Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་གསོ་བ་རིག་པ་ལས་Pancreaseགི་སྲོལ་རྒྱུན་ཐ་སྙད།

Posted on 2023-11-20 By ཁ་བརྡ་ No Comments on བོད་ཀྱི་གསོ་བ་རིག་པ་ལས་Pancreaseགི་སྲོལ་རྒྱུན་ཐ་སྙད།
 སྨན་རམས་པ་བསྟན་འཛིན་ཆོས་སྒྲུབ།
(འོག་གི་པར་རིས་འདིར་དགོས་ན་ལེགས)
1.English term=Pancrease.
2.English meaning=The pancreas is an organ of the digestive system and endocrine system of vertebrates.
3.English source=wikipedia
4.རང་ལུགས་ཐ་སྙད་་་་་་་ཤ་ཤ་རྨེན་བུ།
5 ཐ་སྙད་འབྱུང་ཁུངས་བསྟན་པ།
མན་རྒྱུད་བྱང་ཁོག་རྨ་ལས་་བསམ་སེ་རྩ་ཡི་མདུད་པ་ཤ་རྨེན་འདྲ།།ཞེས་གསུངས་པ་དེ་ལ་མེས་ཞལ་བཤད་རྒྱུད་གནས་ལུགས་ཤོག༡༥༦ཡིག༢༡ལས་་ཕོ་མོ་གཉིས་ཀའི་ལྟེ་འོག་ཏུ་རྩ་གསུམ་འདུས་མདོའི་རྩ་མདུད་ཤ་ཤ་རྨེན་བུ་ལྟར་ཆགས་པ་ལ་བསམ་སེའུ་ཞེས་མིང་གིས་བཏགས།། ཞེས་གསུངས་དང་གསོ་དཔྱད་རྒྱལ་པོ་དཀོར་མཛོད་ཀྱི་ལེའུ༡(དཔེ་རིམ་མ)ཤོག༢༠ཡིག༥ལས་ཁ་ཅིག་ན་རེ་ཤ་ཤ་རྨེན་བུ་ཡིན་ཡང་ཟེེར།།ཞེས་དང་སོ་མ་ར་ཛའི་འབྲས་དང་སུར་ཡ་མཚན་ཉིད་ལེའུ་ཤོག༡༠༦ཡིག༡༠ལས་་རྩ་འབྲས་ཤ་ཤ་རྨེན་བུ་འདྲ།།ཞེས་ཤ་ཤ་རྨེན་བུ་ཟེར་བའི་ཐ་སྙད་འདི་མངོན།
ཤ་ཤ་རྨེན་བུ་འདི་Pancreaseའདོད་མཁན་ནི་་
༡༽ཁྲོ་རུ་ཚེ་རྣམ་ལགས་ཀྱིས་དྲང་སྲོང་ཞལ་ལུང་མན་རྒྱུད་མཆེར་ནད་ལེའུར་ཁོངས་ཤ་ཤ་རྨེན་བུ་འདི་pancreaseའདོད་ལུགས་ཁོང་གི་དངོས་སློབ་དགེ་དབྱངས་དགའ་ལགས་ནས་གསུངས་ཤིང་འདོད་པའི་རྒྱུ་མཚན་གང་ཡིན་མིན་ཁོང་གིས་བཀའ་དྲི་གནང་འདུག་ཀྱང་ལན་གསལ་པོ་ཞིག་གནང་མ་སོང་ཞེས་གསུངས་འབྱུང་།ཁྲོ་རུ་ཚེ་རྣམ་ལགས་ཀྱིས་ཤ་ཤ་རྨེན་བུའི་ནད་ལ་མཆེར་པ་ཁོངས་ཡིན་པས་མཆེར་བཅོས་དགོས་ལུགས་གསུངས་འདུག།
༢༽དགེན་དབྱངས་དགའ་ཡང་ཤ་ཤ་རྨེན་བུ་དེ་pancrease འདོད་པ།།
༢༽འབུམ་རམས་པ་བྱ་མདོ་ཀླུ་བྱམས་རྒྱལ་ལགས་ཀྱིས་སྨན་དཔྱད་ཟླ་བའི་རྒྱལ་པོ་ལས་གསུངས་པའི་ལུས་ཀྱི་གནས་ལུགས་སྐོར་ལ་ཐོག་མར་དཔྱད་པ་ཞེས་པའི་དཔྱད་རྩོམ་ནང་དུ་ཤ་ཤ་རྨེན་བུ་དེ་pancrease ཡིན་པ་འདོད་འདུག།ཁོང་ལའང་འབྲེལ་བ་གནང་སྐབས་ཁོང་གིས་དགེན་ཁྲོ་རུ་འདོད་ཚུལ་གསུངས་པ་ལས་འདོད་དགོས་པའི་རྒྱུ་མཚན་གསུངས་ཡ་མིན་འདུག།
༣༽འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་ཀྱིས་བོད་ལུགས་གསོ་རིག་གི་དཔྱད་རྩོམ་གཅེས་བཏུས་ཀུནྡ་དགྱེས་པའི་ཟླ་ཟེར་ནང་དུ་བཀོད་འདུག།ཁོང་ལའང་འབྲེལ་བ་གནང་སྐབས་ཁོང་གིས་དགེན་བྱ་མདོ་ཀླུ་འབྱམས་རྒྱལ་ལགས་ཀྱིས་འདོད་ཚུལ་གསུངས་པ་ལས་འདོད་དགོས་པའི་རྒྱུ་མཚན་གསུངས་ཡ་མིན་འདུག།
༤༽ཝ་ར་ན་སིའི་སྨན་དགེ་རག་རྡོ་རིན་པོ་ཆེའི་གསོ་རིག་དཔྱད་རྩོམ་ཐོར་བུ་ནང་གི་ལུས་ཀྱི་གནས་ལུགས་རིག་པ་ཅུང་ཟད་བཤད་པ་དེ་ཁོ་ན་ཉིད་སྣང་བ་ལས་ཀྱང་ཤ་ཤ་རྨེན་བུ་འདི་pancreaseདུ་འདོད་འདུག།ཁོང་གི་དངོས་སློབ་སྨན་དགེ་ཛམ་ཡུ་སྤེན་པ་ལགས་བརྒྱུད་བཀའ་དྲི་གནང་སྐབས་འདོད་དགོས་པའི་རྒྱུ་མཚན་གསུངས་ཡ་མིན་འདུག།
རང་གི་འདོད་ཚུལ་བསྟན་པ།
གོང་གི་མཁས་པ་རྣམ་པས་འདོད་ཚུལ་དེ་ལ་བརྟག་སྐབས་གུས་པ་ཡང་pancrease ལ་ཤ་ཤ་རྨེན་བུ་འདོད་པ་ཡིན་ཏེ།།གོང་གསལ་མཁས་དབང་མགོན་པོ་སྐྱབས་ལགས་ཀྱི་ཀུནྡ་དགྱེས་པའི་ཟླ་ཟེར་ནང་གི་གྲུབ་པ་ལུས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དམ་འཛིན་བྱས་ཏེ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་པའི་སྐོར་ཕྲན་ཙམ་གླེང་བ་ལས་་ཕོ་བའི་འོག་ཏུ་ཡོད་པའི་ཤ་རྨེན་དེར་ནུབ་ལུགས་གསོ་རིག་གིས་དབྱི་ཞན་ཟེར་ཞིང་།།ཨ་མདོའི་ཡུལ་སྐད་དུ་ཤ་རྨེན་དང་མངའ་རིས་ཡུལ་སྐད་དུ་ཤ་ཤ་རྨེན་བུ་ཟེར།། ཞེས་གསུངས་པ་དང་དེ་བཞིན་ཕྱི་ལོ་༢༠༠༧ཟླ་བ༩ནང་ཡར་ཀླུངས་གསོ་རིག་གི་བོད་ཕྱི་ཟུང་འབྲེལ་གྱིས་གཤེར་མ་ཞེས་པར་ཕྲན་ཙམ་གླེང་བ་མཐོང་བ་དོན་ལྡན་ལས་་་དམངས་ཁྲོད་དུ་ཤ་ཤ་རྨེན་རྨེན་ཟེར་བ་ཐ་སྙད་ཞིག་བརྗོད་སྲོལ་ཡོད་པ།། ཞེས་བཀོད་འདུག།དེང་སྨན་གྱི་དོན་སྣོད་གནས་ལུགས་ཀྱི་བྱེད་པོ(Father of modern anatomy) Dr.Herophilos ལགས་ནས་རོ་བཀྲ་གནང་དུས་ནང་ཁྲོལ་དོན་སྣོད་ཚང་མར་ཕྲུམ་རུས་དང་ཆུ་རྒྱུས་སོགས་ཡོད་ཀྱང་pancrease ཁོ་ན་ཤ་ཤ་རྐྱང་གིས་གྲུབ་པ་ཞིག་ཡིན་སྟབས་Pancreaseཞེས་མིང་བཏགས་འདུག།Pancreaseཟེར་བ་དེ་ནི་གྷི་རིག་སྐད་དུ་Pan-kreasནས་ཟུར་ཆགས་ཤིང་དོན་དུ་All-flesh(ཤ་ཤ་རྐྱང)ཟེར་བའི་དོན་ཡིན་པ་གང་ཞིག་ལ་རྨེན་བུ་ཡང་ཡིན་པས་ན་ཤ་ཤ་རྨེན་བུ་ཞེས་འདོད་ཅེ་ན་མི་འགྲིག་པ་མེད་སྙམ་མོ།།
ངོ་སྤྲོད།

Post navigation

Previous Post: བོད་ཀྱི་གསོ་བ་རིག་པ་ལས་ཧྲཱིཿཐེལ་དང་འབྲེལ་བའི་ཤེས་བྱ་དཔྱད་གཞིར་བཀོད་པ་རིན་བྲལ་ནོར་བུ།
Next Post: སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་འཇུག་སྐྱོང་ཆེད་གྲོས་ཚོགས་ཉིན་ལྔ་ཚོགས་རྒྱུའི་གསལ་བསྒྲགས་སྐོར་ལ་དཔྱད་པའི་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme