Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ཞིང་འབྲོག་གིས་འཚོ་བ་ལ་དཔྱད་པའི་གཏམ།

Posted on 2023-12-05 By ཁ་བརྡ་ No Comments on བོད་ཀྱི་ཞིང་འབྲོག་གིས་འཚོ་བ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

ཆེས་སྔ་བའི་དུས་སུ་བོད་ཀྱི་ས་ཆ་ཡོངས་རྫོགས་རྒྱ་མཚོ་ཡིན་པ་དང་། རིམ་གྱིས་རྒྱ་མཚོའི་ཆུ་ས་འོག་ལ་ཐིམ་ནས་སྐམ་སར་རྒྱུར་ནས་མི་གི་འགྲོ་བ་འཕེལ་བའི་བརྒྱུད་རིམ་ནས་ཕ་སྤྲེའུ་བྱང་ཆུབ་སེམས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དང་། མ་བྲག་སྲིན་མོ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་གཉིས་འདུས་པ་ལས་སྤྲེ་ཕྲུག་མི་འདྲ་བ་དྲུག་སྐྱེས་ནས་བོད་དུ་མི་གི་འགྲོ་བ་དེ་ནས་འཕེལ་ནས་དང་པོ་འབྲོག་གི་རྣམ་པ་ནས་རིམ་གྱིས་ཡར་རྒྱས་ལ་ཁ་ཕྱོགས་ནས་བཟའ་ཚང་མཉམ་འདུས་ཀྱིས་བུ་ཕྲུག་སྐྱེ་འཕེལ་བརྒྱུད་ནས་མི་འབོར་མང་དུ་ཕྱིན་ནས་མི་མང་མཉམ་འདུས་ཀྱི་འཚོ་རྟེན་ལ་ས་ཞིང་འདེབས་ལས་བྱེད་མཁན་ལ་ཞིང་པ་ཟེར་བའི་ཐ་སྙད་དེ་དར་བ་དང་། དུད་འགྲོ་སེམས་ཅན་གསོ་ཉར་བྱེད་མཁན་ལ་འབྲོག་པ་ཟེར་བའི་ཐ་སྙད་དེ་དར་བ་དང་། ཞིང་པ་ཚོ་ས་ཆ་གཅིག་ཏུ་གཞིས་ཆགས་ནས་སྡོད་ས་ཁང་པ་རྒྱབ་ནས་འཚོ་བའི་རྟེན་གཞི་སོ་ནམ་ཞིང་ལས་དང་སྒོ་ཕྱུགས་སེམས་ཅན་མཛོ་དང་། བ་ཕྱུགས། རྟ། གཡག་སོགས་ཉར་ནས་མཛོ་དང་བ་ཕྱུགས་བཏང་ནས་ས་ཞིང་རྨོས་རྒྱབ་ནས་འབྲུ་དང་ནས་སོགས་བཏབ་ནས་སོ་ནམ་ལས་གཞིའི་འཚོ་བ་སྐྱེལ་བཞིན་པ་དང་། འབྲོག་པ་ཚོ་དུད་འགྲོ་སེམས་ཅན་འབྲི་གཡག་དང་། ར་ལུག རྟ་སོགས་གསོ་སྐྱོང་འོག་ཁྱིམ་ཚང་གི་འཚོ་བ་ལ་འགན་སྲུང་བྱས་ནས་ས་ཆ་གཅིག་ཏུ་མ་བསྡད་པར་རྩ་ཆུ་འཛོམས་ས་ལ་གཞིས་སྤོས་ནས་ཁང་པ་མེད་པ་གུར་ནང་མི་ཚེ་སྐྱེལ་བཞིན་པ་དང་། འབྲོག་པའི་སྡོད་གུར་ལ་རིགས་གཉིས་ཡོད་པ་གཡག་གི་སྤུ་རྩིད་པ་ལ་བཟོས་པའི་སྦྲ་གུར་ནག་པོ་ལ་འབའ་ཟེར་བ་དང་། ཕར་ཚུར་ཁྱེར་བདེའི་ཆེད་རས་གུར་དཀར་པོ་ལ་མཐའ་རྒྱན་དང་གུར་གྱི་དཀྱིལ་ལ་རི་མོ་འཁོར་ལོ་སོགས་འབྲི་སྲོལ་ཡོད་པ་དང་། འབྲོག་པའི་ཕ་རྒན་ཚོ་འཛོམས་ནས་དབྱར་ས་དང་དགུན་ས་རྒྱན་རྒྱག་གི་ལམ་ནས་སོ་སོར་ཐོབ་པའི་ས་ཆའི་སྟེང་དུད་འགྲོ་སེམས་ཅན་འཚོ་དགོས་པ་ལས་མི་གཞན་གྱི་ས་ཆའི་སྟེང་དུད་འགྲོ་འཚོ་མི་ཉན་པ་དང་། འབྲོག་པའི་ཁ་ཟས་དུད་འགྲོ་སེམས་ཅན་གྱི་འོ་མ། ཞོ། དར་ར། ཆུར་ར། ཐུད། ཤ་དང་རྩམ་པ་སོགས་བེད་སྤྱོད་མང་བ་བྱེད་བཞིན་པ་དང་། ཞིང་པའི་ལག་ནས་ཉོས་པའི་ནས་རྩམ། འབྲུ་རྩམ། བྲོ། འབྲས། སྲན་མ། ལ་ཕུག ཞོ་གོག མངར་ཆའི་རིགས། གུ་རམ། རས་ཆའི་རིགས་སོགས་ཚུར་བླང་ནས་ཕར་མར། ཆུར་ར། ཐུད། ཤ། དུད་འགྲོའི་པག་རིགས། བལ་དང་ལེ་ན། གཡག་གི་རྔ་མ། ཚ་དང་ཚ་ལེ་སོགས་སྤྲད་དེ་ཞིང་འབྲོག་བར་ཚོང་འབྲེལ་བྱེད་པ་དང་། འབྲོག་པས་གྱོན་གོས་དབྱར་གོས་ལ་རས་གོས་ཀྱི་ཕྱུ་པ་དང་དགུན་དུས་ལ་ཚར་རྩག་དང་སློག་པའམ་པགས་རྩག་སོགས་གྱོན་པ་དང་། རྩ་ཆུ་འཛོམས་ས་ལ་གཞིས་སྤོ་སྐབས་རྒྱུ་དངོས་ཆ་ཚང་དོ་བོ་རྒྱབ་ནས་རྟ་དང་གཡག་ལ་ཁལ་བཀལ་ནས་ས་གནས་གཅིག་ནས་གཞན་ལ་གཞིས་སྤོ་བྱེད་པ་དང་། འབྲོག་པ་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་མི་མེད་ལུང་སྟོང་ལ་རྩ་ཆུ་འཛོམས་སར་ཟླ་གྲངས་གསུམ་བཞི་སྡོད་དགོས་པ་ནས་གཅན་ཟན་དང་རྐུ་ཇག་གི་སྲུང་སྐྱོབས་ཆེད་འབྲོག་པ་ཁྱིམ་ཚང་རེར་འབྲོག་ཁྱི་ངར་མ་བཞི་ལྔ་ཉར་ནས་ཉིན་ཚན་མེད་པར་ཁྱི་གི་སྲུང་བྱ་དམ་པོ་བྱེད་ཀྱི་རེད། ཞིངའབྲོག་ཚང་མས་རང་སྲུང་ཆེད་གོ་མཚོན་མེ་མདའ་དང་གྲི་རིང་ཐུང་སོགས་བདག་ཉར་བྱེད་པ་དང་། ཞིང་པ་ཚོ་ལོ་རེར་སྟོན་འབྲས་ཐེང་གཉིས་འདེབས་ལས་བྱེད་མཁན་ཡང་ཡོད་པ་ནི་གནམ་ཆུ་དང་རྒྱུགས་ཆུ་གཉིས་ལ་སྐྱབས་བཅོལ་ནས་རྒྱུགས་ཆུ་ལ་ཡུར་བ་བྲུས་ནས་ཞིང་ཆུ་འདྲེན་གཏོང་གི་སྟོན་འབྲས་འདེབས་ལས་བྱེད་པ་དང་། ཉེ་འགྲམ་ལ་རྒྱུགས་ཆུ་མེད་མཁན་གྱི་ཞིང་པ་ཚོ་གནམ་ཆུ་ལ་སྐྱབས་བཅོལ་རྒྱུ་ཙམ་ལས་དེང་སང་ནང་བཞིན་ས་འོག་ནས་ཆུ་བྲུ་རྒྱུའི་ཆ་རྐྱེན་མེད་པ་ནས་ཐབས་ཤེས་རྫོགས་པ་དང་། བོད་ཀྱི་ཞིང་ལས་ཡོངས་རྫོགས་སྲོལ་རྒྱུན་ཞིང་ལས་ཁོ་ན་ཡིན་པ་ལུད་སྦྱོར་མང་ཆེ་བ་སྒོ་ཕྱུག་སེམས་ཅན་ར་ལུག་སོགས་ཀྱིས་བཙོག་གཅིན་དང་ཐབ་ཀྱི་སྒོ་ཐལ་དང་མི་གི་བཙོག་གཅིན་སོགས་ལས་སྒྲུབ་པའི་ལུད་སྦྱོར་ལས་དེང་སང་ནང་བཞིན་རྫས་ལུད་རིགས་སྣེ་གཅིག་ཀྱང་མེད་པ་སྲོལ་རྒྱུན་ངོ་མ་ཡིན་པ་ནས་སྟོན་འབྲས་ཐོན་འབབ་ཡང་ནང་མིའི་འཚོ་བ་ཁུངས་ཁྱོལ་ཙམ་ལས་དེང་སང་རྫས་ལུད་ནང་བཞིན་གྱི་ཐོན་འབབ་མེད་པ་ནས་ཞིང་པ་ཉམས་ཆུང་ཚོ་རང་ཁ་རང་གསོ་ཐུབ་ཙམ་ལས་མེད་པ་དང་། ས་ཞིང་མང་བ་དང་རྒྱུགས་ཆུའི་མཐུན་རྐྱེན་འཛོམས་པའི་ཞིང་པ་ཚོ་ལོ་རེར་སྟོན་འབྲས་ཐེངས་གཉིས་བཏབ་ནས་སྟོན་འབྲས་ཐོན་འབབ་ནས་ཁྱིམ་ཚང་གི་དགོས་མཁོ་ཕུད་པའི་འཕྲོས་ལྷག་ཕྱི་ཚོང་བྱེད་པ་དང་། འབྲོག་པ་ཕྱུག་བདག་ལ་དཀར་ཁྲི་ནག་སྟོང་གི་བདག་པོ་ཟེར་བ་ལྟར་ར་ལུག་ཁྲི་ལྷག་དང་། འབྲི་གཡག་སྟོང་ཚོ་ཁ་ཤས་དང་། རྟ་དྲེལ་གསུམ་བརྒྱ་བཞི་བརྒྱ་སྐོར་ཡོད་མཁན་གྱི་འབྲོག་པ་ཕྱུག་བདག་དེ་འདྲ་ཡང་ཡོད་འདུག་ལ་འབྲོག་པ་ཉམས་ཆུང་ཚོར་ར་ལུག་བཅུ་བཅོ་ལྔ་ཙམ་ལས་མེད་པའི་ཁྱིམ་ཚང་དེ་འདྲ་ཡང་ཡོད་པ་འདི་དག་ནི་སྔོན་བསགས་ཀྱིས་འབྲས་བུ་ཁོ་ན་ཡིན་པ་ནང་བསྟན་ཆོས་ལུགས་ལ་དད་པ་དང་ཡིད་ཆེས་ཡོད་མཁན་ཚོའི་ངོས་འཛིན་དེ་རང་བྱེད་པ་ལས་འབད་བརྩོན་ཙམ་གྱི་མིན་པ་དང་། འབྲོག་པ་ཚོ་ཚོང་ལ་འགྲོ་སྐབས་རྟ་དང་། དྲེལ། གཡག། ལུག་སོགས་ལ་ཁལ་བཀལ་ནས་ཞིང་པའི་མཉམ་ཚོང་ལས་བྱེད་པ་དང་། འབྲོག་པ་སྡེ་འཚོ་རེར་འགོ་ཁྲིད་སྤྱི་ཁྱབ་རེ་དང་། འགོ་པ་བཞི། དྲུང་ཡིག་བཅས་སྤྱི་འགོ་ལྷན་རྒྱས་ཀྱིས་སྡེ་འཚོའི་ལས་དོན་ཡོངས་རྫོགས་ཐག་གཅོད་གནང་དགོས་པ་དང་སྤྱི་འགོའི་ལས་འགན་ལོ་གསུམ་ཡིན་པ་དང་མི་མང་ནས་རང་འཇགས་བཞུགས་དགོས་པའི་བསམ་འཆར་སླེབས་ཚེ་སླར་ཡང་ལོ་གསུམ་བཞུགས་དགོས་པ་བཅས་འབྲོག་པའི་འཚོ་བའི་གནས་སྟངས་འདི་ཙམ་དང་། ཞིང་པ་ཡུལ་ཚོ་རེར་འགོ་པ་དང་། རྒན་པོ། དམག་དཔོན་དང་། བཅུ་དཔོན། ཟེར་བ་སོགས་མིང་ངམ་གོ་གནས་མི་འདྲ་བ་མང་པོ་ཡོད་འདུག་པ་འགོ་ཁྲིད་དེ་དག་ནས་ཞིང་པའི་ལས་དོན་ཡོངས་རྫོགས་ཐག་གཅོད་གནང་དགོས་པ་བཅས་ཞིང་པའི་འཚོ་བའི་གནས་སྟངས་འདི་ཙམ་དང་། ཞིང་འབྲོག་གཉིས་ཀྱི་འཚོ་བའི་མདུན་ལམ་ནི་དཀའ་ཚེགས་ཆེ་ལ་ཉེན་ཁ་ཡང་ཆེ་བའི་མི་ཚེའི་མདུན་ལམ་ཞིག་ཡིན་པ་འདྲ།

བསམ་ཚུལ།

Post navigation

Previous Post: གཞུང་ཟེར་བའི་ཐ་སྙད་ལ་དཔྱད་པའི་གཏམ།
Next Post: ༄༄ བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་དཔྱད་པའི་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme