Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་གིས་ཕྲུ་གུ་ཞིག་ལ་མཇལ་ཁ་གནང་བའི་སྐོར་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གསལ་བཤད།

Posted on 2023-04-172023-04-17 By ཁ་བརྡ 5 Comments on ༧གོང་ས་མཆོག་གིས་ཕྲུ་གུ་ཞིག་ལ་མཇལ་ཁ་གནང་བའི་སྐོར་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གསལ་བཤད།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༣ ཉིན། ལྡི་ལིར་རྟེན་གཞི་བྱས་པའི་ལྷོ་ཨེ་ཤ་ཡའི་གསར་འགོད་མཐུན་ཚོགས་(FCC)ཀྱི་གོ་སྒྲིག་འོག །སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་དང་རྒྱ་ནག །བོད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། དྲི་བར་དྲིས་ལན་གནང་སྐབས། ཕྱི་ཟླ་ ༢ ཚེས་ ༢༨ ཉིན་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁ་སྩལ་སྐབས་ཀྱི་གནས་ཚུལ་ཞིག་ཉེ་ལམ་གསར་འགྱུར་བརྒྱུད་ལམ་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་གྱར་འགྲེམས་ཕྱིན་པའི་སྐོར་ལ་གསར་འགོད་པ་ཞིག་གིས་དྲི་བར་ལན་འདེབས་གནང་བ་དབྱིན་སྐད་ནས་བོད་བསྒྱུར་ཞུས་པ་གཤམ་གསལ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྲུ་གུ་དེར་མཇལ་ཁ་བསྩལ་བའི་གནས་ཚུལ་དེ་ནི་ཚོར་ཤུགས་ཆེན་པོའི་དྲི་བ་ཞིག་ཆགས་ཡོད། ངས་ཁྱེད་རང་ཚོར་དྲི་བ་ཞིག་འདྲི་རྒྱུ་ཡོད། གནས་ཚུལ་འདིའི་ནང་གནོད་འཚེ་ཕོག་མཁན་ངོ་མ་དེ་སུ་རེད། ཁ་ཤས་ཀྱིས་བུ་དེ་དང་ནང་མི་རེད་ཟེར་གྱི་འདུག ངས་བལྟས་ན་བུ་དེར་སྣང་དག་མི་འདུག ཁོས་མཛད་སྒོའི་རྗེས་ལ་སྐད་ཆ་ཡག་པོ་བཤད་འདུག ཨ་མ་ལགས་དེར་སྣང་དག་མི་འདུག མཛད་སྒོའི་རྗེས་ལ་མོ་རང་གིས་ཀྱང་སྐད་ཆ་ཡག་པོ་བཤད་འདུག མཛད་སྒོར་ཞུགས་མཁན་སློབ་ཕྲུག་ ༡༢༠ ལ་སྡུག་ཡུས་གང་ཡང་མི་འདུག ངས་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་མཛད་སྒོའི་རྗེས་ལ་བཅར་འདྲི་བྱས་པ་ཚང་མར་ཉན་པ་ཡིན། སྐབས་དེར་གང་ཡང་མི་འདུག དྲ་རྒྱའི་བརྒྱུད་ལམ་ཁག་གི་ཐོག་བཞག་འདུག དོན་དངོས་ཐོག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་ཡོད་རེད། ཁོང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་སློང་ཞིག་ཡིན་པར་བརྟེན། འཁོར་བའི་འདོད་ཡོན་ལ་ཞེན་ཆགས་སྤངས་ཏེ། སྐུ་ཚེ་ཧྲིལ་པོར་གཏན་བདེའི་གོ་འཕང་དོན་གཉེར་མཛད་བཞིན་ཡོད།

༧གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོར་སྐུ་སྒེར་གྱི་ཚུལ་ཁྲིམས་ཐོག་དོགས་སློང་བྱེད་མཁན་ད་བར་བྱུང་མྱོང་མེད། ནམ་རྒྱུན་༧གོང་ས་མཆོག་གིས་སྐྱོན་བྲལ་གྱི་སྒོ་ནས་བྱམས་བརྩེ་དང་། འཚེ་བ་མེད་པ། འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་སོགས་ཁྱབ་སྤེལ་དང་ཉམས་ལེན་གནང་བཞིན་ཡོད་ནའང་། ཉེ་ལམ་མི་མང་འདུ་འཛོམས་སར་ཕྲུ་གུ་ཞིག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པའི་སྐོར་དེར་མང་ཚོགས་ནང་མཐོང་སྣང་དང་འགྲེལ་བཤད་འདྲ་མིན་བྱུང་འདུག་པ་དང་། དྲང་བདེན་མིན་པའི་སྒོ་ནས་༧གོང་ས་མཆོག་ལ་སྒྲོ་སྐུར་སྣ་ཚོགས་ཤིག་ཞུས་པ་དེས་ཁོང་གི་རྗེས་འཇུག་པ་རྣམས་ཀྱི་སེམས་ཚོར་ལ་དོ་ཕོག་ཆེན་པོ་བྱུང་ཡོད། ང་ཚོར་མཚོན་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་སྙིང་རྗེའི་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན། ཁོང་གི་བྱམས་པ་དང་བརྩེ་བ་ནི་དེ་ཚོའི་རིགས་ལས་རྦད་དེ་བརྒལ་ཡོད། དེས་དངོས་གནས་ང་ཚོར་སེམས་ངལ་བཟོས་བྱུང་། དེ་མཁྱེན་པ་གནང་རོགས། འཆལ་གཏམ་དེ་རིགས་ཀྱིས་ང་ཚོར་སེམས་ངལ་བཟོས་བྱུང་།

༧གོང་ས་མཆོག་གིས་རྣམ་ཀུན་ཞལ་འཛུམ་འཛུམ་ངང་ཆབ་སྲིད་དབུ་ཁྲིད་དང་ཆོས་ལུགས་ཀྱི་དབུ་ཁྲིད། ལས་རིགས་འདྲ་མིན་གྱི་མི་མང་དཀྱུས་མ་ཚོར་མཇལ་འཕྲད་གནང་སྐབས། ལག་འཇུ་དང་། སྣ་གཏུག །འཐམ་པ། དབུ་གཏུག་སོགས་ཀྱི་རྣམ་པས་འཚམས་འདྲི་གནང་གི་ཡོད་པ་དེ་ནི་སྤྱི་ཚོགས་ཀྱི་གོ་གནས་ཇི་ཡིན་ལ་མ་ལྟོས་པར་འགྲོ་བ་མི་སྤྱི་ལ་བྱམས་བརྩེའི་འདུ་ཤེས་གཅིག་གྱུར་འཛིན་བཞིན་པའི་མངོན་རྟགས་ཤིག་ཡིན། ༧གོང་ས་མཆོག་གིས་ཚོགས་འཛོམས་བྱེད་མཁན་ཚོར་སྤྲོ་སྣང་སྤེལ་ཆེད་རྩེད་མཚར་དང་བཞད་གད་སློང་བའང་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན།

དོན་དངོས་བྱུང་རིམ་ནི། གནས་ཚུལ་དེ་ ༢༠༢༣ ཟླ་ ༢ ཚེས་ ༢༨ ཉིན་གཙུག་ལག་ཁང་དུ་བྱུང་བ་ཞིག་དང་། M3M ཐེབས་རྩ་ཁང་གི་མཐུན་འགྱུར་ལ་བརྟེན་ནས་མཐོ་སློབ་མཐར་ཕྱིན་པའི་སློབ་ཕྲུག་ ༡༢༠ མཉམ་ཞུགས་བྱས་འདུག གསར་འགྱུར་འགྱུར་ལམ་ཡང་མཉམ་ཞུགས་བྱས་འདུག ༧གོང་ས་མཆོག་ཚོགས་རར་ཆིབས་བསྒྱུར་གནང་སྐབས། ཕྲུ་གུ་དེས་བེ་ཏའི་འབྲས་བུ་བཀད་དེ་ཕེབས་བསུ་ཞུས་ཡོད། ཐེབས་རྩ་ཁང་ཚོགས་མི་གཉིས་ཀྱིས་མཛད་སྒོའི་ཐོག་གཏམ་བཤད་བྱས་རྗེས། ༧གོང་ས་མཆོག་གིས་བཀའ་སློབ་གནང་ཡོད། བཀའ་སློབ་ཀྱི་གལ་གནད་ཐོག་བགྲོ་གླེང་བྱེད་མཁན་བྱུང་མེད། དེས་སུ་ལའང་ཁེ་ཕན་སྤྲོད་ཐུབ་ཀྱི་མེད་པ་དང་། བརྙན་འཕྲིན་ལྟ་མཁན་གྱི་གྲངས་འབོར་ TRP འཕར་ཐུབ་ཀྱི་མ་རེད་བསམ་ཡོད་པ་འདྲ། དྲི་བར་དྲིས་ལན་གྱི་སྐབས་སུ་དར་མ་གསུམ་གྱིས་དྲི་བ་བཀོད་མཚམས། ཕྲུ་གུ་དེས་༧གོང་ས་མཆོག་ལ་འཐམ་ཆོག་པའི་རེ་འདུན་ཞུས་པར། ༧གོང་ས་མཆོག་གིས་བཅོས་མིན་ལྷད་མེད་ཀྱི་སྤོ་སྤོ་ལྟ་བུའི་རྣམ་འགྱུར་གྱིས་ཕྲུ་གུ་དེར་འཚམས་འདྲི་མཛད་པ་དང་། དེའི་རྗེས་ཕྲུ་གུའི་ཨ་མ་དང་མཇལ་བཅར་བ་རྣམས་ཀྱི་མཐོང་སར་རྩེད་མཚར་གནང་ཡོད།
ཕྲུ་གུ་དེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཐམ་རྗེས། ༧གོང་ས་མཆོག་གིས། ང་ཚོ་ཚང་མ་འགྲོ་བ་མིའི་ཕུ་ནུ་མིང་སྲིང་གཅིག་པ་རེད། ད་ཆ་ཁྱེད་རང་གིས་ཞི་བདེ་དང་བདེ་སྐྱིད་སྐྲུན་མཁན་གྱི་མི་ཡག་པོ་དེ་ཚོར་ལྟ་དགོས་ཀྱི་རེད། མི་གཞན་གྱི་སྲོག་འཕྲོག་མཁན་གྱི་སྡུག་ཅག་དེ་ཚོའི་རྗེས་སུ་འབྲང་མི་ཉན། མི་དེ་ཚོར་ལྟ་ཉན་གྱི་མ་རེད་ཅེས་བཀའ་གནང་ཡོད་པ་དང་།

མཛད་སྒོ་གྲོལ་རྗེས། མ་བུ་གཉིས་ཀས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གཉིས་ཀྱིས་བཅར་འདྲི་ལ་དང་ལེན་བྱས་ཡོད་པ་དང་། བུ་དེས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་ལན་འདེབས་བྱེད་སྐབས།༼༧གོང་ས་མཆོག་མཇལ་ཐུབ་པ་དེ་ནི་ངོ་མཚར་ཅན་ཞིག་རེད། བཟང་པོའི་ནུས་མཐུ་དེ་འདྲ་མཐོ་པོ་ཡོད་པའི་མི་ཞིག་མཇལ་ཐུབ་པ་ནི་དངོས་གནས་དྲང་གནས་ཀྱི་ཉམས་མྱོང་རླབས་པོ་ཆེ་ཞིག་རེད། ཁོང་མཇལ་ནས་སེམས་པ་དཔེ་སྐྱིད་པོ་བྱུང་། བཟང་པོའི་ནུས་མཐུ་མང་པོ་ཐོབ་བྱུང་། དེ་ཙམ་ཞིག་མ་རེད། བཟང་པོའི་ནུས་མཐུ་ཐོབ་པ་ཡིན་ན་སེམས་པ་དེ་ལས་ཀྱང་སྐྱིད་པ་དང་། འཛུམ་མདངས་དེ་ཀྱང་མཚར་སྡུག་ལྡན་པ་ཞིག་ཡོང་གི་རེད་བསམ་གྱི་འདུག འདི་དོན་དག་ཡག་པོ་ཞིག་རེད། དངོས་གནས་དྲང་གནས་ཉམས་མྱོང་ཧ་ཅང་ཡག་པོ་ཞིག་བྱུང་༽ཞེས་བརྗོད་ཡོད།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་བུ་དེའི་ཨ་མས་ལན་འདེབས་བྱེད་སྐབས། ༼ང་ཚོས་དུས་རྒྱུན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་སྨོན་བྱིན་རླབས་འཐོབ་རྒྱུའི་རེ་བ་འཆང་བཞིན་ཡོད་པ་དེ་རིང་གོ་སྐབས་འདི་བྱུང་སོང་། ལྷག་པར་དུ་ང་དང་ངའི་ནང་མི་མཉམ་དུ་ཡོད། IM Power ལག་རྩལ་སློབ་གཉེར་ཁང་ནས་མཐར་ཕྱིན་པའི་སློབ་མ་ཚང་མའང་མཉམ་དུ་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་སྨོན་བྱིན་རླབས་ཆ་ཚང་རག་ནས་སྐྱིད་པོ་ཞེ་དྲག་བྱུང་། ཁོང་ཚོགས་རར་ཕེབས་ནས་བཀའ་སློབ་སྩལ་བྱུང་། འཛམ་བུ་གླིང་འདིར་ཞི་བདེ་དགོས་མཁོ་ཡོད་པ་དང་། མི་རེ་ངོ་རེ་ཕུ་ནུ་མིང་སྲིང་ལྟ་བུ་ཚོར་ཐུབ་དགོས་སྐོར་བཀའ་སྩལ་བྱུང་། ང་ལ་ཁོང་གི་བྱིན་རླབས་ཐོབ་པའི་ཚོར་བ་འདི་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་རེད། ཐུགས་རྗེ་ཆེ་༽ཞེས་བརྗོད་ཡོད།

ང་ཚོས་ཐོག་མའི་ཞིབ་འཇུག་བྱས་པ་ལྟར་ན། དང་ཐོག་ངན་སློང་བྱེད་མཁན་ནི་རྒྱ་ནག་ལ་ཕྱོགས་གཏོགས་བྱེད་པའི་གནས་ཚུལ་ཡོང་ཁུངས་དེ་ཚོ་རེད་འདུག་པས། བརྙན་ཐུང་འདི་བཅད་གཏུབ་ཀྱིས་ཕྱིར་བསྒྲགས་བྱེད་མཁན་དེའི་ཀུན་སློང་ཇི་ཡིན་གསལ་པོ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྣང་བརྙན་དང་། མཚན་སྙན། མཛད་རྗེས་ལ་དམའ་འབེབས་ཞུས་ནས་ཁེ་ཕན་ལེན་མཁན་དེ་སུ་ཡིན་མིན་འགྲེལ་བཤད་རྒྱག་དགོས་དོན་མི་འདུག ཞིབ་ཚགས་ཀྱིས་བྱུས་འགོད་བྱས་པའི་དམའ་འབེབས་ལས་འགུལ་འདིའི་གཞི་ཁྱོན་དང་ཚད་རིམ་ལ་བལྟས་ན། དོན་རྐྱེན་འདིའི་ཆབ་སྲིད་ཀྱི་ལྟ་ཕྱོགས་དེ་ཡང་སྣང་མེད་དུ་འཇོག་ཐུབ་པ་ཞིག་རེད་མི་འདུག

དོན་རྐྱེན་འདིར་བློ་མི་བདེ་བའི་བསམ་ཚུལ་འཛིན་མཁན་མང་ཚོགས་ཚོས་བརྙན་འཕྲིན་ཆ་ཚང་ལ་གསན་གཟིགས་གནང་སྟེ། ༧གོང་ས་མཆོག་གི་བཀའ་སློབ་ཀྱིས་མཚོན་པའི་མཛད་སྒོའི་ཕྱོགས་ཡོངས་ལ་རྒྱུས་ལོན་གནང་ཐུབ་པ་ཡིན་ན། ཁྱེད་ཅག་གིས་ཆགས་སྲེད་དང་བྱམས་བརྩེ་གཉིས་ཀྱི་དབྱེ་བ་འབྱེད་ཐུབ་པའི་ཡིད་ཆེས་ཡོད། འཛམ་གླིང་འདིར་བརྩི་བཀུར་དང་དགའ་མོས་ཞུ་ཡུལ་གྱི་ཞི་བདེའི་དེད་དཔོན་ཞིག་ལ་མཚན་ཤས་བཟོ་བ་ནི་དྲང་བདེན་མིན། དེས་ཞིབ་འཇུག་འཐུས་ཚང་དང་དཔྱད་སྡོམ་ཐག་གཅོད་ཀྱི་འཁོར་རྒྱ་དོག་པོ་བཟོ་གི་ཡོད།

གསལ་བཤད།

Post navigation

Previous Post: རྒྱ་ནག་གི་བསླུ་བྲིད་འོག་གི་རྒྱ་གར་གྱི་གསར་ཁང་།
Next Post: སེམས་ཀྱི་ཞལ་འདེབས། 

Comments (5) on “༧གོང་ས་མཆོག་གིས་ཕྲུ་གུ་ཞིག་ལ་མཇལ་ཁ་གནང་བའི་སྐོར་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གསལ་བཤད།”

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    2023-04-17 at 2:39 am

    གནད་དོན་འདི་ནད་ཀྱི་རྩ་བ་གང་ནས་བྱུང་ཟེར་ན་རླུང་འཁྲིས་བད་ཀན་གསུམ་ལས་མ་འདུས་པའི་ནད་མེད་པ་ལྟར་གནད་དོན་ཡོང་ས་དེ་བུ་དེ་ནས་བྱུང་བ་ནས་ད་ཆ་དགའ་ལྡན་ཕོ་བྲང་ཡིག་ཚང་དང་དབུས་བོད་མིའི་མང་གཙོའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་བཅས་ནས་བུ་དང་བུའི་ཕ་མ་ཚོར་དེའི་ཐོག་བསམ་ཚུལ་ག་རེ་ཡོད་འདྲི་རྩད་གནང་དགོས་པ་དེ་གལ་ཆེན་མིན་པ་ཡིན་ནམ་།

  2. ཇ་མ། says:
    2023-04-28 at 10:03 pm

    གནད་དོན་འདི་བྱུང་བ་ནས་མཐུན་ལམ་ལ་ཕན་ཐོག་ཧ་ཅང་ཆེན་པོ་བྱུང་སོང་།

  3. ཇ་མ། says:
    2023-04-28 at 10:06 pm

    སྐུ་ངོ་སྲིད་སྐྱོང་མཆོག་གིས་རྒྱུད་ལམ་ལ་གསལ་བཤད་དེ་ནི་དགོས་འདོད་ནོར་བུ་དཔུང་འཇོམས་བཞིན་བྱུང་།

  4. བཟོད་པ་དར་རྒྱས། says:
    2023-04-29 at 1:18 am

    ང་རང་ཧ་ཅང་དགའ་བོ་བྱུང་། ད་རེས་སླར་ཡང་ཁ་བརྡ་དང་འཕྲད་པ།

  5. བཟོད་པ་དར་རྒྱས། says:
    2023-04-29 at 1:19 am

    སྐྱེན་ངན་གྲོགས་ཤར་རང་ཆགས་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme