Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པདྨ་ཚེ་བརྟན་ལགས་སྐུ་གཤེགས་པ།

Posted on 2023-05-082023-05-08 By ཁ་བརྡ No Comments on པདྨ་ཚེ་བརྟན་ལགས་སྐུ་གཤེགས་པ།

ཡོང་ཁུངས། མི་རྒོད་རྩོམ་རིག

འཁྲབ་ཁྲིད་པ་གྲགས་ཅན། བོད་ཀྱི་རྩོམ་པ་པོ་གྲགས་ཅན་པདྨ་ཚེ་བརྟན་ལགས་། ཕྱི་ལོ་ ༢༠༢༣ ཟླ ༥ ཚེས་ ༨ ཉིན་སྙུན་གཞིའི་རྐྱེན་པས་དགུང་གྲངས་༥༤སྟེང་དབུས་ལྷ་ལྡན་དུ་སྐུ་གཤེགས།

པདྨ་ཚེ་བརྟན་ལགས་ནི་སྤྱི་ལོ1969ལོའི་ཟླ12པར་མདོ་སྨད་ཁྲི་ཀ་ས་ཁུལ་དུ་སྐྱེས་ཤིང་། རྩོམ་རིག་རབ་འབྱམས་པའི་བསླབ་གནས་ཐོབ་པའི་དེང་རབས་བོད་ཀྱི་གཞོན་སྐྱེས་ཤེས་ལྡན་པ་ཞིག་ཡིན། སྤྱི་ལོ1991ལོ་ནས་སྤྱི་ལོ1995ལོའི་བར་དུ་ནུབ་བྱང་མི་རིགས་སློབ་ཆེན་དུ་བསླབ་གཞི་མཐའ་དག་ལ་སྦྱང་བ་དཔྱིས་ཕྱིན་པ་བྱས་ཤིང་། སྤྱི་ལོ1995ལོ་ནས་སྤྱི་ལོ2000ལོའི་བར་དུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དུ་ཕྱག་ལས་གནང་མྱོང་། སྤྱི་ལོ2000ལོ་ནས་སྤྱི་ལོ2002ལོའི་བར་དུ་ཡང་བསྐྱར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་ནས་རབ་འབྱམས་པའི་དམ་བཅའ་ལ་འབད།

སྤྱི་ལོ2002ལོ་ནས་སྤྱི་ལོ2004ལོའི་བར་དུ་པེ་ཅིང་གློག་བརྙན་སློབ་གླིང་དུ་སློབ་གཉེར་གནང་བ་དང་། སྤྱི་ལོ2004ལོའི་ལོ་མཇུག་ཏུ་པེ་ཅིན་ཧི་མ་ལ་ཡའི་གློག་བརྙན་རིག་གནས་བརྒྱུད་སྒྲོག་ཚད་ཡོད་སྤྱི་གཉེར་ཁང་བཙུགས་པ་དང་། རིམ་གྱིས་ཀྲུང་གོའི་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཁོངས་མི་དང་། ཀྲུང་གོའི་གློག་བརྙན་མཐུན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་གློག་བརྙན་རྩོམ་རིག་རིག་པའི་མཐུན་ཚོགས་ཀྱི་ཁོངས་མི་བཅས་སུ་གྱུར་པ་རེད། སྤྱི་ལོ1991ལོ་ནས་བཟུང་རྩོམ་རིག་བརྩམས་ཆོས་ཀྱི་ལས་སུ་ཞུགས་ཤིང་། སྔ་གཞུག་ཏུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བརྩམས་པའི་སྒྲུང་ཐུང་དང་སྒྲུང་རིང་ལྔ་བཅུ་ལྷག་མཛད། ལོ་ཙཱའི་བརྩམས་ཆོས་བཅུ་ལྷག་ཡོད་པ་རེད། དེ་དག་གི་ནང་ནས་བརྩམས་ཆོས་ཁག་ཅིག་དབྱིན་ཇི་དང་ཧྥ་རན་སི། འཇར་མན། ཉི་ཧོང་སོགས་ཀྱི་སྐད་དུ་བསྒྱུར་ཡོད་པར་མ་ཟད། སྦྲང་ཆར་རྩོམ་རིག་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་པའི་རིག་རྩལ་གསར་རྩོམ་གྱི་བྱ་དགའ། ཀྲུང་གོའི་དེང་རབས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་པའི་ཕུལ་བྱུང་བྱ་དགའ་སོགས་བྱ་དགའ་གང་མང་བླངས་མྱོང་།

ད་ལྟའི་བར་དུ་པར་དུ་བསྐྲུན་པའི་སྒྲུང་གཏམ་རིང་གྲས《རྗེ་བླ་མ་བོད་ལྗོངས་སུ་བཞུགས་དུས》(མཉམ་རྩོམ)བོད་རྒྱ་ཡིག་གི་བརྩམས་སྒྲུང་ཕྱོགས་བསྒྲིགས་དེབ《བསླུ་བྲིད》《གྲོང་ཁྱེར་གྱི་འཚོ་བ》《ཐར་ལོ》《པདྨ་ཚེ་བརྟན་གྱི་བརྩམས་སྒྲུང》སོགས་དང་ལོ་ཙཱ་བྱས་པའི་བརྩམས་ཆོས་རིང་གྲས 《མི་རོ་རྩེད་སྒྲུང》སོགས་ཡོད།


སྤྱི་ལོ2002ལོ་ནས་བཟུང་གློག་བརྙན་བསྒྱུར་སྒྲིག་དང་འཁྲབ་ཁྲིད་ཀྱི་ལས་གཉེར་ཞིང་། ཁོང་གི་གློག་བརྙན་ཐོག་མ་སྟེ་གློག་བརྙན་ཐུང་ངུ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པར་སྤྱི་ལོ2003ལོར་སྐབས4པའི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་ཐུང་ངུའི་འགྲན་བསྡུར་ཚན་པའི་ཆེད་ལས་ཚོགས་ཆུང་གི་འཁྲབ་པའི་གློག་བརྙན་གྱི་ནང་དོན་རིགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པར་མ་ཟད། པེ་ཅིན་གློག་བརྙན་སློབ་གླིང་གི་མཆོད་རྟེན་དབྱིབས་ཀྱི་བྱ་དགའ་ཞེས་པའི་སྐབས་དང་པོའི་གློག་བརྙན་རྩེ་གྲའི་བྱ་དགའ་དང་། པེ་ཅིང་གི་རྒྱལ་སྤྱིའིDVགླེང་སྟེགས་སྐབས་དང་པོའི་བྱུང་རིམ་གློག་བརྙན་གྱི་བྱ་དགའ། སྐབས་གཉིས་པའི་ཡ་ཞི་ཡའི་རྒྱལ་སྤྱིའི་གློག་བརྙན་ཐུང་ངུའི་དུས་ཆེན་དཔྱད་འདེམས་ཚོགས་པའི་བྱ་དགའ་བཅས་ཀྱང་ཐོབ་མྱོང་བ་རེད། 35mmཡི་ཚོན་ལྡན་གཏམ་རྒྱུད་ཐུང་ངུ《རྩྭ་ཐང》ཞེས་པར་སྐབས་གསུམ་པའི་རྒྱལ་སྤྱིའི་སློབ་གྲྭ་ཆེན་མོ་བའི་གློག་བརྙན་བརྩམས་ཆོས་འགྲེམས་སྟོན་གྱི་ཀྲུང་གོའི་སློབ་མའི་གློག་བརྙན་ཐུང་ངུ་རྩེ་གྲའི་བྱ་དགའ་ཐོབ་པར་མ་ཟད། ཧྥ་རན་སི་དང་ཉི་ཧོང་། ཨུ་རུ་སུ། ཁོ་རེ་ཡ། ཧོ་ལན་སོགས་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གློག་བརྙན་འགྲེམས་སྟོན་དུ་ཞུགས་པ་རེད།

དངོས་ཞུས་གློག་བརྙན《ཆེས་མཐའ་མཇུག་གི་སེར་སྲུང་བ》ཞེས་པར་སྤྱི་ལོ2004ལོརDISCOVERYའཁྲབ་ཁྲིད་པའི་འཆར་འགོད་ནང་དུ་བདམས་པ་དང་། 35mmབྱུང་རིམ་གློག་བརྙན་རིང་གྲས《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པར་སྤྱི་ལོ2005ལོར་སྐབས་ཉེར་བཞི་པའི་ཁ་ན་ཏའི་གྲོང་ཁྱེར་ཝུན་ཀུ་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་སྟག་འབྲུག་ཅེས་པའི་དམིགས་བསལ་བྱ་དགའ་ཐོབ་པ་དང་། ཁོ་རེ་ཡའི་ཧྥུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་གྱི་དར་དགའི་འཁྲབ་ཁྲིད་པའི་གློག་བརྙན་ཐོག་མ་རྩེ་གྲའི་བྱ་དགའ། སྐབས་སུམ་བཅུ་པའི་ཤང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་རྒྱལ་སྤྱིའི་གློག་བརྙན་དཔྱད་འདེམས་མཁན་གྱི་མནའ་འབྲེལ་བྱ་དགའ། སྐབས་སུམ་བཅུ་པའི་ཤང་ཀང་གི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གནམ་བདག་ཆོས་ལུགས་རིག་གནས་ཀྱི་བྱ་དགའ་སྟེ་ཁྱད་དུ་གཟེངས་སུ་བསྟོད་པའི་བྱ་དགའ། སྐབས་བཅུ་གསུམ་པའི་སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་གྱི་གློག་བརྙན་ཐོག་མ་རྩེ་གྲའི་བྱ་དགའ། སྐབས་དགུ་པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཡ་གླིང་གི་མི་སྣ་གསར་པའི་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། སྐབས་བརྒྱད་པའི་ཁྲང་ཁྲུན་གློག་བརྙན་དུས་ཆེན་དཔྱད་སྡུར་ཚོགས་པའི་དམིགས་བསལ་བྱ་དགའ། སྤྱི་ལོ2006ལོའི་ཀྲུང་གོའི་གློག་བརྙན་སློབ་གླིང་གི་བྱ་དགའ་སྟེ་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་ཀྱི་མཐོང་ཚོར་སྒྱུ་རྩལ་གྱི་ལོ་དེའི་བྱ་དགའ་ཆེན་པོ་སོགས་བྱ་དགའ་མི་ཉུང་བ་ཞིག་ཐོབ་མྱོང་ཡོད། ཨ་རིའི་སན་ཧྥ་རན་སི་སི་ཁོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་ཧྥ་རན་སིའི་ནན་ཐེ་གླིང་ཆེན་གསུམ་གྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཧྥ་རན་སིའི་ཕ་རི་སི་གྲོང་ཁྱེར་དུ་འཚོགས་པའི་ཀྲུང་གོའི་གློག་བརྙན་དུས་ཆེན། ཧོ་ལན་གྱི་ལོའུ་ཐུ་ཏན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཉི་ཧོང་དུ་འཚོགས་པའི་ཀྲུང་གོའི་གློག་བརྙན་དུས་ཆེན་སོགས་སུ་འགྲེམ་སྟོན་ཡང་བྱས་པ་རེད།

སྤྱི་ལོ2007ལོར།《ཀ་ཐོག་སྨོན་ལམ་ཆེན་མོ》ཞེས་པའི་དངོས་ཞུས་གློག་བརྙན་དང《བསམ་ཡས་དགོན》ཞེས་པའི་ཀྲུང་གོའི་དགོན་སྡེ་གྲགས་ཅན་དང་སྐྱེས་ཆེན་དམ་པ་ཞེས་པའི་མུ་འབྲེལ་དངོས་ཞུས་གློག་བརྙན། སྤྱི་ལོ2008ལོ་ནས་བཟུང་། བོད་སྐད་གློག་བརྙན《འཚོལ》དང《ཁྱི་རྒན》《གཡང་མདའ》《ཐར་ལོ》《ལག་དམར》《དབུགས་ལྒང》《གསའ》《དབུགས་ལྒང》《སིང་སྤང་བཀྲ》སོགས་དང་། རྒྱ་སྐད་ཀྱི་གློག་བརྙན《དོར་མ་དུང་ཆེན་དར་སྲོལ་ཆེ་བའི་སྤྱི་ལོ1983ལོ》(བ་ཡན་ཁ་རིའི་ཁ་བ་ཡང་ཟེར)ཞེས་པའི་གཏམ་རྒྱུད་གློག་བརྙན་དང《ཀྲུང་གོའི་དགོན་སྡེ་གྲགས་ཅན་གྱི་འཕགས་པའི་དགེ་འདུན་དག་གི་རི་བོ་རྩེ་ལྔའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག》ཅེས་པའི་དངོས་ཞུས་གློག་བརྙན་ཕབ་སྐྲུན་བྱས།

2023ལོའི་ཟླ5པའི་ཚེས8ཉིན་སྙུན་གཞིའི་རྐྱེན་པས་དགུང་གྲངས54སྟེང་དབུས་ལྷ་ལྡན་གྲོང་དུ་སྐུ་གཤེགས།

གསར་འགྱུར།

Post navigation

Previous Post: གར་ཞ་མཁའ་འགྲོའི་གླིང་དུ་སྤྲང་འཁྱམ་ལ་ཕྱིན་པའི་སྐོར།
Next Post: པད་ཚེའི་འཁུན་སྒྲ་ལ་གྱེས་ཕྱག་འབུལ་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme