Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་རམ་ས་ལ།

Posted on 2023-01-132023-01-13 By ཁ་བརྡ 15 Comments on རྡ་རམ་ས་ལ།

ཐེ་བོ་སངས་རྒྱས།


༡ འཛམ་གླིང་ཞི་བདེའི་དེད་དཔོན་གཟིམ་ཆུང་ཡོད།།
མིག་ནས་མཆི་མ་མི་འཁྲིགས་མཇལ་བ་མེད།།
ཆོས་ཀྱི་སྒྲ་དབྱངས་རྟག་པར་ཐོས་རྒྱུ་ཡོད།།
གྲུ་འཛིན་གཉིས་པ་མ་རེད་ཟེར་མཁན་མེད།།
༢ ལེགས་པའི་ཕྱོགས་རྣམས་མི་གླེང་བཞག་འདོད་ཡོད།།
ཆེད་དུ་སུ་ལ་དམིགས་ནས་འབྲི་འདོད་མེད།།
དེ་ཕྱིར་སུ་ལའང་མི་ཕོག་རེ་བ་ཡོད།།
རྟོག་བཏགས་ཁོ་ན་ཡིན་པའི་ངེས་པ་མེད།།


༣ ཆབ་སྲིད་ཚོགས་པའི་ལས་འགུལ་རྒྱུན་ཆད་མེད།།
རྒྱབ་བཤད་རྒྱག་སའི་ཇུས་གཏོགས་རྐུབ་བཀྱགས་ཡོད།།
གོས་ཐུང་བྷར་རྫར་ལྷིང་འཇགས་ཡིན་དུས་མེད།།
གླ་འཁོར་མ་ཧེ་འཚང་ཁ་བརྒྱབ་བརྒྱབ་ཡོད།།
༤ གོམ་གང་ས་ན་ཇ་ཁང་ཆང་ཁང་ཡོད།།
སྒོ་བྱང་ཡིག་ནོར་མེད་ས་ཧ་ལམ་མེད།།
ཟ་ལེ་རྒྱལ་ཚོས་སྒྲུང་གཏམ་བྲིས་ཤུལ་ཡོད།།
གསེར་སྲང་མ་སྤྲད་ཤ་མེད་ཐུག་པ་མེད།།
༥ སྲང་ལམ་རེ་ན་སློབ་ཟུར་ཉལ་མཁན་ཡོད།།
ཐ་མག་ནག་པོ་བཏུང་བར་ཐེ་ཚོམ་མེད།།
ཁོང་ཚོའི་རྒྱབ་ནས་སྦྱིན་བདག་འཚོལ་མཁན་ཡོད།།
རྩིས་ཁྲ་གཙང་མ་ཡོད་ས་ཕལ་ཆེར་མེད།།
༦ ཨ་མདོ་གྲོང་གསེབ་ཁང་པ་སྟོང་པ་མེད།།
བག་གསར་མང་པོས་ཝིས་ཟཱ་བསྒུགས་ནས་ཡོད།།
ཕི་གླིང་ཡུལ་གྱི་རྨི་ལམ་མེད་ས་མེད།།
རྒྱ་གར་ཁང་བདག་ལའང་ཁེ་བཟང་ཡོད།།
༧ ཆོས་གྲྭ་འགྲིམས་ནས་སུན་པའང་རེ་ཟུང་ཡོད།།
རང་ལ་བདེན་ཁ་མི་སྟེར་སུ་ཡང་མེད།།
གྲྭ་ཟུར་ཇོ་ཟུར་སྐྲ་ལོ་གསོག་བཞིན་ཡོད།།
ཀུན་ལ་གསང་བའི་རྣམ་ཐར་མེད་ས་མེད།།

སྙན་ངག

Post navigation

Previous Post: སྒྲོན་འོད།
Next Post: སེམས་ཀྱི་གསང་བའི་གཏམ་རྒྱུད།

Comments (15) on “རྡ་རམ་ས་ལ།”

  1. འབྲོང་བུ་སོག་ཚ། says:
    2023-01-14 at 1:01 am

    འཇོན་རྒྱུ་མེད་པའི་ཆབ་སྲིད་བཙོག་པ་ཡོད།
    དམིགས་ཡུལ་ཐུང་བས་རང་ཡུལ་བཙོང་མཁན་ཡོད།
    གོང་ས་ཆེན་པོ་ཁ་ལ་འཁྱེར་མཁན་ཡོད།
    ཞོར་ལ་རང་འདོད་ཏག་ཏག་སྒྲུབ་མཁན་ཡོད།

    དམིགས་ཡུལ་ཅན་ལ་མགོ་བརྡུང་སྤྲད་མཁན་ཡོད།
    དགའ་ལྡན་ཕོ་བྲང་གཉའ་ཤིང་སྤྲད་མཁན་ཡོད།
    སྤྱི་རྒྱུ་སྒེར་བདག་བཟོ་མཁན་མང་པོ་ཡོད།
    གུང་ཁྲན་ཏང་ལ་བློ་ཉེ་མང་པོ་ཡོད།

    བོད་པ་མཐོང་དུས་མི་དགའ་བལྟའ་མཁན་ཡོད།
    རྒྱ་མི་མཐོང་ན་མདུན་སོ་བསྟན་མཁན་ཡོད།
    བོད་པ་བཙོངས་ནས་ཟ་མཁན་མང་པོ་ཡོད།
    བོད་དོན་བཤད་དུས་ཉོབ་མཁན་མང་པོ་ཡོད།

  2. ཐེ་བོ་སངས་རྒྱས། says:
    2023-01-16 at 11:14 am

    ཆོལ་གསུམ་ཆིག་སྒྲིལ་ཡོང་བའི་རེ་བཞག་ཡོད།།
    ཁུངས་མེད་གཏམ་གྱིས་ནང་ཁུལ་དཀྲུག་རྒྱུ་མེད།།
    ཡུལ་ཁྲིམས་དང་ནི་རྒྱུ་འབྲས་འོག་ཏུ་ཡོད།།
    འདི་ལ་གནམ་གྱི་རྒྱལ་མོས་བཏང་ལེ་མེད།།

  3. འབྲོང་བུ་སོག་ཚ། says:
    2023-01-18 at 12:23 am

    ཆིག་སྒྲིལ་ཟེར་མཁན་ཁྱེད་རང་ཁོ་ན་རེད།
    སྒེར་འདོད་སྒྲུབ་མཁན་ལྷག་མ་ཐམས་ཅད་རེད།
    འོན་ཀྱང་ལྷག་བསམ་ཟོལ་མེད་སྙན་ངག་པ།
    ཐེ་བོ་སངས་རྒྱས་ཁ་ནང་མར་ཁུ་བླུག། །།

  4. རྩམ་ཕྲུག says:
    2023-01-22 at 12:43 am

    བཀྲ་ཤིས་བདེ་ལེགས།

  5. རྩམ་ཕྲུག says:
    2023-01-22 at 12:49 am

    བོད་ལ་ལོ་རྒྱུས་ཐོག་ནས་རྒྱལ་ཁབ་བྱུང་མེད་ཟེར་མཁན་གང་ཟག་སུ་རེད། མོན་རྟ་དབང་ཟེར་བ་བོད་ཀྱི་ས་ཆ་མ་རེད་ཟེར་མཁན་གང་ཟག་སུ་རེད།

  6. འབྲོང་བུ་སོག་ཚ། says:
    2023-01-25 at 12:03 am

    མོན་རྟ་དབང་བོད་ཀྱི་མ་རེད་ཟེར་མཁན་དེ་ཐག་རིང་ལ་མི་འདུག །ང་ཚོའི་འགྲམ་དུ་ཡོད་པའི་དབུས་བོད་ཀྱི་སྒྲིག་འཛུགས་ཟེར་བ་དེ་རེད། དཔུང་ཡོད་ན་དམག་དྲོངས། དེ་མེད་ན་མཐུ་རྒྱོབས།
    ་

  7. རྩམ་ཕྲུག says:
    2023-01-25 at 7:22 am

    མེད་ཟེར་མཁན་ཁྱེད་ཚོའི་སེམས་ནང་གི་ཁམས་དབང་སྲིད་ཟུར་ཁོང་རེད། ཧཧཧཧཧབ

  8. རྩམ་ཕྲུག says:
    2023-01-25 at 7:23 am

    མེད་ཟེར་མཁན་ཁྱེད་ཚོའི་སེམས་ནང་གི་མཁས་དབང་སྲིད་ཟུར་ཁོང་རེད། ཧཧཧཧཧ

  9. རྩམ་ཕྲུག says:
    2023-01-25 at 7:37 am

    ༧གོང་ས་མཆོག་གི་བྱས་རྗེས་ཡང་ཁོའི་བྱས་རྗེས་ཡིན་ཟེར་མཁན་ཁོོང་སུ་རེད་དམ།
    ༧གོང་ས་མཆོག་ལ་གཟེངས་རྟགས་འབུལ་གྱི་ཟེར་ནས་མགོ་ཡག་མགོ་སྐོར་བཏང་མཁན་སུའི་བཀའ་ཤག་སྐབས་རེད། སྙིང་རྗེ་རེད།

  10. འབྲོང་བུ་སོག་ཚ། says:
    2023-01-26 at 12:29 am

    མདོར་ན་བོད་རྒྱ་དམར་པོའི་འོག་ཏུ་བཅུག་མཁན་དང་། མོན་རྟ་དབང་རྒྱ་གར་འོག་ཏུ་བཅུག་མཁན་གཉིས་ཀ་དགའ་ལྡན་ཕོ་བྲང་དང་། དེས་དམིགས་འཛུགས་བྱས་པའི་སྲིད་ཟུར་དང་། སྲིད་སྐྱོང་གཉིས་ཀ་རེད། གྱོད་འདྲ་ཡོད་ན་ཁྲིམས་དཔོན་ཡིན་རྒྱུ་བ་དེ་ཚོར་བཤད་ན་བཟང་།

  11. རྩམ་ཕྲུག says:
    2023-01-26 at 2:45 am

    དགའ་ལྡན་ཕོ་བྲང་ནག་པོ་བཟོ་མཁན་ཞིག་ཡིན་དུས་ངན་པ་སླར་གསོ་འམ་ལྡི་ལི་ཆུ་སྒང་གི་རྒྱུག་ཁྱི་ཞིག་ཡིན་གསལ་བོ་རེད། ༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་མཁན་དེ་ཚོའི་རིགས་ཨོ་སྟོབས་ཀྱི་གསོས་ཕྲུག་ནང་དུ་ཡང་ཡོད་པ་རེད། ཁྱོད་ཡང་གསོས་ཕྲུག་ཞིག་ཡིན་པ་འདྲ། འདི་མ་གཏོགས་ཁྱོད་ལ་ལེན་མེད། ༧གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་རིགས་ལ་རྩོད་པ་རྒྱུག་རྒྱུ་དགའ་བོ་མེད།

  12. འབྲོང་བུ་སོག་ཚ། says:
    2023-01-28 at 12:07 am

    དགའ་ལྡན་ཕོ་བྲང་ནག་པོ་མིན་ན་སྤྱི་ལོ་ ༡༩༥༩ ལོར་བོད་རྒྱ་དམར་པོས་བཙན་འོག་ཏུ་བཅུག་སྐབས་བོད་ལ་སུའི་གཞུང་རེད། རྒྱ་དམར་པོས་བོད་པ་རྣམས་སྲན་མ་ལྟར་ཕྱོགས་མཐར་བཀྲམ་པའི་བྱེ་གཏེ་ངོ་མ་སུ་རེད། ཟམ་གདོང་བླ་མ་བཀའ་ཁྲི་སྐབས་བོད་ཆོལ་གསུམ་ཡོངས་རྫོགས་རྒྱ་དམར་པོའི་བཅའ་ཁྲིམས་གཅིག་གི་འོག་ཏུ་སྡོད་རྒྱུའི་ཁས་ལེན་བྱས་ཏེ་ཡིག་ཆ་སྤྲད་པ་དེ་དག་དགའ་ལྡན་ཕོ་བྲང་པའི་མིང་ཐོག་ནས་མ་སྤྲད་ན་སུའི་མིང་ཐོག་ནས་སྤྲད་ཡོད། མདོར་བསྡུས་ན་དགའ་ལྡན་ཕོ་བྲང་པས་བོད་ལ་གཞུང་བཙུགས་པ་ནས་བཟུང་རྩིས་སྤྲད་པ་ཁོ་ན་ལས་གཞན་གང་བྱས་ཡོད་ཤོད་ད། ཆུ་སྒང་ངན་པ་ཡིན་པ་ང་ལ་ཤོད་རྒྱུ་གང་ཡང་མེད་དེ་༧གོང་ས་སྐྱབས་མགོན་ཆེན་པོ་སྟོན་འཁོར་རྣམས་རྒྱ་གར་ནང་བཙན་བྱོལ་དུ་བདེ་ཐང་ངང་བྲོས་ཐུབ་པ་དེ་ཆུ་སྒང་གི་བྱས་རྗེས་མིན་ན་སུས་བྱས་པ་རེད། བོད་རྒྱལ་ཁབ་ཆེན་པོའི་མ་འོངས་དམིགས་རྟེན་གྱི་གསེར་ཡོངས་རྫོགས་ཆུ་སྒང་གི་ཟས་པ་རེད་པས། དེ་ཚོའི་རྩིས་ཁྲ་ག་ན་ཡོད། ནན་གཏན་གྱིས་བརྗོད་རྒྱུར། དེང་སང་གི་བོད་པ་གསར་སྐྱེས་ང་དང་ང་འདྲ་བ་ལ་ཁྱོད་དང་ཁྱོད་འདྲ་བས་དད་ལ་ལོག་སྤྱོད་ཀྱིས་ཁ་མིག་རྣམས་སོན་པོར་བཀག་རྩིས་བྱས་ནའང་དེ་ལྟར་ཡོང་རྒྱུ་མིན་པར་མཐོང་བས་ཆོད་པས། སླད་ཕྱིན་རང་སེམས་རྣལ་དུ་འཕབ་སྟེ་ཉིན་སེམས་བྲང་རྒྱར་གྱི་བསམ་བློ་ཡག་པོ་ཞིག་མ་བཏང་ན། ནམ་ཞིག་རྩིས་ཁྲ་ལེན་པའི་དུས་ལ་བབས་རྒྱུ་ཡིན་པ་ཐེ་ཚོམ་མེད་པས་དེ་དུས་ལྷ་དང་། བླ་མ། དད་པ་གང་གི་ཡང་སྑོབ་མི་ཐུབ་པས་དེ་དོན་ཡིད་ལ་འཆོང་ཞིག།།

  13. འཇམ་དབྱངས། says:
    2023-02-03 at 11:26 am

    ༡༩༥༩༼༧གོང་ས་སྐུ་ཕྲེང་བཅུ་བཞིའི་དགའ་ལྡན་ཕོ་བྲང་གི་གཞུང་འཛིན་དུས་༧གོང་ས་མཆོག་གི་དགོང་ལོ་བཅུ་དྲུག་རེད་། དེའི་སྐབས་སྐུ་དྲག་དེ་ཚོའི་ཆབ་སྲིད་གཙབས་རུལ་བྱས་ནས་༧གོང་ས་མཆོག་ཕུལ་བ་རེད། སུའི་ནོར་འཁྲུལ་རེད། ཁྱེད་ཚོའི་རིགས་ཀྱི་༧གོང་ས་མཆོག་ནག་པོ་བཟོ་བྱེད་རྒྱུན་དུ་ཚིག་འདི་རེད། ངན་པ་སླར་གསོ་ཚང་གི་རྐུབ་ལ་རྒྱུན་མཁན་སོཊ་ཚང་མའི་ཚིག་འདི་བེད་སྤྱོད་བཏང་བཞིན་འདུག ཁྱོད་ཡང་བཀའ་དྲིན་བསམ་ཤེས་པའི་མེད་པའི་སྐུ་མདུན་ནག་པོ་བཟོ་མཁན་ཨོ་སྟོབས་ཀྱི་གསོས་ཕྲུག་ཞིག་ཡིན་པ་འདྲ་ལེ།

  14. འཇམ་དབྱངས། says:
    2023-02-03 at 11:35 am

    ༧གོང་ས་མཆོག་བཙན་བྱོལ་ནང་དུ་གདན་འདྲེན་ཞུ་ཐུབ་པ་བཙན་བྱོལ་བོད་མིའི་བཀའ་དྲིན་རེད་མ་གཏོགས་ཆུ་སྒང་གཅིག་པོའི་བཀའ་དྲིན་ཡིན་པ་བཙན་བྱོལ་ནང་རྒན་རབས་པ་མང་པོ་ཞིག་ལ་སྐད་ཆ་དྲིས་ཡིན་ཆུ་སྒང་གི་བཀའ་དྲིན་ཡིན་པ་རྩ་ནས་གསུང་མཁན་མི་འདུག སྐྱག་རྫུག་མ་བཤད་རོགས།

  15. འཇམ་དབྱངས། says:
    2023-02-03 at 11:37 am

    འབྲོང་བུ་སོག་ཚ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme