Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

Posted on 2023-11-09 By ཁ་བརྡ་ No Comments on མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

དེང་སྐབས་འཛམ་གླིང་ཤར་ནུབ་དང་ལྷོ་བྱང་ནང་ཡོད་པའི་རྒྱལ་ཁབ་མང་ཆེ་བ་མང་གཙོ་ ༼ Democracy ༽ ལམ་ལུགས་ནང་ཁ་ཕྱོགས་ནས་གཞུང་སྲིད་སྐྱོང་བའི་ལམ་ལུགས་མི་འདྲ་བ་དུ་མ་ཡོད་པའི་ནང་ནས་འདིར་དཔེ་མཚོན་ཙམ་དུ་ཞུས་ན་དར་ཁྱབ་ཆེ་བ་དེ་སྲིད་འཛིན་ལམ་ལུགས ༼ Presidential System ༽ དང་གྲོས་ཚོགས་ལམ་ལུགས་ ༼ Parliamentary System ༽ བཅས་ལམ་ལུགས་འདི་གཉིས་འོག་མང་གཙོའི་གཞུང་སྲིད་སྐྱོང་མཁན་གྱི་རྒྱལ་ཁབ་ཀྱི་གྲངས་ཚད་དེ་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་བཞིན་པ་དང་། མང་གཙོ་དེ་ཡང་མང་གཙོ་གཅིག་སྒྲིལ། ༼ Unitary ༽ དང་མང་གཙོ་མཉམ་འབྲེལ། ༼ Federation ༽ བཅས་ལམ་ལུགས་འདི་དག་གི་འོག་མང་གཙོའི་སྲིད་གཞུང་སྐྱོང་བཞིན་པ་དང་། མང་ནི་གྲངས་ཀྱི་གསལ་འབྱེད་ཡིན་པ་དང་། དམངས་ནི་གྲལ་རིམ་གྱི་གསལ་འབྱེད་ཡིན། མི་མང་བའི་རྗེས་སུ་མི་ཉུང་བ་འགྲོ་བའི་ལམ་ལུགས་དེ་ལ་མང་གཙོ་ཟེར་བ་དང་། ནུབ་ཕྱོགས་རྒྱལ་ཁབ་གྷི་རིག་ཟེར་བའི་ལུང་པ་དེའི་ནང་དར་བའི་མང་གཙོ་ ༼ Democracy ༽ Demo མི་མང་། Cracy དབང་བསྒྱུར་རམ་དབང་ཆ། ༼ Democracy ༽ མི་མང་གི་དབང་བསྒྱུར་ལ་གོ་དགོས་པ་ནས་མང་གཙོ་དང་།

དམངས་ནི་གྲལ་རིམ་གྱི་གསལ་འབྱེད་ཡིན་པ་སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་མི་ལ་རིགས་བཞི་ཡོད་པ། ༡ རྒྱལ་རིགས། ༢ རྗེ་རིགས། ༣ བྲམ་གཟེའི་རིགས། ༤ དམངས་རིགས་བཅས་རིགས་བཞིའི་ནང་ནས་དམངས་རིགས་ནི་མཐའ་མ་དེ་ཡིན་པ་དང་། མི་ཉུང་བའི་རྗེས་ལ་མི་མང་བ་འགྲོ་བའི་ལམ་ལུགས་དེ་ལ་གྲལ་རིམ་དམངས་གཙོ ༼ Proletarian Democracy ༽ འམ་ཡང་ན་ ༼ Class ༽ གྲལ་རིམ་ལ་གོ་དགོས་པ་ནི་དེ་སྔོན་རྒྱ་ནག་གི་འགོ་ཁྲིད་མའོ་ཚེ་ཐུང་གི་ཞིང་པའི་གྲལ་རིམ་རྒྱེན་ལངས་འོག་ཏུ་རྒྱ་ནག་དམར་པོའི་སྲིད་གཞུང་བཙུགས་ནས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་སྤྱི་ལོ་ ༡༩༤༩ ཟླ་བ་ ༡༠ ཚེས་ ༡ ཉིན་དངོས་སུ་བཙུགས་པ་ནས་ད་ལྟའི་རྒྱ་ནག་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དེ་གྲལ་རིམ་དམངས་གཙོ་གཅིག་བསྡུད་ཟེར་བ། ༼ Proletarian Democracy ༽ དེ་ཡིན་པ་ནས་དེང་སྐབས་ཤར་ཕྱོགས་དམར་པོའི་རྒྱལ་ཁབ་རྒྱ་ནག་ལྟབུ་གྲལ་རིམ་དམངས་གཙོ་གཅིག་བསྡུད་ཀྱིས་ལམ་ལུགས་ནང་རྒྱ་ནག་མི་མང་འཚོ་བཞིན་པ་ནས་ང་ཚོའི་གསལ་པོ་ཤེས་ཐུབ་པ་དང་མཐོང་ཐུབ་པ་དང་། གྲལ་རིམ་དམངས་གཙོ་གཅིག་བསྡུས་ནང་གྲལ་རིམ་བྱེ་བྲག་པ་ཞིག་གི་ཁ་ཕྱོགས་ག་པར་རྒྱུར་རྒྱུར་ལས་གྲོས་ཚོགས་ཀྱི་འཐུས་མིའི་ལག་ཏུ་ལྷག་པ་ནི་ཤོག་སྟེང་དུ་ཡོད་པའི་གྲོས་ཆོད་ཙམ་ལས་ལག་ལེན་གྱིས་དབང་ཆ་འཛིན་སྐྱོང་གིས་འོག་ནས་འགྲོ་དགོས་པ་ནས་གྲལ་རིམ་དམངས་གཙོ་གཅིག་བསྡུས་ཟེར་བའི་ཐ་སྙད་༼ Proletarian Democracy ༽ འདིའི་འོག་ཏུ་གཞུང་སྲིད་སྐྱང་ནས་གཞི་རིམ་མི་མང་ལ་མིང་གི་མང་གཙོ་ཙམ་ལས་བསམ་སྤྱོད་ཀྱི་རང་དབང་ཆ་ཚང་གྲལ་རིམ་དབང་འཛིན་པའི་ལག་ཏུ་ཉར་ནས་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པ་དབང་འཛིན་པས་བསྐོལ་སྤྱོད་འོག་ཏུ་ཉིན་ཁྱོལ་ན་མཚན་མི་ཁྱོལ་བ་དང་མཚན་ཁྱོལ་ན་ཉིན་མི་ཁྱོལ་བའི་དཀའ་སྡུག་ནང་འཚོ་དགོས་པ་དང་། རང་དབང་མང་གཙོ་ཁྲིམས་ལུགས་ཀྱིས་དབང་བསྒྱུར་འོག་འཚོ་བཞིན་པའི་ལུང་པ་ཚོའི་ཡུལ་མི་རྣམས་རང་དབང་དང་མང་གཙོའི་ཐོབ་ཐང་ལ་ལོངས་སུ་སྤྱད་ནས་བདེ་སྐྱིད་ཀྱི་འཚོ་བ་ལ་དུས་རྟག་ཏུ་རོལ་བཞིན་པ་ནས་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་དང་། དམངས་གཙོ་གྲལ་རིམ་གཅིག་བསྡུས་ཀྱིས་དབང་བསྒྱུར་གཉིས་སྦྱོར་བ་ལག་ལེན་གྱི་ཐོག་ནས་གནམ་ས་ལྟབུའི་ཁྱད་པར་ཡོད་ལ་མིང་ཚིག་ཐ་སྙད་ལའང་མང་དང་དམངས་ཀྱི་ཁྱད་པར་ཆེན་པོ་ཡོད་པ་ནས་དེང་སྐབས་འཛམ་གླིང་ཤར་ནུབ་ཀྱིས་ལུང་པ་མང་ཆེ་བ་གྲལ་རིམ་དམངས་གཙོ་ནས་ཁ་བྲལ་ཐབས་ལ་འབད་བརྩོན་བྱེད་བཞིན་པའི་སྐབས་འདིར་རྒྱ་ནག་དམར་ཤོག་ད་དུང་ཡང་ཀླད་རྙིང་ཁྲེགས་འཛིན་གྱིས་རྨོངས་གཉིད་མ་སད་ནས་དམངས་གཙོ་གཅིག་བསྡུས་ཀྱི་དབང་ཆ་ཡོངས་རྫོགས་མི་གཅིག་གི་ལག་ཏུ་ཉར་ནས་ནང་ཁུལ་ཆབ་སྲིད་ཀྱི་འཐབརྩོད་དེ་ཉིན་རེ་ནས་ཉིན་རེ་བཞིན་རྣོ་ངར་ཆེ་རུ་འགྲོ་བཞིན་པ་ནི་ཉེ་ལམ་རྒྱ་ནག་གི་མཐོ་རིམ་མི་སྣ་ཁག་གར་སོང་ཆ་མེད་དུ་གྱུར་བ་ནས་ཤེས་ཐུབ་པ་དང་ད་ལྟའི་རྒྱ་ནག་གི་དམར་པོའི་སྲིད་གཞུང་དེ་དུས་ཚོད་མི་རིང་པར་འཛམ་གླིང་སྤྱི་དང་མཐུན་པའི་མི་མང་མང་གཙོའི་ལམ་ཆེན་ལ་དགའ་ནས་འགྲོ་དང་སྡུག་ནས་འགྲོ་གང་ལྟར་མང་གཙོའི་ལམ་དུ་མ་ཡོང་རང་ཡོང་ཡིན་པ་དུས་ཚོད་ཀྱི་སྔོན་བརྡ་སྤྲོད་བཞིན་པ་མ་ཟད་སྤྱི་ཚོགས་ཀྱིས་འཕེལ་རིམ་ནས་ཤེས་ཐུབ་པ་དང་མཐོང་ཐུབ་པ་ཞིག་མ་རེད་དམ།

ལྷུག་རྩོམ།

Post navigation

Previous Post: འཛམ་གླིང་ཉི་མའི་ཕྱག་རྟེན།
Next Post: བཙན་བྱོལ་བོད་མིའི་དཀའ་སྡུག་གི་ནམ་ཟླ་ནས་ཡར་རྒྱས་ཀྱི་ཁ་ཕྱོགས་གླེང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme