Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚེ་རིང་གཡང་འཛོམས་དང་རྟོག་སྒྲུང་།

Posted on 2023-01-30 By ཁ་བརྡ 1 Comment on ཚེ་རིང་གཡང་འཛོམས་དང་རྟོག་སྒྲུང་།

རྔ་བ་ཀུན་བཟང་།

ཀློག་པ་པོས་ཁྱེད་ཀྱི་བརྩམས་ཆོས་ལ་འདི་ལྟར་གདེང་འཇོག་བྱས་པ་ནི་ཁུངས་མེད་འུར་གཏམ་ཞིག་གཏན་ནས་མིན། གང་ལགས་ཤེ་ན། ཁྱེད་ཀྱིས་ཕྱི་ལོ་༢༠༢༢ལོར་དཔར་དུ་བསྐྲུན་པའི་བརྩམས་ཆོས་གསར་བ“ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ”(We Measure the earth with our Bodies) ཞེས་པའི་རྟོག་སྒྲུང་འདི་ལུང་པ་མེད་པའི་མི་རིགས་སྣ་ཚོགས་པའི་སྤྱི་ཚོགས་འཕེལ་རིམ་དང་། འཚོ་བའི་འགྱུར་ལྡོག  དམངས་ཀྱི་བདེ་སྡུག་སོགས་ལ་བསམ་གཞིག་ལེགས་པར་བྱས་པས། ཀློག་པ་པོ་མང་པོས་དགའ་མོས་བྱེད་པ་ནི་དོན་ལ་གནས་པའི་དྲང་གཏམ་ཞིག་རེད།

ང་རང་ཡང་བརྩམས་ཆོས་ལ་དགའ་བའི་བུ་མོ་ཞིག་ཡིན་ལ། ཁྱེད་ཀྱི་ལྷན་སྐྱེས་ཀྱི་ངོས་ཐད་ནས་འཆར་ཡིད་ཀྱི་བསམ་བློ་དེས་ལོ་རྒྱུས་ཐོག་ལ་རླབས་ཆེ་བའི་བསམ་གཞིག་གི་རི་མོ་ཞིག་བཀོད་ཐུབ་པ་བྱུང་འདུག ད་དུང་ཚད་ངེས་ཅན་ཞིག་ནས་སའི་གོ་ལའི་མི་རིགས་མང་པོ་ཞིག་ལ་ “སྒྲོལ་མ” དང་ “བཀྲ་ཤིས” ་ཟེར་བའི་ཐ་སྙད་ཙམ་ཞིག་ངོ་སྤྲོད་ཐུབ་པ་བཟང་ཐལ།

ཁྱེད་ཀྱིས་གསར་རྩོམ་“ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ”(We Measure the Earth with Our Bodies)ཞེས་པ་དེ་ཕྱོགས་གཅིག་རྐྱང་ནས་བལྟས་ན་རྟོག་སྒྲུང་ཙམ་རེད། འོན་ཀྱང་། ཀློག་པ་པོ་ཞིག་གི་ངོས་ཐད་ནས་བཤད་ན། རྟོག་པའི་འཆར་སྣང་ཙམ་ཞིག་ཡིན་ས་མི་འགྲོ་བའི་དོན་ཞིག་ཡོད་ངེས་སྙམ་པ་འདུག དེའི་ཕྱིར། ང་རང་གིས་འདི་ལ་<<དངོས་བྱུང་དང་འབྲེལ་བའི་རྟོག་སྒྲུང་>> གི་ཆ་ཡང་མཐོང་སོང་། རྒྱུ་མཚན། ཁྱེད་ཀྱིས་བྱིས་དུས་སུ་བལ་ཡུལ་གྱི་ཁྱིམ་ཚང་དང་། ན་ཚོད་གཞོན་པའི་ཕྱི་རྒྱལ་གྱི་ཁྱིམ་ཚང་། ལོ་ན་མཐོ་བའི་སྤྱི་ཚོགས་ཀྱི་ཁྱིམ་ཚང་གསུམ་གྱི་འཚོ་བའི་ཉམས་མྱོང་ལྡན་ལ། འཆར་ཡིད་ཀྱི་ཆུ་ཚད་མཐོ་བས་རང་སེམས་ཀྱི་གནད་དོན་རྣམས་ཡིག་ངོར་ཕབས་ཐུབ་པ་གཅིག་པོའི་ཁྲོད་ནས། ཁྱེད་ཀྱི་བསམ་བློའི་ཤེས་ཚད་དུས་སྐབས་དང་དོ་མཉམ་པས་གསར་རྩོམ་གྱི་ལས་ཀར་འབྲས་བུ་སྨིན་པ་རེད་འདོད།

ངས་”ལེ་སྀང་(Doris Lessing (1919-2013) ,ལགས་དང་།  “ཁར་ཐེར་(Angela Carter), “ཝེལ་ཧྥྀ་(Virginia Woolf (1882-1941) སོགས་སྐད་གྲགས་ཆེ་བའི་སྐྱེས་མ་རྣམས་ཀྱི་མི་ཚེའི་ལོ་རྒྱུས་དང་། བརྩམས་ཆོས་སྐོར་ཞིག་ལ་ལྟ་མྱོང་།འོན་ཀྱང་། མི་རིགས་གཅིག་པའི་སྐྱེས་མ་ཞིག་གི་བརྩམས་ཆོས་ཀློག་དུས་ཐ་ན་མི་མཐོང་མྱོང་མེད་ཀྱང་། རང་ཉིད་ཀྱི་སྤུན་མཆེད་ཅིག་དང་ཕན་ཚུན་སྐད་ཆ་བཤད་པ་ལྟར་ཚིག་དོན་རེ་རེ་ལ་ཚོར་སྣང་མི་འདྲ་བ་འདུག ངའི་བསམ་པར། འདི་ནི་ཁྱེད་རང་གི་གསར་རྩོམ་གྱི་ནུས་པ་དང་དཔེ་ཀློག་མང་བས་ཡིན་ནམ་སྙམ།

མི་ལོ་“བཅུ”་ཙམ་གྱི་རིང་ལ་དགའ་སྡུག་གི་མིག་ཆུ་རེ་རེ་བཞུར་ཞོར། དེ་རིང་རང་ཉིད་ཀྱི་གསར་རྩོམ་གྱི་དེབ་དེ་ཀུན་གྱི་མིག་མདུན་ལ་དངོས་སུ་བཞག་ནས། ཀློག་པ་པོས་རྗེས་སུ་ཡི་རངས་ཞུ་དུས། ཁྱེད་ལའང་བརྗོད་དཀའ་བའི་དྲན་གསོ་དང་བསུ་དཀའ་བའི་དགའ་སྣང་མང་། གང་ལགས་ཤེ་ན། ང་རང་ཡང་དེབ་ཅིག་ལ་མགོ་འཁོར་ནས་མི་ལོ་བཅུ་གཅིག་སོང་བས་དེབ་ཅིག་བྲིས་ནས་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་བའི་བརྒྱུད་རིམ་གྱི་དགའ་སྡུག་གསལ་བོར་ཤེས་ཡོད། 

ལྷག་པར་ཏུ་སྐྱེས་མའི་ཁྲོད་ནས་ཉམས་ཞིབ་མ་དང་། སྙན་ངག་མ། རྩོམ་པ་མོ། གླུ་མ། རི་མོ་མཁན། རོལ་མོ་མཁན་སོགས་གཅིག་རེ་བྱུང་ན། སྔར་ཡོད་ཀྱི་<<བོད་ཀྱི་སྐྱེས་མའི་དཔྱད་རྩོམ་ཕྱོགས་བསྒྲིགས། >> དང་། << དེང་རབས་བོད་ཀྱི་སྐྱེས་མ་རྩོམ་པ་པོའི་དཔེ་ཚོགས། >>  <<གངས་ཅན་སྐྱེས་མའི་ཚགས་པར།  >> སོགས་དུས་དེབ་དང་།བརྩམས་ཆོས་སྐོར་ཞིག་གི་སྟེང་ལ་བུད་མེད་ཅིག་གསར་དུ་སླེབས་པ་རེད་ལ། ཁྱོད་ཀྱི་གསར་རྩོམ་ཁྲོད་ཀྱི་སྒྱུ་རྩལ་མཚོན་ཐབས་དང་། རྟོགས་འཚར་སྐྱེས་ཚུལ།  སྒྲ་དོན་བསྒྲིགས་ཚུལ། མངོན་བརྗོད་མང་ཉུང་། བརྗོད་བྱའི་སྙིང་དོན་སོགས་ཀྱི་སྐོར་ནས་གསར་རྩོམ་གྱི་རྣམ་པ་མང་པོ་མཐོང་ལ། ལོ་རབས་བརྒྱད་ཅུའི་དུས་འགོ་ནས་བོད་དུ་སྒྱུ་རྩལ་རིག་གནས་ཆེས་ཆེར་དར་འགོ་ཚུགས་པ་མ་ཟད། བརྗོད་དོན་སྣ་ཚོགས་པའི་བརྩམས་ཆོས་འབོར་ཆེན་བྲིས་གནང་འདུག

 རེད་དེ། བོད་པ་བཙན་བྱོལ་ལ་ཕེབས་ནས་བཟུང་མི་རབས་གཞོན་པ་གཙོ་བྱས་པའི་བུད་མེད་མང་པོ་ཞིག་གིས་སྒྱུ་རྩལ་བརྩམས་ཆོས་ལ་མོས་པ་ཆེན་པོ་གནང་མེད་པས།“ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ”(We Measure the Earth with Our Bodies)ཞེས་པའི་རྟོགས་སྒྲུང་འདི་དེང་རབས་བོད་ཀྱི་སྐྱེས་མའི་ཁྲོད་ནས་བརྩམས་ཆོས་ལེགས་ཤོས་ཀྱི་གྲངས་ཐོའི་ནང་བཀོད་ཆོག་ལ། བོད་ཀྱི་བུད་མེད་ཅིག་གིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དབྱིན་ཇིའི་ཐོག་ལ། མི་རིགས་ཀྱི་འཚོ་བ་མཚོན་པའི་རྟོག་སྒྲུང་བྲིས་པ་ཧ་ལམ་ཆེས་ཐོག་མ་དེ་ཆགས་ཡོད་པས། བོད་ཀྱི་སྐྱེས་མ་རྩོམ་པ་མོ་བདེ་སྐྱིད་སྒྲོལ་མ་དང་། ཚེ་རིང་འོད་ཟེར། འཆི་མེད། བདེ་ཆེན་དབང་མོ། བྱང་མོ་མཚོ། ཚེ་རིང་དབྱངས་སྐྱིད། དཔལ་ལྷ། ལུ་གུ་སྐྱིད་བཅས་ཀྱི་སྐུ་ཚབ་བྱས་ནས་ངས་ཁྱོད་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་།འཇམ་མགོན་ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་གྱིས་“མཁས་པ་རང་གི་ཡུལ་བས་ཀྱང༌། །ཡུལ་ཁམས་གཞན་ན་མཆོད་པ་ཐོབ། །ནོར་བྱ་གཞན་དུ་བྲིན་པ་ཙམ། །རྒྱ་མཚོའི་གླིང་དུ་ག་ལ་བྲིན། ཞེས་པའི་ཚིགས་བཅད་ཀྱིས་མཇུག་བསྡུས་པ་ཡིན། བཀའ་དྲིན་ཆེ། 

རྔ་བ་ཀུན་བཟང་གིས་བཀླགས་བྱང་ཙམ་དུ། 

ཕྱི་ལོ་༢༠༢༣། ༠༡།༣༡་ཉིན་གུས་པས་ཕུལ།

བསམ་ཚུལ།

Post navigation

Previous Post: གནའ་བོའི་བོད་ཡིག་བཙལ་བ།
Next Post: ཨ་བོད་རྒྱ་གསུམ་གྱི་ཆབ་སྲིད་དང་གནས་བབ་ལས་འཕྲོས་པའི་བསམ་ཚུལ།

Comment (1) on “ཚེ་རིང་གཡང་འཛོམས་དང་རྟོག་སྒྲུང་།”

  1. Sonam says:
    2023-01-31 at 12:16 pm

    ཡག་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme