Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་ལ་གཞི་མེད་མཚན་ཤས་བཟོས་པའི་གནས་ཚུལ་དང་འབྲེལ་བའི་བསྐོར་ལ་དཔྱད་པའི་གཏམ།

Posted on 2023-04-17 By ཁ་བརྡ No Comments on ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་ལ་གཞི་མེད་མཚན་ཤས་བཟོས་པའི་གནས་ཚུལ་དང་འབྲེལ་བའི་བསྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་ལ་གཞི་མེད་མཚན་ཤས་བཟོས་པའི་གནས་ཚུལ་འཐོན་པ་ནི་བོད་མི་རིགས་ལ་བསམ་ན། བློ་ཕམ་དང་ཁོང་ཁྲོ་བཟོད་སྲན་མི་ཐུབ་པའི་བྱ་སྤྱོད་ཐ་ཤལ་ཞིག་ཡིན་པ་ནས་བོད་མི་དང་བོད་དོན་ལ་སེམས་འཁུར་ཡོད་མཁན་དང་༧གོང་ས་མཆོག་ལ་དད་གུས་ཡོད་མཁན་ཕྱི་ནང་གི་མི་རིགས་མང་པོས་བཟང་སྤྱོད་དང་ཁ་མ་བྲལ་བའི་ཐོག་ནས་༧གོང་ས་མཆོག་ལ་གཞི་མེད་མཚན་སྨད་ཞུ་མཁན་ཚོར་རྒྱུ་ཚན་ལྡན་པའི་ཐོག་ནས་འབྲེལ་བཤད་དང་ངོ་སྤྲོད་གནང་མཁན་དང་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་མཁན་དང་ལན་འདེབས་གནང་མཁན་སོགས་ལས་འགུལ་འདྲ་མིན་གཅིག་རྗེས་གཉིས་མཐུད་བྱས་ནས་ཡོང་བཞིན་པ་ལ་རྗེས་སུ་ཡིད་རངས་ཞུ་གི་ཡོད།

༧གོང་ས་མཆོག་ལ་མཚན་སྨད་དང་བསྐུར་འདེབས་ཞུ་མཁན་དེ་དག་ནི་མི་ལུས་ཐེངས་གཅིག་བླངས་པ་དེ་དམྱལ་བ་གཏིང་ནག་ལ་འགྲོ་རྒྱུའི་ལས་ངན་པ་བསགས་ནས་མིག་ལྡན་གཡང་མཆོངས་བྱས་པ་ཙམ་ལས་༧གོང་ས་མཆོག་ནི་རི་རྒྱལ་ལྷུན་པོ་བཞིན་དུ་བརྟན་པ་དང་གངས་དཀར་ཏི་སི་བཞིན་དབུ་འཕང་མཐོ་བ་དང་མ་ཕམ་གཡུ་མཚོ་བཞིན་དུ་ཁ་ཞེང་ཆེ་བ་དང་རྒྱ་མཚོ་ཆེན་པོ་བཞིན་དུ་གཏིང་དཔོག་དཀའ་བ་ནས་དུས་ནམ་ཡང་ནག་ཕྱོགས་ཀླ་ཀློའི་ངན་བྱུས་འོག་ཉི་འོད་མུན་པས་ནམ་ཡང་འཇོམས་མི་ཐུབ་པ་དང་ས་གཞི་སྦར་མོས་ནམ་ཡང་ཁེབས་མི་ཐུབ་པ་དང་གངས་སེང་དཀར་པོ་ལ་ཁྱི་གིས་ནམ་ཡང་མགྲན་མི་ཐུབ་པ་ནས་གཞིས་བྱེས་བོད་མི་ཚོ་བློ་བདེ་བག་ཕེབས་ངང་གནས་ཆོག་པ་དང་ད་ལམ་གྱི་གནད་དོན་དེ་ཚོའི་རྒྱབ་ཏུ་སུ་དང་སུ་ཡོད་དབུས་བོད་མིའི་སྒྲིག་འཛུགས་སྡེ་སྲུང་ལྷན་ཁང་ནས་གནས་ཡུལ་རྒྱལ་ཁབ་སོ་སོའི་གསང་ལས་ཁག་དང་འབྲེལ་བ་གནང་ནས་ཡུལ་ཁྲིམས་ལ་སྦྱར་དགོས་པ་ནི་མ་འོངས་གཞི་མེད་སྐྱོན་འཛུགས་དེ་རིགས་མི་ཡོང་བའི་སྔོན་འགོག་དང་། ༧ གོང་ས་མཆོག་གི་བླ་བྲང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མ་འོངས་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་ཚོ་༧གོང་ས་མཆོག་དང་བར་ཐག་མི་ཊར་ལྔ་ཙམ་ངེས་པར་དུ་འཇོག་དགོས་པའི་འབོད་བསྐུལ་ཞུ་གི་ཡོད་ལ་༧གོང་ས་མཆོག་དང་ལྷན་དུ་སྐུ་པར་སྒྲོན་རྒྱུ་དེ་ཕྱི་ནང་གི་མཐོ་རིམ་མི་སྣ་གནད་ཡོད་ཚོ་ཙམ་ལས་གཞན་ཕྱི་ནང་གི་མི་མང་དཀྱུས་མ་མཇལ་ཁ་ཞུ་མཁན་ཚོ་དང་མཉམ་དུ་སྐུ་པར་མ་སྒྲོན་རོགས་ཞུ་འདོད་བྱུང་གང་ལགས་ཞུས་ན་མི་མང་པོ་ཞིག་གི་སྒོ་སྐབས་བླང་ནས་༧གོང་ས་མཆོག་དང་ལྷན་དུ་སྐུ་པར་སྒྲོན་ནས་༧ གོང་ས་མཆོག་དང་འབྲེལ་བ་གཏིང་ཟབ་ཡོད་པའི་རྣམ་འགྱུར་སྟོན་ནས་མི་མང་པོ་མགོ་འཁོར་དུ་བཅུག་མཁན་དེ་འདྲ་ཡང་ཡོང་མི་སྲིད་པ་མིན་པ་ནས་དགའ་ལྡན་ཕོ་བྲང་གི་འགན་ཡོད་དྲུང་ཆེ་ཚོའི་༧གོང་ས་མཆོག་གི་སྐུ་ཕྱྭ་དེ་ཕྱི་ནང་གི་མཇལ་ཁ་ཞུ་མཁན་ཚོ་ལས་གལ་ཆེ་བ་འཛིན་དགོས་པའི་འབོད་བསྐུལ་ཡང་ཞུ་འདོད་བྱུང་།

རྒྱུན་དུ་ང་ཚོའི་སྤྱི་ཚོགས་ནང་གསར་འགྱུར་འགོད་མཁན་དང་གསར་འགྱུར་སྤེལ་མཁན་དང་གསར་ཤོག་དང་དུས་དེབ་བརྙན་ཐུང་སོགས་བཟོ་མཁན་དང་ཡུ་ཊུབ་པར་སོགས་མི་སྒེར་དང་ཚོགས་སྐྱིད་འདྲ་མིན་ནས་ཚང་ཁ་ཤིག་ཤིག་བྱས་ནས་ངོ་དེབ་ནང་འཐོན་ཡོང་མཁན་ཚོ་ད་ལྟའི་ཛ་དྲག་གི་དུས་ཚོད་འདིར་དྲ་ལམ་དུ་ཕེབས་ནས་དངོས་ཡོད་རྒྱུ་ཚན་དང་ལྡན་པའི་འགོ་ནས་ངོ་རྒོལ་དང་གཏམ་བཤད་མཆན་འགོད་རྒྱུ་སོགས་བཟང་སྤྱོད་དང་ཁ་མ་བྲལ་བའི་ཐོག་ནས་གནད་ལ་འཁེལ་བ་དང་དོན་ལ་སྨིན་པ་ཡུལ་ཁྲིམས་དང་མ་འགལ་བ་ནས་ལས་འགུལ་སྤེལ་མཁན་ཚོར་ཐུགས་རྗེ་ཆེ་ཞུ་གི་ཡོད་། མཐའ་དོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་ཞིག་རྡོ་རྗེའི་ཁམས་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་སྒེག་མེད་ལྷུན་གྱི་འགྲུབ་པའི་སྨོན་འདུན་བཅས་རེ་ཞིག་འདིར་འཇུག་བསྡུས་པའོ་།

གཞུང་པས་།༢༠༢༣/༠༤/༡༦

བསམ་ཚུལ།

Post navigation

Previous Post: ཨོ་་ཨོ་་་་ཨོ་ཧོ་ཧོ་ཧོ་་་་།
Next Post: རྒྱ་ནག་གི་བསླུ་བྲིད་འོག་གི་རྒྱ་གར་གྱི་གསར་ཁང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme