱེན་དེ་ལ་རྒོལ་ལན་སྤྲོད་པའི་ནུས་པ་ང་ཚོ་ལ་མ་མཆིས་པས། ང་ཚོས་༸གོང་ས་མཆོག་གི་དགོངས་གཞི་ལས་འཕྲོས་ཤིང་མི་མང་གིས་མང་མོས་འདམས་ཁ་བྱུང་བའི་དབུ་མའི་ལམ་ཐོག་དེད་ནས་རྒྱ་ནག་དང་གྲོས་མོལ་བྱེད་དགོས་པ་ཆགས་ཀྱི་ཡོད་ལ་སྔོན་ཆད་ཀྱང་ལམ་ཐིག་འདི་ལས་གྲོལ་མོལ་བྱེད་མྱོང་བ་རེད། དོན་དག་ཆེ་ཕྲ་གང་ཞིག་ཡིན་རུང་ཕྱོགས་གཉིས་ཀྱིས་གྲོས་ཁ་བྱེད་དགོས་པ་ལས་བཙན་པོས་དབང་ཡོད་བྱས་ན་ཕྱིའི་རྣམ་པ་འགྲིག་པ་ལྟར་སྣང་ཡང། ནང་གི་དད་མོས་དང་རིགས་ཞེན་འདི་དོན་དག་གལ་ཆེན་ལ་ཕྲད་དུས་རང་ཉིད་གང་ལ་ཞེན་ཅིང་དད་པའི་ཕྱོགས་ལ་འགྲོ་བ་ལས་བཙན་གྱིས་དབང་འོག་ཏུ་བཅུག་པའི་གནས་དེ་ནས་འཁུམས་ནས་མི་འདུག་པ་ནི་འདས་པའི་མི་ལོ་དྲུག་ཅིའི་རིང་ལ་ཡང་དང་བསྐྱར་ཏུ་ཟིང་འཁྲུག་ལང་མྱོང་བ་དེ་འདྲ་རེད།

བོད་མི་བཙན་བྱོལ་བའི་ཁྲོད་དུ་རང་བཙན་དགོས་ཟེར་བའི་སྐོར་གཞོན་ནུ་ཚོགས་པ་སོགས་གང་མང་ཞིག་ཡོད་ཀྱང་ཁོ་ཚོ་ལ་རང་བཙན་ལེན་ཐུབ་པའི་ཐབས་དང་ནུས་པ་གང་ཡང་མེད་པ་མངོན་སུམ་ཡིན་ཡང། སྟོང་འདང་རིང་མོ་ཞིག་ལ་འཇུས་ཏེ་ཕྱི་རྒྱལ་གྱི་རྒྱལ་ཁབ་ག་གེ་མོས་རོགས་པ་བྱས་ནས་བོད་ཀྱི་ཆེད་དུ་རྒྱ་ནག་ལ་དམག་བརྒྱབ་ཡོང་བའི་རྨི་ལམ་སྐྱིད་པོ་རྨིས་ནས་ནམ་ཡང་སད་མ་མྱོང་བ་དེ་རེད། སྲིད་བློན་ནེའུ་ཧ་རུས་༸གོང་ས་མཆོག་ལ་བོད་ཀྱི་ཆེད་དུ་ཨ་རིས་རྒྱ་ནག་ལ་དམག་རྒྱག་གི་མ་རེད་ད་ཞེས་པ་འདི་གོ་རྒྱུ་ཅན་གྱི་གཏམ་རེད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གང་ཞིག་ཡིན་ཡང་ཁེ་བཟང་མེད་པའི་དམག་འཁྲུག་སློང་གི་མ་རེད། འོ་ན་ཕྱི་རྒྱལ་གྱི་རྒྱལ་ཁབ་དེ་དག་གིས་རོགས་མ་བྱས་ན་བཙན་བྱོལ་དུ་ཡོད་པའི་གཞོན་ནུ་ཚོགས་པ་ལྟ་བུའི་ཐབས་དང་སྟོབས་ཤུགས་གང་ཡང་མེད་པའི་མི་ཁ ཅིག་ལ་རང་བཙན་ཇི་ལྟར་རེག་གི་རེད། རང་ཉིད་འཐབ་གི་ཡིན་ཟེར་ན་སྟོབས་མེད། སློང་གི་ཡིན་ཟེར་སྔ་མོ་ཉིད་ནས་རང་བཙན་མ་གླེང་ཞེས་ལམ་ལ་དེ་སྐད་ཆ་འགྲོ་ས་མེད། འོན་ཀྱང་ད་དུང་ཨུ་ཚུགས་ལྟ་བུ་ཞིག་རྒྱག་བཞིན་པ་འདི་ངས་མཐོང་སྣང་ལ་ཁོ་བ་ཚོས་འཚོ་སྐྱེལ་སྟངས་ཤིག་དང་ཚོང་རྒྱག་སྟངས་ཤིག་རེད་བསམ་གི་འདུག་པ་ལས་གཞན་རེ་བ་ཕྲ་མོ་ཙམ་ཡང་རྙེད་མ་བྱུང་ངོ།

ད་འོ་ན་རེ་བ་གང་ལ་ཡོད་པ་རེད་ཟེར་ན། གཉིས་སྨན་དབུ་མའི་ལམ་རེད། ཇི་ལྟར་རེ་བ་ཡོད་པ་རེད་ཟེར་ན། ལམ་འདི་ནས་གྲོས་བྱེད་ས་འགྲོ་གི་ཡོད་པ་རེད། ལམ་འདི་ནས་ཁ་བརྡ་བྱས་མྱོང་བ་རེད། དེའི་རྐྱེན་གྱིས་རྒྱ་ཆེའི་མི་མང་གིས་སྤྱི་འཐུས་གྲོས་ཚོགས་ནང་གི་ཆོལ་ནད་ཀྱིས་ཟིན་པའི་ཉོག་བཤད་དེ་དག་གི་རྗེས་སུ་བརྒྱུགས་ནས་ཁྱོའི་ཁ་དང་ངའི་སྣ་བརྩད་ནས་མི་འདུག་པར་རྒྱ་ནག་དང་ཞི་མོལ་བྱེད་པའི་ཐབས་ལམ་ཞིག་བཙལ་ན་ཧ་ཅང་ལེགས། ༸གོང་ས་མཆོག་གིས་གསུང་བ་ལྟར་རྒྱ་ནག་མི་མང་དུང་ཕྱུར་བཅུ་བཞི་དང་ལྷན་དུ་ཐུན་མོང་གི་ཁེ་བཟང་ཆེ་བ་དེར་ལོངས་སྤྱོད་ན་བཟང་བའི་བཀའ་སློབ་ལ་བསམ་གཞིག་བྱས་ཏེ་ཆོལ་གསུམ་སྤུན་ཟླ་ཚང་མས་རྒྱ་ནག་དང་གྲོས་མོལ་བྱེད་པའི་ཐབས་ལམ་བཙལ་དགོས་པ་དེ་རེད། དོན་དངོས་གནས་ཚུལ་ནས་བཤད་ན་ང་ཚོས་སུམ་བཅུའི་དུས་དྲན་ནས་སྐད་འབོད་བྱེད་པའི་འབོད་ཚིག་དང་བོད་རྒྱ་ཞི་མོལ་དང་དབུ་མའི་ལམ་ཟེར་བ་འདི་དག་དོན་དངོས་འགལ་བ་ལྟག་སྤྲོད་ལྟ་བུ་ཞིག་རེད། སྲིད་བློན་ཀླུ་ཁང་བས་གསུང་བ་ལྟར། མི་ཞིག་གི་མགོ་ལ་གཞུས་ནས་ཀ་ལི་བཀོག་ནས་ཁྲག་བཞུར་བཞིན་པའི་སྐབས་དེར་ངེད་གཉིས་གྲོགས་པོ་སྒྲིགས་ཟེར་ན་ཡོང་དཀའ་བ་ནས་ཕལ་ཆེར་ཡོང་ཐབས་མེད་པ་ཞིག་རེད། དེ་ནང་བཞིན་རྒྱ་ནག་གཞུང་ལ་ངན་བཤད་དང་དམོད་མོ་ལྟ་བུ་མང་བོ་ཞིག་བྱེད་བཞིན་དུ་གྲོས་མོལ་དང་དབུ་མའི་ལམ་གྱི་སྐད་ཆ་བཤད་ཟེར་ན་ཧ་ཅང་ཁག་པོ་རེད། ན་གཞོན་མང་བོ་ཞིག་གིས་དཀྱེལ་ཡངས་ཀྱི་བསམ་བློ་བཏང་ནས་བོད་རྒྱ་ཞི་མོལ་གྱི་རྩོམ་ཡིག་འབྲི་བ་དང་ལས་འགུལ་སྤེལ་བ་སོགས་བྱས་ན་འབྲས་བུ་ཐོབ་མི་སྲིད་པ་ཞིག་མ་རེད། ༸གོང་ས་མཆོག་གིས་བོད་རྒྱ་འགྲིག་མཐུན་ལ་སུས་ཀྱང་ལས་ཀ་བྱས་ཆོག་ལ་ལས་བྱེད་པའི་ཐོབ་ཐང་ཡང་ཡོད་ཅེས་གསུང་བས་ང་ཚོ་ཚང་མ་ལ་འགན་འཁྲི་ཡོད།

ཁྱོད་ཀྱིས་བོད་དོན་གྱི་འཁན་འཁྲི་ཅི་ཞིག་ཁུར་མྱོང་ཡོད། ཅི་ཞིག་འཁུར་བཞིན་ཡོད། ཅི་ཞིག་འཁུར་རྩིས་ཡོད།

བསམ་ཚུལ།

Post navigation

Previous Post: སྤྱི་འཐུས་སྐབས་བཅུ་དྲུག་གིས་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དེ་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན་གཤམ་འོག་བཅའ་ཁྲིམས་ཀྱི་དོན་ཚན་སོ་སོར་དཔྱད་ན་ཤེས་ཐུབ།
Next Post: ཁྲིམས་ལུགས་དབང་འཛིན། ༼ Judiciary ༽ མེད་པའི་མང་གཙོའི་སྒྲིག་འཛུགས་ཞིག་གི་གཞི་རིམ་མི་མང་གི་འཚོ་བ་ལ་ཁྲིམས་མཐུན་གྱིས་འགན་འཁུར་ཐུབ་ཀྱི་ཨ་ཡོད།

Comment (1) on “དྲང་གཏམ་ཚངས་ཐིག་མ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2024-04-22 at 10:43 am

    སྤྱི་ལོ་ ༡༩༩༧ ཟླ་བ་ ༩ པའི་ཚེས་ ༡༨ ཉིན་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་གཏན་འབེབས་གནང་བའི་ཉིན་མོ་དེ་ནས་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་དོན་བདེན་མཐའ་སེལ་རྒྱུའི་ཐབས་ལམ་དབུ་མའི་ལམ་བརྒྱུད་ནས་འགྲོ་དགོས་པ་ལྟར་བོད་རྒྱ་གཉིས་གྲོས་མོལ་རིམ་པ་བཅུ་ཙམ་གནང་བ་ནས་སྤྱི་ལོ་ ༢༠༡༠ ནས་ད་ལྟ་བར་གྲོས་མོལ་གྱི་ལམ་ཁ་འགག་ཡོད་ན་ཡང་དབུ་མའི་ལམ་གྱིས་དགོས་འདུན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་སྒྲོམ་གཞིིའི་འོག་ཆོལ་གསུམ་བོད་རིགས་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་ས་གནས་མི་རིགས་རང་སྐྱོང་གིས་བཅའ་ཁྲིམས་ནང་གསལ་བའི་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་དགོས་པའི་དགོས་འདུན་སྟོན་པ་འདི་ང་ཚོའི་མི་དང་མི་ཐུག་ནས་བོད་རྒྱ་གཉིས་ས་འབྲེལ་ཆབ་སྲིད། ༼ Geopolitic ༽ ལ་འགན་འཁུར་ནས་བོད་རྒྱའི་འགོ་ཁྲིད་བར་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་། ཚུར་བཤད་ཕར་ཉན་བརྒྱུད་ནས་བོད་རྒྱའི་དཀའ་སྙོགས་སེལ་དགོས་པ་དེ་ཕྱི་མ་དྲག་ནའང་སྔ་གང་ནས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme