Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་སྐད་ཀྱི་དུས་མཐའི་སྒོ་སྲུང་བ།

Posted on 2023-03-07 By ཁ་བརྡ No Comments on རང་སྐད་ཀྱི་དུས་མཐའི་སྒོ་སྲུང་བ།

ཏཱ་ནི་ལྷ་རྒོད།

བོད་ཀྱི་མིང་དུ་གྲགས་པའི་རྩོམ་སྒྲིག་པ་དང་ངེས་དོན་གྱི་ལོ་ཙཱ་པ་ཆེན་མོ་སངས་རྒྱས་ལགས་རྗེས་སུ་དྲན་པའི་འབོལ་རྩོམ།

ཨ་ཁུ་སངས་རྒྱས་དང་འབྲེལ་བའི་གླེང་སློང་། དབུས་ལྷ་ལྡན་ཞིང་ན་སེམས་ལྷོད་ལྷོད་ངང་དཔེ་ཀློག་རེ་བྱེད་བཞིན་ཡོད་པའི་ཞོགས་པ་ཞིག་ལ་ཁོ་བོའི་སྐད་འཕྲིན་དུ་འགར་རྩེ་སྨན་རྒན་བསྟན་འཛིན་རྒྱ་མཚོ་ལགས་ནས་ཨ་ཁུ་སངས་རྒྱས་མཆོག་གི་སྐུ་པར་སྐྱ་མདོག་ཅན་ཞིག་བསྐུར་ནས་ཐོན་བྱུང་། སྐབས་དེར་ངས་ད་དུང་འགར་རྩེ་སྨན་རྒན་ལགས་དང་ངེད་གཉིས་ནས་ནམ་རྒྱུན་ཕ་ཡུལ་རེབ་གོང་གི་མི་སྣ་བྱས་པ་ཅན་དང་་སྒོས་སུ་ད་ལྟ་ཞལ་དངོས་སུ་བཞུགས་པ་དག་གི་སྐོར་ལ་ཁ་བརྡ་བྱེད་རྒྱུར་དགའ་བའི་གོམས་གཤིས་ཤིག་ཡོད་པ་དེ་ཡིན་ཚོད་བྱས་ནས་ཁོང་གིས་པར་དེ་བསྐུར་བར་སྐད་ལན་ཡང་ཅུང་ཙམ་ལ་མ་བྱིན་པར་མ་ཟད། ཨ་ཁུ་སངས་རྒྱས་མཆོག་གི་སྐུ་པར་དེ་སྐྱ་མདོག་གི་རྣམ་པས་བསྐུར་བ་ལའང་དོ་སྣང་དམིགས་བསལ་བྱེད་མ་ཐུབ། དེའི་རྒྱུ་མཚན་ངའི་སེམས་སུ་ཨ་ཁུ་སངས་རྒྱས་ནི་དགུང་ལོ་གཞོན་ཤ་ལྡན་པའི་མཁས་དབང་སྐུ་ཁམས་བདེ་ཐང་ཐང་ཅན་ཞིག་ཡིན་བསམས་ནས་ཡོད་པས་ཡིན། དེ་ནས་དཔེ་ཆ་ལྟ་མཚམས་བཞག་སྟེ་ནངས་ཇ་འཐུང་ཞོར་དུ་སྐད་འཕྲིན་གྱི་གྲོགས་ཚོམས་སུ་ལྟ་དུས་མིག་ལམ་དུ་ཐོག་མར་ལྡང་ཡོང་བ་ནི་ཨ་ཁུ་སངས་རྒྱས་མཆོག་སྐུ་གཤེགས་པའི་སྐོར་གྱི་གནས་ཚུལ་རྒྱས་པ་ཞིག་དྲ་གྲོགས་ཤེས་ཡོན་པ་གང་མང་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་བསྐུར་དང་སྐུར་གྱིན་པ་དེ་

རེད། ཡུད་ཙམ་ཞིག་ལ་གནམ་རྒན་མ་འདི་ཨེ་བདེན་ནམ་བསམ་པའི་ཐོལ་བྱུང་གི་ཡིད་གདུང་དྲག་པོ་ཞིག་གིས་ངའི་སེམས་ལ་ཅི་ཡང་འཆར་རྒྱུ་མེད་པར་མིག་མཐའ་མཆི་མ་འཁྱིལ་ལེར་ཧད་ནས་འདུག་དགོས་པའི་གནས་སུ་གྱུར། ང་རང་ཡིན་ན་སློབ་ཆེན་དུ་སོང་མ་ཐག་པའི་ལོ་དེ་ནས་བཟུང་ཨ་ཁུ་སངས་རྒྱས་ཚང་ལ་རྒྱུས་མངའ་ཡོད་མགོ་བརྩམས་ཤིང་སླད་མར་ཁོང་དང་འབྲེལ་བའི་གཏམ་རྒྱུད་རིན་ཐང་ཅན་ཡང་མང་དུ་ཐོས་ཤིང་། སློབ་མཐར་ཕྱིན་ལ་ཉེ་བའི་སློབ་སྐབས་ཤིག་ལ་ཨ་ཁུ་སངས་རྒྱས་མཆོག་གི་ལོ་ཙཱའི་སྐོར་གྱི་འཆད་ཁྲིད་ཀུན་དང་མི་མཚུངས་པ་ཞིག་ལའང་ཉན་པའི་བསྐལ་བཟང་ཐོབ་མྱོང་། ད་དུང་ཁོང་གི་སྲས་མོ་དགེ་རྒན་ཏིང་འཛིན་ལགས་བརྒྱུད་ནས་མཁས་དབང་ཁོང་གི་ཚབ་མཚོན་བརྩམས་ཆོས་དཔེ་དཀོན་དུ་གྱུར་པ་རེ་གཉིས་ཀྱང་ལག་སོན་བྱུང་ཡོད། ཨ་ཁུ་སངས་རྒྱས་ཚང་གི་ལོ་ཙཱའི་འཆད་ཁྲིད་དེ་ལ་ཉན་པ་ནས་བཟུང་གཅིག་ཏུ་རང་རེའི་ལོ་ཙཱའི་རིག་གནས་འདི་ལ་སྔར་མེད་ཀྱི་ངེས་ཤེས་ཟབ་མོ་འདྲོངས་པ་དང་གཉིས་སུ་ན་མཁས་དབང་ཁོང་ཉིད་རྒྱ་བོད་ཟུང་གི་རིག་གནས་ལ་མཁྱེན་རྒྱ་ཡངས་ཤིང་སྒོས་སུ་ཞི་འཇམ་བབ་ཆགས་ཀྱི་ཐུགས་གཤིས་ལ་བཅོས་མིན་གྱི་དང་བའི་དད་པ་དབང་མེད་ཤོར་སོང་། དེ་བས་སྐབས་དེ་ཤེད་ཅིག་ནས་བཟུང་ཨ་ཁུ་སངས་རྒྱས་ཚང་གི་གསུང་བཤད་དུམ་བུ་རེ་ལག་ཏུ་ཆུད་ནའང་སྐོམ་པ་ཆུ་འདོད་ཀྱི་ངང་ནས་ཡང་ཡང་ཉན་ཞིང་ནན་གྱིས་བསླབས། ཨ་ཁུ་སངས་རྒྱས་དང་ཁོང་གི་རྩོམ་རིག་ལྟ་བ། དེ་ཡང་ཁོང་གི་མཚམས་སྦྱོར་མདོར་བསྡུས་སོགས་སུ་གསལ་བ་ལྟར་ཨ་ཁུ་སངས་རྒྱས་ནི་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་དང་རྡོ་རྒྱལ་སྐུ་ལོ་སོགས་ཀྱི་མདུན་ནས་བོད་ཀྱི་གནའ་རབས་རྩོམ་རིག་གི་རབ་འབྱམས་ཞིབ་འཇུག་སློབ་མ་བཏོན་པའི་རབས་དང་པོའི་ཞིབ་འཇུག་སློབ་མ་ཡིན་པར་མ་ཟད། ཁོང་གིས་བོད་ཀྱི་གནའ་རབས་རྩོམ་རིག་ལ་གཞན་དྲིང་མི་འཇོག་པའི་ཐོས་བསམ་གནད་དུ་ཐིངས་པ་མཛད་ཡོད་པའི་མཁྱེན་ཡོན་ནི་ཁོང་གི་རབ་འབྱམས་མཐར་ཕྱིན་དཔྱད་རྩོམ་དང་འགྱུར་རྩོམ་དབྱངས་ཅན་དགྱེས་པའི་གླུ་དབྱངས་སུ་རྒྱའི་སྐད་དུ་ཡོད་པའི་སྙན་ངག་མང་བོ་ཚེག་བར་སྣ་ཚོགས་ཀྱི་སྒོ་ནས་བོད་སྐད་ལ་ཚིགས་བཅད་ཀྱི་རྣམ་པས་བསྒྱུར་བ་སོགས་ལ་ལྟོས་དང་ཚིག་དང་ཡིག་འབྲུ་རེ་རེའི་ཀློང་ན་གཞན་དང་མི་མཚུངས་པའི་རང་སྐད་ཀྱི་རྩོམ་ཉམས་ཁྱད་དུ་འཕགས་པ་ཞིག་མངོན་ཡོད། ཨ་ཁུ་སངས་རྒྱས་ཚང་གི་རྩོམ་རིག་གི་ལྟ་བ་ནི་ཆེད་དུ་བྲིས་པའི་རིག་གཞུང་དཔྱད་རྩོམ་ལྟ་བུ་རུ་མངོན་པ་མིན་པར། མཁས་དབང་དགེ་འདུན་ཆོས་འཕེལ་ནང་བཞིན་རྒྱ་གར་དང་བོད་ཀྱི་རྩོམ་རིག་གཉིས་གཤིབ་བསྡུར་བྱེད་པའི་ཞོར་འཕྲོས་ཀྱི་གསུང་དང་སྙན་ངག་ལྟ་བུའི་རྩོམ་རིག་བརྩམས་ཆོས་རྨད་དུ་བྱུང་བ་དག་བསྒྱུར་བའི་སྐབས་སུ་ཁོང་གི་ཐུན་མིན་གྱི་དགོངས་པ་གང་ཉིད་ལག་ལེན་དུ་བཏབ་ནས་ཀུན་གྱི་སྤྱན་སྔར་བསྟར་ཡོད། དཔལ་དོན་གྲུབ་རྒྱལ་ཁོ་ནས་ད་གཟོད་ཨ་ཁུ་སངས་རྒྱས་ཀྱིས་བརྩམས་པའི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་ཅེས་པའི་སྙན་གཞུང་མེ་ལོང་མའི་ཕྱོགས་ཀྱི་ཉམས་ཞིབ་དེ་ནི་སྔ་མའི་སྙན་འགྲེལ་དང་སྙན་གཞུང་ཞིབ་འཇུག་ཀུན་ལས་ཐོལ་བརྒལ་དང་། དམིགས་བསལ་དུ་ཆགས་ནས་ཚད་མཐོ་བའི་རིག་གཞུང་གི་ལྟ་གྲུབ་ཅིག་གི་ངོས་ནས་བོད་རང་གི་འོ་དྲི་དང་རྩམ་དྲི་བྲོ་བའི་སྙན་ངག་གི་རྩོམ་སྲོལ་མང་བོ་ནི་སློབ་དཔོན་དབྱུག་པ་ཅན་གྱི་ཐུགས་སུ་མ་ཤར་ཞིང་། ཁ་བ་ཅན་པའི་ངག་རིག་གི་ཐུན་མིན་ཁྱད་ཆོས་སུ་གྲུབ་པ་ཁས་ལེན་དང་གདེང་འཇོག་གང་ལེགས་མཛད་པ་ནི་དམ་པ་ཁོང་གིས་བོད་ཀྱི་གནའ་རྩོམ་ལ་ཞིབ་འཇུག་གཏིང་ཟབ་བྱས་པའི་ཕུལ་བྱུང་གཡུར་ཟའི་འབྲས་བཟང་ཞིག་ཡིན་པ་མཁྱེན་མོད། སྐབས་དེའི་བོད་ཀྱི་ཤེས་ཡོན་པའི་དཔུང་སྡེ་གསར་བ་མང་ཆེ་བ་ནི་གཅིག་ནས་རིག་གནས་གསར་རྙིང་གཉིས་ལ་མཐོང་རྒྱ་ཡངས་པའི་རྣམ་དཔྱོད་གཉོམ་པ་དང་། གཉིས་སུ་ཨ་ཁུ་སངས་རྒྱས་ཁོང་གི་འཕྲིན་ལས་ཀྱི་གནད་གཙོ་བོ་ནི་རྒྱ་བོད་ལོ་ཙཱའི་ཐད་དུ་བབས་པས་སྙན་གཞུང་མེ་ལོང་མར་བསྐྱར་ཞིབ་བྱས་པའི་ལྟ་བ་རྣོ་ངར་ཅན་དེའི་རླབས་རྒྱུན་རིམ་བཞིན་འཇགས་པར་གྱུར་པ་ནི་རྩོམ་རིག་ཞིབ་འཇུག་ལ་མཁྱེན་དཔྱོད་ཤིན་ཏུ་རྒྱས་པའི་ཨ་ཁུ་སངས་རྒྱས་མཆོག་གིས་སྐད་དང་རིག་གནས་ལ་སྔར་མེད་ཀྱི་མདུན་ལྗོངས་བསྐྲུན་ཆེད་སྒྲ་བསྒྱུར་ལོ་ཙཱ་དང་རིག་གནས་གསར་བ་ནང་འདྲེན་གྱི་ལས་དོན་འགངས་ཆེན་ཕྲག་ཏུ་ལེན་ཕྱིར་གདམ་ཀ་གསར་བར་ཞུགས་པའི་དཀྱོགས་མཚམས་ཁྱད་པར་བ་ཞིག་ཡིན། ཨ་ཁུ་སངས་རྒྱས་དང་ལོ་ཙཱ། ད་དུང་ཁོང་གི་ཐུན་མིན་ལོ་ཙཱའི་དགོངས་བཞེད། གོང་དུ་ཞུས་པ་བཞིན་ཨ་ཁུ་སངས་རྒྱས་ནི་བོད་ཀྱི་གནའ་རབས་རྩོམ་རིག་གནད་དུ་བཟུང་ནས་རང་རེའི་རིག་གནས་རྣམས་ལ་ཐོས་བསམ་གནང་མཁན་གྱི་དུས་རབས་གསར་བའི་ཤེས་ཡོན་པ་རབས་དང་པོའི་གྲས་ཡིན། ཡིན་ཡང་། ཁོང་ཉིད་ནི་ཁྱིམ་རྒྱུད་ཆེན་པོའི་རིགས་རྒྱུད་བཙན་པོ་རུ་འཁྲུངས་གཤིས། ཆུང་དུས་ནས་ཕུགས་བསམ་རླབས་ཆེན་ཞིག་ཐོད་ལ་བཟུང་ནས་བོད་ཡིག་ཡག་པོ་ཞིག་སྦྱངས་པའི་ཞོར་ལ་རྒྱའི་སྐད་ཡིག་ལའང་སློབ་གཉེར་གཞན་དང་མི་མཚུངས་པ་རེ་བྱས་པས་ཁོང་ནི་བོད་ཀྱི་མཁས་པའི་ཁྲོད་རྒྱའི་རིག་གནས་ལའང་རྒྱའི་མཁས་པ་བཞིན་ནང་བྱན་ཆུད་པའི་མཁས་པ་ཆེན་པོ་ཞིག་རེད། ད་ལྟའི་ཆར་ཕར་བལྟས་ཚོད་ཀྱིས་དགེ་རྒན་ཆེན་མོ་དང་སྐད་གཉིས་རྩོམ་པ་པོ་བཅས་ཤེས་ཡོན་པ་མང་དག་ཅིག་རྒྱ་བོད་གཉིས་ཀའི་རིག་གནས་ལ་བྱང་ཆ་ཡོད་པའི་ཚུལ་མངོན་ཡང་། བོད་རྒྱ་རིག་གནས་ཟུང་གི་འདྲ་སའི་འདྲ་ས་བསྡུར་ཞིང་མི་འདྲ་སའི་ཁྱད་པར་གཤིབ་སའི་སྒྲ་བསྒྱུར་ལོ་ཙཱའི་གར་སྟེགས་ཆེ་སར་ཐོན་དུས་ད་གཟོད་ཨ་ཁུ་སངས་རྒྱས་མཆོག་ནི་རྒྱུ་སྐར་་ཁྲོད་ཀྱི་ཟླ་བ་དང་ནགས་རྒྱ་རྫོང་དཀྱིལ་གྱི་འཛུམ་དྲུག་བཞིན་ཀུན་གྱི་ནང་ན་ལྷང་སེ་འགྱིང་ཡོད། དེ་ལྟར་བཤད་པའི་རྒྱུ་མཚན་ནི་དུས་རབས་སྔ་མའི་ལོ་རབས་ལྔ་བཅུ་ཚུན་ཆད་དུ་བོད་རྒྱ་ཚིག་མཛོད་ཆེན་མོ་དང་དགེ་བཤེས་ཆོས་གྲགས་ཚིག་མཛོད། དག་ཡིག་ཐོན་མིའི་དགོངས་རྒྱན་སོགས་བོད་རྒྱའི་རིག་གནས་ཀྱི་མིང་བརྡ་མང་བོ་ཕན་ཚུན་ཡིག་བསྒྱུར་བྱས་པའི་མིང་མཛོད་དམ་ཚིག་མཛོད་མང་དུ་བཞུགས་ཀྱང་། རྒན་ཁོང་གིས་བགྲང་བྱ་དགུའི་རིང་ནམ་ལངས་རི་དང་སྨིན་དྲུག་ཡུལ་བྱས་ནས་མིང་བརྡ་རེ་རེ་བཞིན་བོད་ཀྱི་བསྟན་བཅོས་ཆེན་པོ་དག་གི་ཉིན་སྲིབ་ཏུ་ལེགས་པར་བཙལ་ཞིང་ཞིབ་ཏུ་དཔྱད་པའི་ཚུལ་འདི་ནི་སྔོན་གྱི་འཇིག་རྟེན་མིག་གཅིག་སྐ་ཅོག་ཞང་གསུམ་དང་རིན་ཆེན་བཟང་བོ་ལྟ་བུ་ཁོ་ནའི་སྤུན་དུ་འགྱུར། ཁོང་གིས་དེང་རབས་རྒྱ་ཡིག་ཚིག་མཛོད་རང་སྐད་དུ་བསྒྱུར་དུས་རྒྱ་ཡིག་ནང་ནང་དོན་ག་ཚོད་ཡོད་ན་བོད་ཡིག་ནང་ཡང་ངེས་པར་དེ་ལྟར་བསྒྱུར་ཐུབ་དགོས་པར་མ་ཟད། རྒྱ་ཡིག་གི་མིང་སྣའི་་རིང་ཐུང་ཇི་འདྲ་ཡིན་ན་བོད་ཡིག་ནང་ཡང་དེ་ལྟར་ཡོང་ཐུབ་དགོས་ཞེས་པའི་སྤོབས་པ་འདི་དང་དཔའ་གདེང་འདི་མཐོང་ན། ཐུ་བྷོད་བཙན་རྒྱལ་སྐབས་ཀྱི་ལོ་ཆེན་ཉི་ཟླ་ལྟ་བུ་དག་གིས་རྒྱ་གཞུང་མར་ཁུ་འདྲ་བ་དེ་དག་རང་སྐད་དུ་བསྒྱུར་པའི་མཛད་པ་དེའང་སླར་ཡང་དྲན་ཞིང་མཐོང་ཡོང་། བགྲང་བྱ་ལྔ་སྟོང་ལྷག་གི་ཤེས་རིག་ལོ་རྒྱུས་ཡོད་ཅིང་། མི་གྲངས་དུང་ཕྱུར་བཅུ་ཡས་མས་ཀྱི་སྟོབས་དང་མངའ་ཐང་དར་བའི་རྒྱ་ཙི་ན་ཚང་གི་ཆེས་དབང་གྲགས་ལྡན་པའི་དེང་རབས་ཚིག་མཛོད་ཆེན་མོ་ཞུ་དག་ཐེངས་བདུན་མ་འདི་ཉིད་ལས་མིང་དང་ཐ་སྙད་གཅིག་ཀྱང་མ་ལུས་པར་གདེང་དང་སྤུས་གཙང་བའི་སྒོ་ནས་རང་རེའི་སྐད་དུ་བསྒྱུར་བ་ནི་ཇི་འདྲའི་གཟི་བརྗིད་ལྡན་པའི་བྱ་བཞག་ཅིག་རེད་ཨང་། དཔལ་སྐྱིད་རྒྱལ་ཁབ་ཆེན་པོ་འདིའི་རྒྱན་དང་ཚེ་ནོམ་དུ་རློམ་པའི་ཚིག་མཛོད་ཆེན་མོ་འདི་ལས་ཐ་སྙད་གཅིག་ཀྱང་མ་ལུས་པར་རང་སྐད་ཀྱིས་བརྗོད་ཐུབ་སྙམ་པའི་ལོ་ཙཱའི་སྙིང་སྟོབས་དང་། ལྷག་པར་ཚིག་སྣའི་རིང་ཐུང་དང་སྐད་ཆའི་གཤིས་ཉམས། མཚོན་སྟོབས་ཀྱི་ཆེ་ཆུང་བཅས་གང་ཐད་ནས་མ་ཡིག་གི་ཡན་ཞིག་མིན་ཡང་མན་དུ་མི་ལྷུང་བའི་འགྱུར་མེད་དམ་བཅའ་ལྡན་པ་འདི་ནི་ཨ་ཁུ་སངས་རྒྱས་མཆོག་གི་ཐུན་མིན་ལོ་ཙཱའི་དགོངས་པ་ཡིན།

དྲན་ཐོ།

Post navigation

Previous Post: ཚང་ལ་ཉལ་བའི་གཡུ་འབྲུག་ཅིག་འཕུར་རྗེས།‍
Next Post: གཏེར་གྱི་རྣམ་བཤད་ཆེན་མོ་ལག་ཏུ་འབྱོར་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme