Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱ་གཉིས་ས་འབྲེལ་རྒྱལ་ཁབ་ལ་འགན་འཁུར་ནས་བོད་རྒྱའི་དཀའ་སྙོགས་སེལ་ཐུབ་པའི་ཆབ་སྲིད་ཀྱིས་ཐབས་ལམ་འཚོལ་དགོས།

Posted on 2023-05-15 By ཁ་བརྡ No Comments on བོད་རྒྱ་གཉིས་ས་འབྲེལ་རྒྱལ་ཁབ་ལ་འགན་འཁུར་ནས་བོད་རྒྱའི་དཀའ་སྙོགས་སེལ་ཐུབ་པའི་ཆབ་སྲིད་ཀྱིས་ཐབས་ལམ་འཚོལ་དགོས།

གཞུང་པ་ཚེ་དབང་བསོད་ནམས།

འདས་པའི་མི་ལོ་དྲུག་བཅུ་ལྷག་ཙམ་རིང་ང་ཚོའི་བོད་དོན་བདེན་མཐའ་སེལ་ཐབས་ལ་གཞུང་མང་གཉིས་ནས་ཐབས་ལམ་འདྲ་མིན་བརྒྱུད་ནས་གང་ཡོང་ཅི་ཡོང་བྱས་ཡོད་ན་ཡང་བོད་རྒྱའི་དཀའ་སྙོགས་སེལ་མ་ཐུབ་པ་མུ་མཐུད་ནས་དཀའ་ངལ་ནང་ལྷག་ཡོད་པ་ནས་ད་ཆ་ང་ཚོའི་ལོ་ཟླ་ཉིན་འབུད་ཞག་འགྱངས་བྱས་ནས་རྒྱལ་སྤྱིའི་ཆབ་སྲིད་རགས་པ་ལ་མགོ་འཁོར་ནས་དུས་ཚོད་འཕྲོ་ལྷག་མ་བཏང་བར་དུས་ཚོད་ལ་བསྲི་ཚགས་བྱས་ནས་བོད་རྒྱའི་དཀའ་སྙོགས་དེ་བོད་རྒྱ་གཉིས་ས་འབྲེལ་ཆབ་སྲིད་༼ Geopolitics ༽ ལ་འགན་འཁུར་ནས་མི་དང་མི་གདོང་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་བརྒྱུད་ནས་༧ གོང་ས་མཆོག་གི་སྐུ་དུས་འདིར་བོད་རྒྱའི་དཀའ་སྙོགས་སེལ་དགོས་པ་དེ་བོད་རྒྱ་མི་རིགས་གཉིས་ལ་བསམ་ན་ཤིན་ཏུ་ནས་གལ་ཆེན་ནང་གི་དོན་ཆེན་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

བོད་རྒྱ་གཉིས་ས་འབྲེལ་རྒྱལ་ཁབ་ལ་སོང་ཇི་སྲིད་འཇིག་རྟེན་གྱི་ས་ཆེན་པོ་འདི་མ་ཞིག་བར་དེ་སྲིད་དུ་བོད་རྒྱ་གཉིས་ས་འབྲེལ་རྒྱལ་ཁབ་ཀྱི་ངོ་བོར་གནས་དགོས་པ་དེ་དགའ་ནས་གནས་དང་སྡུག་ནས་གནས་གང་ལྟར་མུ་མཐུད་ནས་གནས་དགོས་པ་ལས་འཛམ་གླིང་གི་ས་ཁྲའི་ནང་ཡོད་པའི་ང་ཚོ་བོད་ཀྱི་ས་ཆ་དེ་ཚུར་སྐོག་ནས་འཛམ་གླིང་གི་ལུང་པ་གཞན་ལ་སྤོ་ཐུབ་པའི་ནུས་པ་ད་ལྟའི་ཆ་ལ་སུ་གཅིག་ལའང་མེད་པ་ནས་བོད་རྒྱ་གཉིས་ཀྱི་མ་འོངས་མི་རབས་གསར་པ་ཚོ་ཞི་བདེ་བག་ཕེབས་དང་འཆམས་མཐུན་གྱི་སྤྱི་ཚོགས་ཞིག་ཏུ་གནས་ཐུབ་པའི་འགན་དེ་ད་ལྟའི་བོད་རྒྱ་གཉིས་ཀྱི་མི་ཐོག་འདིའི་ལས་འགན་ཡིན་པའི་ངོས་འཛིན་དང་བཅས་ང་ཚོའི་ད་མུས་བཞིན་འཛམ་གླིང་ནང་ཁ་དམག་རྒྱབ་ནས་དུས་ཚོད་འཕྲོ་ལྷག་ནམ་ཡང་གཏོང་མི་ཉན་པ་དང། སྤྱི་ལོ་ ༡༩༩༧ སྤྱི་ཟླ་ ༩ པའི་ཚེས་ ༡༨ ཉིན་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་གཏན་འབེབས་གནང་བའི་གྲོས་ཆོད་དེ་ནུས་ལྡན་ཐོག་བསྡད་ཡོད་ན་དབུ་མའི་ལམ་གྱིས་དགོས་འདུན་ ༼ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་གི་དགོས་འདུན་སྟོན་ཡོད་ན། ༽ རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པའི་ཆ་རྐྱེན་དེ་རྒྱ་མིའི་ལག་ནས་ང་ཚོར་ཐོབ་དགོས་པ་ལས་རྒྱ་མིའི་རྩ་ཁྲིམས་ནང་ཡོད་པའི་ཆ་རྐྱེན་དེ་ཕྱིའི་རྒྱལ་ཁབ་སུ་གཅིག་གི་ང་ཚོར་ནམ་ཡང་སྤྲོད་ཀྱི་མ་རེད་ལ་སྤྲོད་ཆོག་པའི་ཁྲིམས་ལུགས་རྒྱལ་ཁབ་སུ་གཅིག་གི་རྩ་ཁྲིམས་ནང་མེད་པ་མ་ཟད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཅའ་ཁྲིམས་ནང་དུ་ཡང་གསལ་མེད་པ་ངས་ཚིག་ཐག་གཅད་ནས་བཤད་ཐུབ། རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཡང་སོ་སོའི་རྩ་ཁྲིམས་ནང་ཡོད་པའི་ཆ་རྐྱེན་དེ་མི་གཞན་ལ་སྤྲོད་རྒྱུའི་དབང་ཆ་དེ་རྒྱལ་ཁབ་དེ་རང་ལ་ཡོད་པ་ལས་གཞན་སུ་ལ་ཡང་མེད་པ་དང། དབུ་མའི་ལམ་གྱི་དགོས་འདུན་དེ་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པའི་ཆ་རྐྱེན་དེ་ང་ཚོར་དགོས་ཡོད་བཤད་འདུག་ན་དེ་རྒྱ་མིའི་ལག་ནས་ང་ཚོར་ཐོབ་དགོས་སྟབས་རྒྱ་ནག་དང་མཉམ་མི་དང་མི་གདོང་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་བརྒྱུད་ནས་བོད་རྒྱའི་དཀའ་སྙོགས་སེལ་དགོས་པ་དེ་ས་འབྲེལ་ཆབ་སྲིད་ལ་འགན་འཁུར་དགོས་པ་དང། ང་ཚོའི་རང་བཙན་བརྩོད་ཀྱི་ཡོད་ན་ཕྱིའི་རྒྱལ་ཁབ་ལ་རོགས་རམ་ཞུས་ནས་རང་ཡུལ་ལེན་ཐུབ་དགོས་པ་ནས་ང་ཚོའི་རང་བཙན་བརྩོད་ཀྱི་མེད་པ་ནས་ཕྱིའི་རྒྱལ་ཁབ་ལ་རོགས་པ་འཚོལ་རྒྱུ་དེ་ནམ་མཁའ་སྟོང་པ་ལ་ལག་མྱུལ་རྒྱབ་ཀྱི་ཡོད་པ་མ་རེད་དམ། གལ་སྲིད་ང་ཚོའི་རང་བཙན་བརྩོད་རྒྱུ་ཡིན་ན་དེ་སྔོན་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་གྲོས་ཆོད་བཞག་པ་དེ་ནུས་མེད་དུ་བཏང་ནས་བཅའ་ཁྲིམས་དོན་ཚན་བཅོ་ལྔའི་ནང་གསལ་བའི་བོད་དོན་བདེན་མཐའ་གསལ་ཐབས་ཟེར་བའི་ཐ་སྙད་དེའི་ཚབ་ཏུ་བོད་རང་བཙན་བརྩོད་ལེན་ཟེར་བའི་ཐ་སྙད་ལ་བསྐྱར་བཅོས་འགྲོ་དགོས་པ་མ་རེད་དམ། ད་ལྟའི་འཛམ་གླིང་གི་ཆབ་སྲིད་འཕེལ་རིམ་ལ་ང་ཚོའི་འགན་འཁུར་ནས་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ཁ་ཕྱོགས་དེ་ནམ་ཡང་ནོར་མི་ཉན་པ་དང། ས་འབྲེལ་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་འགན་འཁུར་ནས་བོད་རྒྱ་གཉིས་ཞི་བདེ་མཉམ་གནས་ཐུབ་པའི་གཉིས་མོས་གན་ཡིག་བརྒྱུད་ནས་བོད་རྒྱ་མི་རིགས་གཉིས་འཚོ་ཐུབ་པའི་ཆབ་སྲིད་ཀྱི་གཞི་བརྟན་བཟོ་དགོས་པ་དེ་བོད་རྒྱ་གཉིས་ཀྱི་འགོ་ཁྲིད་ཚོའི་གཡོལ་ཐབས་མེད་པའི་ལས་འགན་ལྕི་པོ་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད། འདས་པའི་མི་ལོ་དྲུག་བཅུ་ལྷག་ཙམ་རིང་ང་ཚོའི་ནུས་པ་གང་ཡོད་དང་ཐབས་ལམ་གང་ཡོད་ཆ་ཚང་བེད་སྤྱད་ནས་བོད་དོན་བདེན་མཐའ་གསལ་ཐབས་ལ་མི་རེ་ངོ་རེའི་ལས་འགུལ་སྤེལ་བའི་བརྒྱུད་རིམ་ནས་ང་ཚོར་ཉམས་མྱོང་དང་བསླབ་ཆ་ཐོབ་པ་རྣམས་ལ་ང་ཚོའི་འགན་འཁུར་ནས་ད་ཆ་ང་ཚོའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགྱུར་བ་བཏང་ནས་བོད་རྒྱ་གཉིས་ས་འབྲེལ་ཆབ་སྲིད་༼ Geopolitics ༽ ལ་འགན་འཁུར་ནས་བོད་རྒྱའི་དཀའ་སྙོགས་སེལ་དགོས་པའི་དུས་ལ་བབས་པ་ནས་རྒྱལ་སྤྱིའི་ནང་ཁ་དམག་ལ་འགན་འཁུར་ནས་སླར་ཡང་དུས་ཚོད་འཕྲོ་ལྷག་ནམ་ཡང་གཏོང་མི་ཉན་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱིས་རྩ་དོན་ལ་སོང་བོད་རྒྱའི་དཀའ་སྙོགས་དེ་ས་འབྲེལ་ཆབ་སྲིད་ལ་འགན་འཁུར་ནས་སེལ་དགོས་པའི་དུས་ལ་བབས་མི་འདུག་གམ་། གཞུང་པས། ༢༠༢༣/༠༥/༡༤

བསམ་ཚུལ།

Post navigation

Previous Post: སློབ་དེབ་བློ་གསལ་མགུལ་རྒྱན་ཕྱག་བསྟར་ཞུས་པའི་སློབ་ཐོན་འཛིན་གྲྭ་དང་པོ་ཚོར་སྤྲིངས་པ།
Next Post: སྦས་ཡུལ་ཀརྨ་རོང་དུ་བསྐྱོད་པའི་ཟིན་ཐོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme