Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རིགས་ཞིག་གི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབས་བྱ་རྒྱུའི་སྔོན་དུ་མི་རིགས་ལ་སྲུང་སྐྱོབས་བྱ་རྒྱུ་དེ་སྔོན་ཐོན་བྱ་དགོས།

Posted on 2023-11-13 By ཁ་བརྡ་ No Comments on མི་རིགས་ཞིག་གི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབས་བྱ་རྒྱུའི་སྔོན་དུ་མི་རིགས་ལ་སྲུང་སྐྱོབས་བྱ་རྒྱུ་དེ་སྔོན་ཐོན་བྱ་དགོས།

གཞུང་པ་ཚེ་དབང་བསོད་ནམས།

ཕྱི་སྣོད་ཀྱིས་འཇིག་རྟེན་གྱི་ས་གཞི་འདི་ཆགས་པ་ནས་ནང་བཅུད་ཀྱི་སྲོག་ཆགས་འགྲོ་བ་མི་དང་། བདག་ཡོད་དང་བདག་མེད་དུད་འགྲོ་སེམས་ཅན། རི་དགས་གཅན་གཟན། བྱ་བྱེའུ་དང་འབུ་སྲིན་ལ་སོགས་འཇིག་རྟེན་གྱི་ས་གཞི་ལ་བསྟེན་པའི་སྲོག་ཆགས་གྲངས་ལས་འདས་པ་སྐྱེས་འཕེལ་བྱུང་བའི་ནང་ནས་སྨྲ་ཤེས་དོན་གོ་བ་མི་གི་སྤྱི་ཚོགས་ལའང་མི་རིགས་དང་། རིག་རུས། ཤ་མདོག་དང་། སྐད་ཡིག རིག་གཞུང་སོགས་ཁྱད་ཆོས་མ་འདྲ་བའི་མི་རིགས་གྲངས་མང་ཡོད་པ་ནས་མི་རིགས་སོ་སོར་འཇིག་རྟེན་བཀོད་པ་པོའི་སྦྱིན་པའི་མི་རིགས་སོ་སོར་དབང་བའི་ས་ཆ་དང་། མི་རིགས་སོ་སོའི་སྐད། སྐད་ཀྱི་སྒྲ་གདངས་ལ་བརྟེན་པའི་ཡིག་གེ་དང་། སྐད་ཡིག་བརྒྱུད་ནས་དར་བའི་ཆས་གོས་དང་། འགྲོ་སྡོད་སྤྱོད་གསུམ་ལ་བརྟེན་པའི་ཡ་རབས་བཟང་སྤྱོད་དང་། ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་རྒྱུར་ཆོས་དཀོན་མཆོག་གི་ལམ་སྟོ་་འོག་ནས་གཞན་ཕན་གྱི་བྱ་བ་སྒྲུབ་རྒྱུ་དང་རང་དོན་ཞོར་ལ་འགྲུབ་པ་སོགས་མི་རིགས་གསོན་གནས་ཐུབ་པ་ལ་མི་རིགས་དེའི་སྐད་དང་ཡིག་གེ་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་དགོས་པ་ནས་མི་རིགས་སྲུང་སྐྱོབས་ཀྱིས་ལས་འགུལ་དེ་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཀྱིས་ལས་འགུལ་གྱིས་སྔོན་དུ་ཕྱིན་ནས་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་དགོས་པ་ལས་མི་རིགས་དེ་ཤིང་ནགས་དཀྱིལ་ལ་བྱ་སྤུ་རི་ལ་ཐོར་བ་ནང་བཞིན་དུ་ཐོར་ནས་བསྡད་ནས་མི་རིགས་དེའི་མཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དེ་དུས་ནམ་ཡང་དོན་ལ་གནས་མི་ཐུབ་པ་དང་། ང་ཚོ་བོད་པ་ནི་ཐོག་མ་ཉིད་ནས་ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་མི་གི་སྤྱི་ཚོགས་ཧི་མ་ལ་ཡིས་གངས་རིའི་ཁྲོད་དུ་ཕ་སྤྲེའུ་བྱང་ཆུབ་སེམས་པ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་མ་བྲག་སྲིན་མོ་རྗེ་བཙུན་འཕགས་མ་སྒྲོལ་མའི་རྣམ་སྤྲུལ་གཉིས་འདུས་པ་ལས་འཕེལ་བའི་བོད་ཀྱི་མིའུ་གདུང་དྲུག་ལས་བོད་མི་ས་ཡ་དྲུག་འཕེལ་བ་ནས་ད་ལྟའི་དུས་སུ་བོད་མི་གཞིས་བྱེས་གཉིས་སུ་གནས་ཡོད་པ་འདི་ཡང་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་ས་གནས་གཅིག་ཏུ་མཉམ་འདུས་མེད་པ་ལུང་པ་མང་པོའི་ནང་ཁ་ཐོར་ནས་གཞན་གྱིས་སྐད་ཡིག་དང་ལམ་ལུགས་སམ་གོམས་གཤིས་འོག་ཁྱིམ་ཚང་སྒེར་གྱི་འཚོ་བ་བསྐྱེལ་བཞིན་པ་དང་། བོད་ནང་ཡོད་པའི་བོད་མི་ཚོ་རྒྱ་མིའི་བཙན་འོག་ཏུ་ཚུད་ནས་སོ་སོའི་ཕ་མེས་ནས་དར་བའི་སྐད་ཡིག་དང་ལེགས་སྦྱང་ཆས་གོས་གོམས་གཤིས་སོགས་ལ་བདག་དབང་སྤུ་ཙམ་མེད་པ་གཞན་དབང་སྟབས་བསྟུན་འོག་ཁྱིམ་ཚང་གི་འཚོ་བ་ལ་འགན་སྲུང་བྱ་དགོས་པའི་སྐབས་འདིར་ང་ཚོའི་ཕ་མེས་ནས་དར་བའི་བོད་མིའི་མཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་བཟང་པོ་དེ་དག་མུ་མཐུད་གནས་དགོོས་ན་རིག་གཞུང་སྲུང་སྐྱོབས་ཀྱིས་ལས་གཞིའི་སྔོན་དུ་མི་རིགས་སྲུང་སྐྱོབས་ཀྱིས་ལས་འཆར་དེ་སྔོན་ཐོན་བྱས་ནས་སྤེལ་དགོས་པ་དེ་བརྒྱ་འགྱུར་སྟོང་འགྱུར་གྱི་གལ་ཆེའི་ནང་གི་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད། མི་རིགས་ཞིག་རྒྱལ་ཁབ་མང་པོའི་ནང་ཁ་ཐོར་ནས་ཁང་པའི་ཞ་ལའི་སྟེང་སྲན་མ་གཏོར་བ་ནང་བཞིན་དང་ཤིང་ནགས་ནང་བྱ་སྤུ་ཐོར་པ་ནང་བཞིན་བྱས་ནས་ཁ་ཐོར་ནས་བསྡད་ནས་མི་རིགས་དེའི་མཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གཞུང་ལ་སྲུང་སྐྱོབས་བྱ་རྒྱུ་ཟེར་བའི་གཏམ་དེ་དོན་དངོས་ལག་ལེན་དུ་འཁེལ་རྒྱུ་མེད་པ་ལྷ་སྒྲུང་ལྟ་བུ་མ་རེད་དམ།

བསམ་ཚུལ།

Post navigation

Previous Post: སེམས་པ་འདི་ཧ་ཅང་འཁྱག་ཏོ་རེད།
Next Post: སྤྱི་འཐུས་གྲོས་ཚོགས་འཐུས་མིའི་བཅའ་ཁྲིམས་འགན་འཁུར་ལ་དཔྱད་པའི་ཀ་བཤད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme