Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་སྐོར་ལ་དཔྱད་པའི་གཏམ།

Posted on 2023-10-19 By ཁ་བརྡ་ No Comments on གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

 

རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནི་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་། མི་རིགས་དང་བཅས་པ་སྲུང་སྐྱོབས་ཐུབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་འཁོད་པའི་བོད་དོན་བདེན་མཐའ་གསལ་ཐབས་ལ་ཕྱོགས་ཡོངས་ནས་འགན་འཁུར་ནས་བོད་མིའི་ངོ་བོ་འཛམ་གླིང་ཡོངས་ལ་སྟོན་ཐུབ་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་ནས་བླ་ན་མེད་པ་དེ་ཡིན་པ་དང་། གཞིས་ཆགས་སོ་སོའི་སྒྲིག་འཛུགས་ནང་ཕ་མེས་ནས་དར་པའི་བོད་མིའི་མཐུན་མོང་མ་ཡིན་པའི་སྐད་ཡིག་དང་། ནང་ཆོས། རིག་གཞུང་། སྒོམ་པའི་བཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཞུ་རྒྱུ་སོགས་བོད་མིའི་ངོ་བོ་ཟུར་དུ་འབུར་འཐོན་ཐུབ་པའི་ལས་འགུལ་འཆར་ཅན་སྤེལ་བཞིན་པ་དང་། ལོ་རབས་དགུ་བཅུའི་ནང་དབུས་བོད་མིའི་སྒྲིག་འཛུགས་ནས་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོ་གནང་བ་ནས་གཞིས་ཆགས་ཁག་ནང་གཞིས་མི་གཏན་སྡོད་བྱ་མཁན་ལོ་རེ་ནས་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་པ་དང་། ཉིན་སློབ་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་པ་དང་། གཞིས་ཆགས་ནང་ཞིང་ལས་བྱ་མཁན་དང་བ་ཕྱུགས་གསོ་སྐྱོང་བྱ་མཁན་སོགས་ལོ་རེ་ནས་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་པ་དང་། གཞིས་ཆགས་སོ་སོའི་ནང་ནས་ཕྱི་རྒྱལ་ལ་རང་མཚམས་འགྲོ་མཁན་ཚོའི་ས་ཁང་ཕྱིར་བསྡུ་གནང་ནས་གཞིས་ཆགས་ནང་ལྷག་པའི་ནང་མི་ཚོ་ལ་རང་ཐོབ་ས་ཞིང་ལས་མེད་སྟབས་ས་ཞིང་ཉུང་དུ་ཕྱིན་ནས་ས་ཞིང་འདེབས་ལས་ལ་དཀའ་ངལ་མང་བས་ས་ཞིང་གཞན་ལ་བོགས་གཏོང་བྱེད་བཞིན་པ་ནས་དེང་སྐབས་བོགས་མ་ལེན་མཁན་ཡང་མེད་པ་ནས་ཞིང་ས་མང་པོ་ས་སྟོང་ལ་བཞག་པ་ཡང་མཐོང་རྒྱུ་འདུག་ལ་ན་གཞོན་ཚོ་ཕྱི་རྒྱལ་ལ་འགྲོ་རྒྱུའི་བསམ་བློ་ལས་གཞིས་ཆགས་ནང་བསྡད་ནས་ཞིང་ལས་དང་བ་ཕྱུགས་གསོ་སྐྱོང་བྱ་རྒྱུའི་བསམ་བློ་ཞན་པ་དང་། གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་པའི་ཆེད་ཁྱིམ་ཚང་ཆ་ཚང་ཕྱི་རྒྱལ་ལ་ཕྱིན་པའི་ས་ཁང་ཕྱིར་བསྡུ་མ་བྱས་རང་བྱས་ལས་དེ་མིན་ཁྱིམ་ཚང་གཅིག་ནས་ནང་མི་གཉིས་གསུམ་ཕྱི་རྒྱལ་ལ་འགྲོ་མཁན་ཚོའི་ས་ཁང་ཕྱིར་བསྡུ་མ་དགོས་པ་ཁྱིམ་ཚང་དེ་ག་རང་ལ་བཞག་ནས་ས་ཁང་གཉིས་ལ་བོགས་ཁྲལ་སྣེ་སེལ་ཞིག་གཏན་འབེབས་གནང་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་འབུལ་དགོས་པའི་ལམ་ལུགས་སམ་སྒྲིག་གཞི་བཟོ་ཐུབ་ན་ནང་མི་ཕྱི་རྒྱལ་ལ་འགྲོ་མཁན་ཚོའི་ས་ཞིང་གཞིས་སྡོད་ཁྱིམ་ཚང་རང་ལ་བདག་ཉར་ཆོག་པ་ནས་དེ་སྔོན་གཞིས་ཆགས་ནང་ཁྱིམ་ཚང་དེའི་འཛུགས་བསྐྲུན་ལས་གཞི་ལ་དོ་ཕོག་མི་འགྲོ་བ་དང་གཞིས་ཆགས་སྲ་བརྟན་དང་བརྒྱུན་གནས་ཐུབ་པའི་དགེ་ཚན་ཆེ་བ་ཡོང་རྒྱུ་དང་། དེ་མིན་ལྔ་ཁང་ཡོད་པའི་ཁྱིམ་ཚང་ནས་མི་གསུམ་ཕྱི་རྒྱལ་ལ་ཕྱིན་ན་གཞིས་ཆགས་ནང་མི་གཉིས་ལས་མེད་པ་ནས་མི་གསུམ་གྱི་ས་ཁང་ཤོར་ནས་མི་གཉིས་ཀྱི་ས་ཁང་ལས་མེད་པ་ནས་དེ་སྔོན་འཛུགས་བསྐྲུན་བྱས་པ་ལ་དོ་ཕོག་ཡོང་བཞིན་པ་ནས་སྤྱི་སྒེར་གཉིས་ལ་དོ་ཕོག་དང་གྱོང་གུན་ཕོག་བཞིན་པ་སོགས་ལ་འགན་འཁུར་ནས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་གཞིས་ཆགས་ཁག་གི་ས་ཁང་གི་སྒྲིག་གཞི་ལ་བསྐྱར་བཅོས་གནང་ནས་གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་པའི་འགན་འཁུར་བཞེས་དགོས་པ་དེ་མི་མང་གི་འཐུས་མིའི་ཐུགས་འགན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད། དེ་མིན་དེ་སྔོན་གཞིས་ཆགས་ཁག་གི་ས་ཁང་གི་སྒྲིག་གཞི་མུ་མཐུད་ནས་ལག་ལྟར་བྱས་ནས་ཕྱི་རྒྱལ་ལ་འགྲོ་མཁན་ཚོའི་ས་ཁང་ཕྱིར་བསྡུ་གནང་ཀྱང་བྱས་ཚེ་ནམ་ཞིག་གཞིས་ཆགས་ནང་མི་སྡོད་མཁན་མེད་པ་ས་སྟོང་དང་ཁང་སྟོང་ལྷག་རྒྱུ་ཡིན་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་ལས་མ་མཐོང་ན་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་དང་རྒྱུན་གནས་ཐུབ་པའི་ཐབས་ལམ་བཟང་ཤོས་དེ་ཕྱི་རྒྱལ་ལ་འགྲོ་མཁན་ཚོའི་ས་ཁང་སོ་སོའི་ནང་མི་གཞིས་ཆགས་ལ་ཡོད་མཁན་ཚོར་རང་འཇགས་བཞག་ནས་ས་ཁང་གཉིས་ལ་བོགས་ཁྲལ་སྣེ་སེལ་དབུས་བོད་མིའི་སྒྲིག་འཛུགས་ལ་འབུལ་དགོས་པའི་ལམ་ལུགས་སམ་སྒྲིག་གཞི་གཏན་འབེབས་གནང་ཐུབ་ཚེ་སྤྱི་སྒེར་ཚང་མར་ཕན་ཐོགས་དང་དགེ་ཚན་དུ་མ་ཡོང་རྒྱུ་མ་ཟད་གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་རྒྱུར་ཐེ་ཚོམ་སྤུ་ཙམ་ཡང་ཟ་མི་དགོས་པ་བཅས་རེ་ཞིག་འདིར་འཇུག་བསྡུས་པའོ།

བསམ་ཚུལ།

Post navigation

Previous Post:  གྲོས་ཚོགས་ཀྱི་ལས་རིམ་དེ་གཏམ་བཤད་འགྲན་བསྡུར་དང་ལས་རིམ་རྣམ་བཞག་ལ་དུས་ཚོད་བཏང་ན་འགྲིག་གི་ཨ་ཡོད།
Next Post: བཅའ་ཁྲིམས་བསྐྱར་བཅོས་དང་མི་མང་གིས་རེ་བ་ལ་དཔྱད་པའི་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme