Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་ངོགས་སུ་དྲན་ཐོ་སྣ་ཚོགས།

Posted on 2023-04-05 By ཁ་བརྡ 1 Comment on སེམས་ངོགས་སུ་དྲན་ཐོ་སྣ་ཚོགས།

ཆབ་མདོ་ངག་ཕུན།

རི་གྲོང་ལྗོན་ཤིང་སྣ་ཚོགས།། རླུང་བུས་ལྷབ་ལྷུབ་གཡོ་བ།།
ང་ཡི་ཕ་སའི་རི་གྲོང་།། ཡིད་ལ་ཡང་ཡང་འཁོར་བྱུང་།།

ལྗོན་པའི་ལོ་འདབ་རྒྱས་སོང་།། སེམས་ནང་དགའ་སྣང་སྐྱེས་བྱུང་།།
མི་ཡུལ་ས་མཐའ་འདི་ནས།། གདུང་བའི་གླུ་ཞིག་ལེན་ནོ།།

བདག་གི་སེམས་ཀྱི་ངོས་སུ།། རེ་བ་མཐོན་པོ་འཛིན་ནས།།
རི་ལུང་མང་པོ་བརྒལ་ཏེ།། མི་ཡུལ་འདི་རུ་ཡོང་ཡིན།།

འོན་ཀྱང་ལས་དབང་བཙན་པོའི།། བྱ་རྒྱུ་གང་ཡང་མི་འདུག
བླ་མ་དཀོན་མཆོག་རྣམ་གསུམ།། ཐུགས་རྗེའི་སྤྱན་གྱིས་གཟིགས་དང་།།

དྷ་སའི་རི་ངོགས་འདི་རུ།། ཆར་པ་སིམ་སིམ་འབབ་ནས།།
བདག་གི་སེམས་ཀྱི་ངོས་སུ།། བདེ་བའི་སྣང་བ་སྦྱིན་བྱུང་།།

ལྷ་བྱ་ཁུ་བྱུག་སྔོན་པོ།། ལྗོན་པོའི་རྩེ་ནས་གྲག་བྱུང་།།
མི་ཡུལ་འགྲིམས་པའི་མི་ལ།། བདེ་བའི་སྣང་བ་སྦྱིན་བྱུང་།།

ལོ་ན་མཐོ་བའི་བགྲེས་སོང་།། དལ་གྱིས་གླིང་སྐོར་སྐྱོད་བཞིན།།
ཡིད་ཐང་ཆད་པའི་རྣམ་པ།། མཐོང་དུས་སེམས་པ་སྐྱོ་བྱུང་།།

གཡས་གཡོན་ལྗོན་ཤིང་རྩེ་ནས།། བྱ་ཚོགས་ལྡིང་སྐོར་རྒྱབ་ཀྱིན།།
སྐྱིད་པའི་ཕ་ཡུལ་ཕྱོགས་ཀྱི།། རི་ལུང་ཡིད་དུ་འཆར་བྱུང་།།

ཨ་མས་བུ་ཕྲུག་འཁྱེར་ནས།། གླིང་སྐོར་སྐྱོད་པ་མཐོང་།།
ང་རང་ལོ་ན་ཆུང་སྐབས།། ཨ་མས་འཁྱེར་བ་དྲན་བྱུང་།།

ལོ་ན་མཐོ་བའི་བགྲེས་སོང་།། ལག་ཏུ་འཁར་རྒྱུག་འཁྱེར་ཞིང་།།
ངག་ནས་ཡིག་དྲུག་བགྲང་བཞིན།། གླིང་སྐོར་དལ་གྱིས་བསྐྱོད་པ།།

ལུང་པའི་ཕུ་ལ་ཕྱིན་ཡིན།། ཕུ་ཡི་རི་རྒྱལ་ལྷུན་པོ།།
འགྱུར་མེད་བློ་རྩ་བརྟན་པོར།། བཞུགས་པ་སེམས་པ་དགའ་སོང་།།

རི་བོ་མཐོན་པོའི་རྩེ་ལ།། གངས་ཀྱི་མཆོད་རྟེན་བཞེངས་ཡོད།།
ད་ལོ་ཆར་ཆུ་ཆེ་ཡང་།། མ་འཁྱེར་གསོན་པོར་གནས་འདུག

གྲོང་ཁྱེར་ནང་གི་མཛེས་མ།། གདོང་ལ་དཀར་དམར་བྱུག་ནས།།
མི་ཚོགས་མང་པོའི་དཀྱིལ་ལ།། ཁྲེལ་གཞུང་མེད་པ་འགྲོ་གིན།།

དེང་རབས་ཕོ་གཞོན་མོ་གཞོན།། དགོས་པའི་ཤེས་ཡོན་མི་བརྩོན།།
མི་དགོས་ལག་ཐོགས་ཁ་པར།། གཡེང་ནས་མི་ཚེ་འཕྲོག་ལྷག།

གནས་སྐབས་བདེ་བ་ཙམ་ལ།། མགོ་བོ་འཁོར་ནས་མ་སྡོད།།
ང་ཚོ་བཙན་བྱོལ་ཡིན་པ།། སེམས་སུ་ཉར་ནས་བརྩོན་དགོས།།

མི་ཡུལ་ས་མཐའ་ལུང་པར།། དཔལ་འབྱོར་ག་ཚད་ཡོད་རུང་།།
གཞན་ཡུལ་ཡིན་པ་དགོངས་ནས།། བོད་དོན་་གནང་རྒྱུ་གལ་ཆེ།།

ང་ཚོའི་མི་རིགས་འདི་ཡིན།། ལས་དབང་སེམས་སུ་བཟུང་ནས།།
སེམས་ཤུགས་ཉམས་པ་མེད་པ།། མདུན་སྐྱོད་གནང་རྒྱུ་གལ་ཆེ།།

ཆོལ་ཁ་ཆོས་ལུགས་རྩོད་ནས།། མི་རིགས་ཁ་བྲལ་མ་གཏོང་།།
ལྐོག་གཡོ་ངན་ཇུས་འཛིན་ནས།། མི་དམངས་བར་དུ་མ་དཀྲུག །

ང་ཚོ་མི་རིགས་འདི་ནི།། སྐྱིད་སྡུག་མཉམ་མྱོང་ཡིན་པ།།
ཚང་མའི་སེམས་སུ་བཟུང་ནས།། བདེན་དོན་རྩོད་རྒྱུ་གལ་ཆེ།།

དྷ་སའི་རི་གྲོང་འདི་རུ། །སྤྱི་འཐུས་གྲོས་ཚོགས་ཚོགས་སོང་།།
རྒྱལ་བའི་ཐུགས་རྗེའི་དྲིན་ལས། །འཆར་གཞི་གོ་རིམ་ལྡན་པ།།

དྲི་བ་མདའ་མོ་འཕེན་འཕེན། །བསམ་ཚུལ་སེར་བ་འབབ་འབབ།།
མང་གཙོ་སྒྲིག་འཛུགས་ཡིན་པ། །དེ་ལས་གསལ་པོ་མཚོན་ནོ།།

སྤྱི་འཐུས་གྲོས་ཚོགས་ནང་དུ།། བསམ་ཚུལ་བཤད་རེས་ཙམ་ལ།།
ཧ་སང་ཧོན་འཐོར་དགོས་པའི།། གནས་སྟངས་གང་ཡང་མ་རེད།།

དེ་འདྲའི་བཤད་རེས་མེད་པ།། གཅིག་གིས་གང་བཤད་ཕྱིན་ན།།
མང་གཙོའི་ལམ་ལུགས་མིན་པ།། རྒྱ་ནག་དམར་ལུགས་ཡིན་ནོ།།

སྐྱབས་རྗེ་ཟམ་གདོང་བླ་མ་དང་།། གྲུ་དགོན་བླ་མ་རྒྱ་སྤྲུལ་མཆོག།
ཞལ་འཛོམས་སྐུ་པར་མཇལ་མ་ཐག། བདག་སེམས་དགའ་སྤྲོ་དཔག་མེད་སྐྱེས།།

སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས།། འཛད་མེད་ཆོས་ཀྱི་ཆར་པ་འབབ།།
ཐུཌ་དགོངྶ་ལྷུན་གྱིས་འགྲུབ་པ་དང་།། རྟག་ཏུ་གཞན་དོན་མཛད་པར་ཤོག

གངས་རི་ར་བས་ཡོངས་སུ་སྐོར་བའི་གནས།། དངས་གཙང་ཆུ་བོ་བཞི་ལྡན་དལ་གྱིས་རྒྱུ།།
རྩི་ཤིང་ལོ་འདབ་རྣམ་པ་རབ་ཏུ་རྒྱས།། མི་རྣམས་རྟག་ཏུ་ཞི་བདེའི་ལས་ལ་བརྩོན།།

ཡངས་ཤིང་རྒྱ་ཆེའི་སྤང་ལྗོངས་བདེ་མོའི་སྟེང་།། རྟ་ནོར་ལུག་གསུམ་བཅུད་ལྡན་རྩྭ་ཆུར་རོལ།།
ནོར་རྫི་ཕོ་མོས་དབྱངས་རྟ་སྙན་མོ་སྒྲོག དེ་འདྲའི་ས་སྐྱིད་གངས་ལྗོངས་གནས་ཀྱི་མཆོག།

དབྱར་ཉི་དྲོ་པོ་རིམ་གྱིས་ཕ་མཐར་གབ།། སྟོན་ལྗང་སེར་པོ་རླུང་བུས་ལ་ལུང་འཁྱེར།།
དགུན་ཟླ་གྲང་མོ་རིམ་གྱིས་ཤར་མགོ་བཙུཌ།། གཉིས་སྐྱེས་ཚོཌ་ཀྱང་གྲང་བའི་རྣམ་པར་མངོན།།

ཁ་བའི་འདབ་མ་ལྷབ་ལྷུབ་ས་གཞིར་ལྷུང་།། རི་ལུང་མཛེས་པའི་རྣམ་པ་རབ་ཏུ་བསྐྲུན།།
གཉིས་སྐྱེས་ཚོཌ་ཀྱང་གྲང་ཞིང་ཤིང་གསེབ་ཡིབ།། གངས་ལྗོངས་ཞེས་པ་མིང་དོན་ཅི་མི་མཚུངས།།

ཁ་བ་འདབ་མ་འབབ་པའི་རི་གྲོང་ནས།། དཔེ་ཁུག་རྒྱབ་ཏུ་འཁྱེར་བའི་ན་གཞོན་འགས།།
ལག་ཏུ་ཁ་སློང་རྒྱབ་བཞིན་དལ་གྱིས་ངང་།། སེམས་པ་ཞུམ་མེད་སློབ་གླིང་ཕྱོགས་སུ་རྒྱུ།།

སྣང་བ་སྐྱིད་པའི་ཕོ་གཞོན་དར་མ་ཞིག ལུས་ལ་གཟབ་མཆོར་སྤྲས་ཤིང་རྫིག་ཉམས་ལྡན།།
རྩྭ་ཐང་སྟེང་ནས་རྟ་ཕོ་འགྲོས་བཟང་བཞོན།། ངག་ནས་གླུ་དབྱངས་སྙན་པོས་སྐྱིད་སྣང་ལྡན།།

ད་ནི་འཇིག་རྟེན་འཁོར་བ་འདི་ཉིད་ལ།། བརྟག་ཅིང་དཔྱད་ན་སྙིང་པོ་ཅི་ཞིག་མཆིས།།
མི་འདོད་སྡུག་བསྔལ་མེ་ལྕེ་ཡིན་ན་ཡང་།། དབང་མེད་དེ་ཡི་ཕྱོགས་སུ་བཙན་གྱིས་མཆོང་།།

རང་དབང་མེད་པའི་མི་རྣམས་རང་དབང་རྩོད།། རང་དབང་ཡོད་རུང་ནང་ཁུལ་ཐོབ་ཐང་རྩོད།།
སེམས་ནང་ཆོག་ཤེས་རང་དབང་མེད་པ་ན།། ནམ་ཡང་བདེ་བའི་གནས་ཤིག་ཡོང་མི་སྲིད།།

སྡུག་བསྡུལ་ཡོད་ཚད་རང་གི་འཕྲག་སྟེང་ལེན།། སྐད་ཅིག་མི་སྡོད་གཞན་དོན་བརྩོན་པར་མཛད།།
དེ་འདྲའི་རླབས་ཆེན་སྐྱེ་བུ་ཁོང་རྣམས་ལ།། བདག་གིས་ལུས་ངག་ཡིད་གསུམ་གུས་བཀུར་ཞུ།།

ཨུ་རེན་གཉིས་ཀྱིས་དམག་འཁྲུག་ཛ་དྲག་འོག། མི་དམངས་ཁྲི་ཚོ་དུ་མའི་སྐུ་སྲོག་འཕྲོག།
རྒྱལ་ཁབ་གཞན་ཚོའི་ལྟད་མོ་ལྟ་བ་ལས།། ཡུལ་གཉིས་འདུམ་འགྲིག་གནང་མཁན་ཨི་གདའ་ལྟོས།།

དམར་པོའི་གཞུང་གིས་ཏོག་ནད་གཙང་སེལ་ཞེས།། རིམས་ནད་འགོག་སྲུང་ཁ་བཏཌ་ལས་འགུལ་སྤེལ།།
མི་དམངས་ཉམ་ཆུང་འཚོ་བའི་སྡུག་ལ་སྦྱར།། མི་རྣམས་མ་བཟོད་གྱེན་ལངས་མེ་ལྕེ་འབར།།

བོད་ལ་ཏོག་ནད་ཁ་གཡར་མི་དམངས་རྣམས།། འགྲོ་འདུག་རང་དབང་མེད་པར་བཙན་གྱིས་འཕྲོག།
སྙིང་སྟོབས་ཅན་གྱི་མི་བུ་འགའ་ཤས་ཀྱིས།། བསམ་ཚུལ་བརྗོད་པ་ཙམ་གྱིས་བཙོན་དུ་བཅུག།

རྒྱ་ནག་དམར་པོའི་སྲིད་གཞུང་བྱེད་སྟངས་ལ།། ཟུར་གནས་མི་རྣམས་ཞེན་པ་གཏིང་ནས་ལོག།
ག་ཚོད་དམར་གཞུང་གདུག་རྩུབ་བྱས་ན་ཡང་།། དེ་སྲིད་མི་རྣམས་སྙིང་སྟོབས་ཞུམ་མི་སྲིད།།

ཞེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་སེམས་ནང་དུ་ཚོར་སྣང་སྣ་ཚོགས་དང་སྦྲགས་ཏེ་ཕྱི་ལོ་ ༢༠༢༣/༤/༤ མཇུག་རྫོགས་པ་བྱས་པའོ།

སྙན་ངག

Post navigation

Previous Post: ༄༅ ། །མཁའ་ཁྱབ་འགྲོ་བ་ཡོངས་ལ་མཛད་པའི་ལམ་སྟོན་ཆེན་པོ་བཞི་དང་། ཁྱད་པར་ཐ་མའི་སྐོར་ལ་རགས་ཙམ་དཔྱད་པ་གཡུ་སྦྲང་གཞོན་ནུ་དགྱེས་པའི་བཅུད་བཟང་གུར་ཀུམ་ཆུན་པོ།
Next Post: སྐད་ཡིག་ནི་སྤྱི་པའི་རྒྱུ་ནོར་རེད། 

Comment (1) on “སེམས་ངོགས་སུ་དྲན་ཐོ་སྣ་ཚོགས།”

  1. གཞུང་པ་ཚེ་དབང་བསོད་བསོད་ནམས་། says:
    2023-04-06 at 8:28 am

    སྙན་ངག་རང་རེད་། གོ་ཐུབ་མཁན་ཡོད་ན་གོ་རྒྱུ་འདུག་། ཉན་ཤེས་མཁན་ཡོད་ན་ཉན་རྒྱུ་འདུག་། བསམ་ཤེས་མཁན་ཡོད་ན་བསམ་རྒྱུ་འདུག་། ཀློག་ཤེས་མཁན་ཡོད་ན་ཀློག་རྒྱུ་འདུག་། བྲི་ཤེས་མཁན་ཡོད་ན་བྲི་རྒྱུ་འདུག་། གོ་ཉན་བསམ་ཀློག་བྲི་ཆ་ཚང་འཛོམས་འདུག་། རྗེས་སུ་ཡིད་རངས་ཞུ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme