Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

 གྲོས་ཚོགས་ཀྱི་ལས་རིམ་དེ་གཏམ་བཤད་འགྲན་བསྡུར་དང་ལས་རིམ་རྣམ་བཞག་ལ་དུས་ཚོད་བཏང་ན་འགྲིག་གི་ཨ་ཡོད།

Posted on 2023-10-19 By ཁ་བརྡ་ No Comments on  གྲོས་ཚོགས་ཀྱི་ལས་རིམ་དེ་གཏམ་བཤད་འགྲན་བསྡུར་དང་ལས་རིམ་རྣམ་བཞག་ལ་དུས་ཚོད་བཏང་ན་འགྲིག་གི་ཨ་ཡོད།

གཞུང་པ་ཚེ་དབང་བསོད་ནམས།

 

མང་གཙོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ལས་རིམ་ནང་དུས་ཚོད་ལ་འགན་འཁུར་ནས་འཐུས་མི་ཚོའི་གྲོས་ཚོགས་ནང་རང་ཉིད་ཀྱིས་གཏམ་བཤད་བྱ་རྒྱུའི་སྒོ་སྐབས་རྩ་ཆེར་རྩིས་ནས་སྔོན་ཚུད་ནས་ཡིག་ཐོག་ཏུ་བཀོད་ནས་སྒྲ་སྒྲིག་བྱེད་བཞིན་པ་དང་། རང་གི་བཤོད་རྒྱུའི་གནད་དོན་ཡིག་ཐོག་ལ་ཡོད་པ་དེ་དག་ལ་ངག་ཐོག་ནས་འབྲེལ་བཤད་རིང་ཙམ་རྒྱབ་ནས་གྲོས་ཚོགས་ཀྱི་འཐུས་མི་ཚོའི་གསལ་པོ་མཁྱེན་ཐུབ་པ་དང་འོས་འཕེན་མང་ཚོགས་ཀྱི་མངོན་འདོད་སྒྲུབ་དགོས་པ་ནི་མི་མང་གི་སྐུ་ཚབ་གྲོས་ཚོགས་འཐུས་མིའི་ཐུགས་འགན་ངོ་མ་དེ་ཡིན་པ་དང་། ང་ཚོའི་སྤྱི་འཐུས་གྲོས་ཚོགས་ནང་བགྲོ་གླེང་ག་འདྲ་ཞིག་གནང་གི་ཡོད་ཀྱང་གྲོས་ཚོགས་ཀྱི་ལས་རིམ་དང་མཐུན་པ་བཟང་སྤྱོད་དང་ཁ་མ་བྲལ་བ་ཞིག་དགོས་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ལམ་སྟོན་དང་མཐུན་པ་ཞིག་དགོས་པ་དང་། གལ་སྲིད་འཐུས་མི་ཞིག་ནས་གྲོས་ཚོགས་ཀྱི་ལས་རིམ་དང་མ་མཐུན་པ་བཟང་སྤྱོད་དང་ཁ་བྲལ་བའི་གཏམ་གླེང་གནང་གི་ཡོད་ན་ལམ་སེང་ཚོགས་གཙོའི་བཀག་དགོས་པ་དང་། ཚོགས་གཙོའི་མ་གཟིགས་པའམ་མ་གསན་པའི་སྐབས་སུ་གྲོས་ཚོགས་ཀྱི་འཐུས་མི་སུ་རུང་ནས་ལས་རིམ་རྣམ་བཞག་༼ Point of Order ༽ འདོན་ཆོག་པ་དང་། ལས་རིམ་རྣམ་བཞག་གི་ནང་དོན་ཡང་འགྲོ་བཞིན་པའི་ལས་རིམ་དང་འབྲེལ་བ་མེད་ལུགས་གསུང་དགོས་པ་ལས་ལས་རིམ་རྣམ་བཞག་ལ་སྒོ་སྐབས་བླང་ནས་རང་གི་བསམ་ཚུལ་གཏམ་བཤད་ལ་ནམ་ཡང་ཁ་ཕྱོགས་མི་ཉན་པ་དང་། གལ་སྲིད་འཐུས་མི་ཞིག་ནས་ལས་རིམ་རྣམ་བཞག་ལ་སྒོ་སྐབས་བླང་ནས་རང་གི་བསམ་ཚུལ་གླེང་གི་ཡོད་ཚེ་དེ་མ་ཐག་ཚོགས་གཙོའི་བཀག་དགོས་པ་དང་། འཐུས་མི་ཞིག་ནས་ལག་པ་ཡར་ཀྱང་ནས་ལས་རིམ་རྣམ་བཞག་ཟེར་སྐབས་ཚོགས་གཙོའི་གཏམ་བཤད་གནང་མཁན་གྱི་འཐུས་དེ་མར་བཞུགས་དུ་བཅུག་ནས་ལས་རིམ་རྣམ་བཞག་འདོན་མཁན་གྱི་འཐུས་མི་དེ་ལ་ལས་རིམ་ག་རེ་ཡིན་གསུང་དགོས་པ་དང་། ལས་རིམ་རྣམ་བཞག་འགྲིག་ཡོད་ན་ཚོགས་གཙོའི་ལས་རིམ་རྣམ་བཞག་ངོས་ལེན་ཞུས་པ་ཡིན་གསུང་ནས། གཏམ་བཤད་གནང་མཁན་གྱི་འཐུས་མི་དེ་ལ་ལས་རིམ་དང་མཐུན་པ་འཕྲོས་གསུང་རོགས་གནང་གསུང་དགོས་པ་དང་། འཐུས་མི་ནང་ཁུལ་གཅིག་གི་གཅིག་ལ་ལན་སློག་རྒྱུ་དང་ཟུར་ཟའི་ཚིག་བེད་སྤྱོད་བྱ་རྒྱུ་དེ་ཚོ་གྲོས་ཚོགས་ཀྱི་ལས་རིམ་དང་མ་མཐུན་པ་མ་ཟད་ཐོག་མའི་དམ་བཅའ་དང་འགལ་བ་ནས་གནས་ཚུལ་དེ་རིགས་ལ་ཚོགས་གཙོའི་དུས་ནས་དུས་་སུ་བཏང་འཛིན་ནན་པོ་མ་གནང་ཚེ་མ་འོངས་ང་ཚོའི་གྲོས་ཚོགས་དེ་སྤྱི་འཐུས་སྒེར་གྱི་ཆབ་སྲིད་རྩོད་གླེང་བྱ་སའི་སྡེང་ཆ་ཞིག་མི་ཆགས་པའི་ངེས་པ་མེད་པ་ནས་ད་ལྟ་ནས་བཙན་བྱོལ་བོད་མི་ཚང་མས་ཐུགས་སྣང་གནང་དགོས་པའི་འབོད་བསྐུལ་ཡང་ཞུ་འདོད་བྱུང་ལ་ང་ཚོའི་གྲོས་ཚོགས་དེ་སྤྱི་འཐུས་སྒེར་གྱི་ཆབ་སྲིད་རྩོད་གླེང་བྱ་སའི་ཆབ་སྲིད་ཀྱི་སྡེང་ཆ་ཞིག་ཆགས་པའི་ཉིན་མོ་དེ་ནས་ང་ཚོའི་གྲོས་ཚོགས་དེ་མི་ཚང་མས་བཞད་གད་ཤོར་བའི་མང་གཙོའི་བང་མཛོད་ལ་༼ Democracy of Laughing Stock ༽ ངོས་འཛིན་བྱེད་མི་སྲིད་པ་མིན་ན་བསམ་ཡོད་བློ་ལྡན་བོད་མི་ཚང་མས་གྲོས་ཚོགས་ལས་རིམ་ལ་ཐུགས་སྣང་གནང་རྒྱུ་དེ་ནམ་ཡང་ལྷོད་གཡེང་མ་ཤོར་བ་ནས་གྲོས་ཚོགས་ཀྱིས་ལས་རིམ་ལ་དགེ་སྐྱོན་ལ་མཛུབ་སྟོན་དུས་ཐོག་རྣག་ཐོག་གཙག་འཁེལ་ཐེར་འདོན་དགོས་པ་མི་མང་གི་ལས་འགན་ཞིག་ཡིན་པའི་ངོས་འཛིན་དང་བཅས་རེ་ཞིག་འདིར་འཇུག་བསྡུས་པའོ།

བསམ་ཚུལ།

Post navigation

Previous Post: སེམས་ཁོང་གི་ན་ཟུག་ཕྲ་མོ།
Next Post: གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་སྐོར་ལ་དཔྱད་པའི་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme