Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་གཟུགས་རྣམས་ཀྱི་སྤྱོད་ལམ་གྱིས་མང་ཚོགས་ཀྱི་དད་སེམས་རླུང་ལ་སྤུར་བའི་ལོ་ཟླའི་ཁྲོད་བཟོད་སྒོམ་མ་ཐུབ་པར་ཤོར་བའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་ཁག་དང་བསྟན་པ་ལ་འགན་ཡོད་པའི་ལས་སྣེ་ཚོར་དྲི་བ་༢༧།

Posted on 2023-12-20 By ཁ་བརྡ་ No Comments on ཆོས་གཟུགས་རྣམས་ཀྱི་སྤྱོད་ལམ་གྱིས་མང་ཚོགས་ཀྱི་དད་སེམས་རླུང་ལ་སྤུར་བའི་ལོ་ཟླའི་ཁྲོད་བཟོད་སྒོམ་མ་ཐུབ་པར་ཤོར་བའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་ཁག་དང་བསྟན་པ་ལ་འགན་ཡོད་པའི་ལས་སྣེ་ཚོར་དྲི་བ་༢༧།

ཨོ་གླིང་ནས་བློ་བཟང་།

དེང་སྐབས་སུ་དགེ་འདུན་པའི་སྡེས་ཁྱིམ་པ་སུན་འབྱིན་ཀྱི་ལས་གསོག་ན་འགྲིག་པའི་དུས་སྐབས་ཞིག་ལ་གཟིགས་སམ། ཆོས་བརྒྱུད་སྤྱི་འཐུས་ཀྱི་བྱ་སྤྱོད་ཀྱིས་མང་ཚོགས་ཁྲོད་སེར་མོའི་སྤྱི་ཚོགས་ལ་ལོ་རེ་ནས་ལོ་རེར་སྡང་སེམས་ཇེ་ཆེར་འགྲོ་བཞིན་པ་ཐབས་ཤེས་གང་ཡོད་ཀྱིས་འགོག་མི་དགོས་སམ།
སྤྱི་ཚོགས་ནང་གླང་དམར་གྱི་མཚན་གནས་བཞེས་པའི་མཁན་སློབ་དང་དགེ་བཤེས་མིང་འཛིན་པ་དེ་ཚོས་དགེ་འདུན་ཀྱི་སྡེའི་མཚན་ཞབས་འདྲེན་པ་མ་གཟིགས་སམ།

དགེ་འདུན་པའི་ནང་ལ་བསྟན་པའི་ཞབས་འདྲེན་པའི་ཆབ་སྲིད་པ་སླེབས་སྐབས་མ་གོ་མ་ཐོས་པའི་བརྟུལ་ཞུགས་དེ་ཚོ་འོས་འཚམས་ཞིག་ཡིན་ནམ།

༸གོང་ས་མཆོག་གིས་རྒྱུན་ལྡན་གསུངས་དོན། མར་མེ་རླུང་གི་བསད་ན་འཛུམ་ཤུགས། ལྷ་ཁང་མེས་ཚིག་ན་འཛུམ་ཤུགས། ཟེར་བའི་དཔེ་ལྟར་འགྲོ་ན་འགྲིག་གི་མ་རེད་ཞེས་ཞལ་གདམས་གནང་བ་མི་དྲན་ནམ།

ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཀྱི་བྱ་སྤྱོད་ཀྱིས་མང་ཚོགས་ཀྱི་དད་སེམས་ལ་དོ་ཕོག་འགྲོ་གི་ཡོད་ཚུལ་གྱི་གཏམ་གླེང་ལ་ཞིབ་འཇུག་ཞིག་ཀྱང་བྱ་འདོད་མེད་དམ།

བོད་བརྒྱུད་ནང་བསྟན་གྱི་མཁན་པོ་དང་དགེ་བཤེས་ཀྱི་མཚན་སྙན་ལ་དོ་ཕོག་འགྲོ་བཞིན་པ་འདི་ལ་ཕངས་སེམས་ཞིག་ཀྱང་མེད་དམ།

ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམས་ཀྱིས་གྲོས་ཚོགས་ནང་གཏམ་གླེང་ཅི་འདྲ་གནང་གི་ཡོད་པ་ཅུང་ཙམ་ཡང་མི་མཁྱེན་ནམ།
ཆོས་བརྒྱུད་སྤྱི་འཐུས་ཚོས་གྲོས་ཚོགས་དང་མང་ཚོགས་ནང་གཏམ་གླེང་གནང་སྐབས་སུ་སྡང་སེམས་དང་འཐེན་འཁྱེར་གྱི་དབང་གིས་སྐད་ཤུགས་ཆེ་ལ། བཞིན་སྡུག་པའི་བྱ་སྤྱོད་དེ་ཚོས་སེར་མོ་བའི་སྤྱི་ཚོགས་ཀྱི་མཚན་སྙན་དོང་ཞབས་སུ་གཡུག་མི་འདུག་གམ།

ཆོས་བརྒྱུད་ཀྱི་སྤྱི་འཐུས་ཚོས་མི་གཅིག་རྒྱབ་ལ་དཔུང་བསྒྲིགས་ཀྱིས་ཕྱོགས་རིས་འཐེན་འཁྱེར་གནང་བ་མ་གཟིགས་སམ།

བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་ཆེན་པོ་བཏང་ནས་གྲོས་ཚོགས་འཚོགས་སར་ཕེབས་ཀྱང་བོད་ནང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འགོ་ནས་བཟུང་རྙོག་གླེང་རྒྱུན་མཐུད་ནས་གཅིག་བརྒྱབ་གཅིག་ལངས་ཀྱི་དཔེ་ལྟར་སྨོན་ལམ་མཐར་ཕྱིན་གྱི་རྒྱབ་དུ་ལངས་ནས་སྐད་ཆ་ཅི་འདྲ་བཤད་པ་དང་མཐར་གྲོས་ཚོགས་འཚོགས་མ་ཐུབ་པས་གཞུང་དངུལ་འཕྲོ་བླངས་ཏུ་བཏང་བ་འོས་འཚམས་ཞིག་ལ་གཟིགས་སམ།

༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་ལ་གནང་བའི་ལམ་སྲོལ་བཞིན་སྤྱི་ཚོགས་ནང་རྙོག་གླེང་ཆེ་བའི་སེར་མོ་བའི་སྤྱི་འཐུས་མི་དགོས་པའི་ཐུགས་བསམ་རེ་གནང་གི་མེད་དམ།

ཆོས་བརྒྱུད་སྤྱི་འཐུས་ཚོ་འཛིན་སྐྱོང་དང་བོད་དོན་བདེན་མཐའ་གསལ་བར་ཕན་ལས་གནོད་ཆེ་བའི་དཔེ་ལྟར་སོང་བ་མ་གཟིགས་སམ།

ཆོས་བརྒྱུད་སྤྱི་འཐུས་དེ་ཚོ་གནམ་ཐང་སོགས་འགྲིམ་འགྲུལ་གྱི་ས་ཚིགས་སོགས་ན་གྲོགས་མེད་ཁེར་རྐྱང་དང་། མང་ཚོགས་ཀྱིས་གཡོལ་གང་ཐུབ་གནང་བཞིན་པ་དང་དགེ་འདུན་གྱི་སྡེ་ལ་ཡང་སྡང་སེམས་ཆེ་རུ་འགྲོ་བཞིན་པ་མ་ཚོར་རམ།
དགེ་འདུན་པས་ཆོལ་ཁའི་ཕྱོགས་ཞེན་དང་ཆགས་སྡང་གི་དབང་གིས་འོས་ཤོག་གི་ཆ་ཤས་བླངས་རྐྱེན་འོས་ཤོག་བླུག་མཁན་གྱི་དགེ་འདུན་པའི་སྡེ་ལ་ཡང་དད་ལོག་བྱེད་མཁན་ཆར་རྗེས་ཀྱི་ཤ་མོ་བརྡོལ་བའི་དཔེ་ལྟར་སོང་བ་མ་གཟིགས་སམ།

ཐབས་སྐྱོ་བའི་གནས་ཚུལ་འདི་དག་སྐབས་སྤྱི་ཚོགས་ནང་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས་སྐབས་ཆོས་དད་ཅན་རྣམས་ཡིད་ཆད་པ་དང་ཆོས་ལ་སྡང་སེམས་ཆེ་བའི་རང་རིགས་དག་གིས་དགའ་འབོད་བྱེད་བཞིན་པ་མ་ཐོས་སམ།
ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱི་སྐྱུག་མེར་ལངས་པའི་བྱ་སྤྱོད་ཀྱིས་སངས་རྒྱས་པའི་ཆོས་སྦྱོང་ན་སེམས་པ་བཟང་དུ་འགྲོ་བའི་བསླབ་བྱ་ལ་མང་ཚོགས་ནང་དོགས་པ་ཆེ་རུ་འགྲོ་བཞིན་པ་མ་གཟིགས་སམ།

སངས་རྒྱས་ཀྱི་བསྟན་པ་དགེ་འདུན་པའི་སྡེ་ལ་རག་ལས་པ་དང་དགེ་འདུན་པའི་སྡེ་དད་ལྡན་མང་ཚོགས་ལ་འབྲེལ་ནས་ཡོད་པ་ཐུགས་དྲན་མི་སོས་པའི་དུས་ཞིག་ཡིན་ནམ།
༸གོང་ས་མཆོག་གིས་ཧི་མ་ལ་ཡིའི་དགེ་འདུན་པ་ཚོར་ཆབ་སྲིད་ཚོགས་པའི་ནང་ལ་ཞུགས་ན་བདེ་བོ་མེད་པའི་བཀའ་སློབ་ལམ་སྟོན་གནང་བ་ཐུགས་ངེས་སུ་མེད་དམ།

སྐབས་དུས་འདི་འདྲ་ཞིག་ལ་དགེ་འདུན་པའི་སྡེ་ལ་ཁྲིམས་སྒྲིག་གསར་བཟོ་དང་ཁྱིམ་པ་སུན་འབྱིན་གྱི་ལས་འགོག་པའི་དུས་ཞིག་ལ་མ་གཟིགས་སམ།

དེང་སྐབས་ཀྱི་བཙན་བྱོལ་ནང་གི་ཆོལ་ཞེན་གྱིས་རུལ་སུངས་སུ་སོང་བའི་དགེ་འདུན་པའི་སྡེ་འདི་མགོ་རུལ་རྣ་བས་མི་ཚོར་བའི་དཔེ་ལྟར་སོང་མི་འདུག་གམ།

ངོ་སྲུང་དང་མཚན་སྙན་ལ་གནོད་དོགས་ཀྱིས་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་ལ་ཁྱིམ་པ་སུན་འབྱིན་གྱི་ལས་འདི་ལྟ་བུ་བྱུང་དང་འབྱུང་བཞིན་པ་མ་གཟིགས་མདོག་གནང་ན་འགྲིག་གམ།

ཆོལ་ཞེན་གྱིས་གཟི་བའི་བླ་གྲྭ་འདི་དག་གིས་སངས་རྒྱས་ཀྱི་བསྟན་པ་ལ་སློབ་ཀྱང་ནད་པའི་སྨན་མ་བསྟེན་པར་སྨན་མཆོག་ལག་དུ་བཟུང་ནས་ཤུ་བའི་དཔེ་དོན་ཚང་མི་འདུག་གམ།

ཁ་སང་དེ་རིང་གདན་སའི་དགེ་བཤེས་ཚོ་ཡང་དགེ་ལུགས་སྤྱི་འཐུས་ཀྱིས་ཤུགས་རྐྱེན་འོག་ཆོལ་ཁའི་ཕྱོགས་ཞེན་གྱིས་མཁན་པོ་སོགས་ལས་སྣེ་ལ་ངོ་རྒོལ་བྱེད་བཞིན་པ་མ་ཐོས་སམ།

ཕྱོགས་ཞེན་གྱིས་བཟི་བའི་དགེ་བཤེས་མིང་འཛིན་པ་དེ་ཚོས་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་ཆེ་མཐོང་རྨང་ནས་བཤིགས་ཟིན་པ་མ་མཐོང་སམ།

༸གོང་ས་མཆོག་གདན་ས་ཁག་ལ་ཕེབས་འཆར་ཡོད་པ་དེ་དག་ཕྱིར་འཐེན་བྱས་སྐབས་མི་སྐྱའི་སྤྱི་ཚོགས་ཀྱིས་༼དག་དག་རེད་དེ་ཚོ་ལ་༸གོང་ས་མཆོག་གི་བཀའ་སློབ་ཀྱིས་ཕན་གྱི་མི་འདུག་༽ཟེར་ནས་དགའ་སྣང་བྱེད་བཞིན་པ་མ་ཐོས་སམ།

སྤྱི་ལོ་༢༠༢༡ ལོར་ཆོས་བརྒྱུད་སྤྱི་འཐུས་དང་འབྲེལ་བའི་བློ་གླིང་མཁན་པོས་བསྒྲགས་གཏམ་སྤེབ་བ་དང་། ཉེ་ཆར་སྦེལ་ཀོབ་མི་མང་གིས་དགེ་ལུགས་སྤྱི་འཐུས་གཉིས་ལ་ངོ་རྒོལ་བྱས་པ་དང་དེའི་སྔོན་ཙམ་ལ་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་སྐད་ངན་ཤོར་པའི་གནས་ཚུལ་ལ་བསམ་གཞིག་ཞིག་བྱ་མི་འདོད་དམ།

༢༠༢༣/༡༢/༡༥

བསམ་ཚུལ།

Post navigation

Previous Post: བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མང་གཙོའི་ཀ་བ་གསུམ་གྱིས་འགན་འཁུར་སྐོར་ལ་དཔྱད་པའི་གཏམ།
Next Post: སྤྱི་ཚོགས་དྲ་རྒྱའི་དུས་རབས་ལ་འགན་འཁུར་ནས་བཙན་བྱོལ་སྤྱི་ཚོགས་ནམ་ཡང་དཀྲུགས་མི་ཉན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme