Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་གསོ་བ་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་སྐུ་གཤེགས་པར་མྱ་ངན་ཞུ།

Posted on 2022-12-222022-12-22 By ཁ་བརྡ No Comments on སློབ་གསོ་བ་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་སྐུ་གཤེགས་པར་མྱ་ངན་ཞུ།

བོད་འབྱོར།

1973ལོར་མདོ་སྨད་རེབ་གོང་གི་སྨད་པ་ནག་ཀྱཱ་སྡེ་བར་སྐྱེས།  1995ལོའི་ཟླ7པར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྡེ་ཁག་ནས་སློབ་མཐར་ཕྱིན།  1998ལོའི་ཟླ7པར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་གེ་སར་སྒྲུང་དང་བོད་ཀྱི་རྩོམ་རིག་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་མཐར་ཕྱིན།  2012ལོའི་ཟླ1པར་དབྱིན་ཇིར་སློབ་འགྲིམས་སུ་བསྐྱོད་ཅིང་རཱེ་ཇེན་སློབ་གྲྭ་ཆེན་མོ་ནས་དབྱིན་ཇིའི་སློབ་གསོ་ལ་ཉམས་ཞིབ་མཛད།  

2011ལོར་བོད་ཀྱི་ཤེས་རིག་དཔྱད་འབྲས་སུ་ཕུལ་བའི༼གེ་སར་སྒྲུང་དང་གནའ་བོའི་བོད་ཀྱི་དམངས་སྲོལ༽ཞེས་པ་ཡིག་འབྲུ་སུམ་འབུམ་ལྔ་ཁྲི་ལྷག་བརྒལ་བའི་ཆེད་དེབ་དེ་མི་རིགས་དཔེ་སྐྲུན་ཁང་ནས་ཕུལ་བྱུང་བརྩམས་ཆོས་ཀྱི་གྲས་སུ་བདམས་ཏེ་པར་བསྐྲུན་འགྲེམ་སྤེལ་བྱས། ཁོང་གིས་སྔ་རྗེས་སུ་ཀྲུང་གོ་བོད་རིག་པ་དང་བོད་ལྗོངས་ཞིབ་འཇུག་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་སྣ་ཚོགས་ཀྱི་སྟེང་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ་མྱོང་།  2012ལོར་མཚོ་སྔོན་ཞིང་ཆེན་རྩོམ་མཐུན་དང་གེ་སར་ཞིབ་འཇུག་སའོ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་བགྲོ་གླེང་སྐབས་དང་པོའི་གེ་སར་རིག་གཞུང་ཞིབ་འཇུག་ཆེད་རྩོམ་ལས་ཨང་གཉིས་པ་དང་བོད་ཡིག་ལས་ཨང་དང་པོའི་བྱ་དགའ་ཐོབ། 2012ལོར་མཚོ་སྔོན་ཞིང་ཆེན་

གེ་སར་ཞིབ་འཇུག་ཆེད་མཁས་པའི་འོས་མིར་བདམས། 2016ལོའི་ཟླ9པར༼ བོད་ཀྱི་སློབ་གསོའི་གནས་བབ་ཞིབ་འཇུག༽ཅེས་པའི་ཡིག་འབྲུ་བཞི་འབུམ་ལྔ་ཁྲིའི་བདག་ཉིད་ཅན་དེ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 2016-2017ལོ་གཉིས་ཀྱི་རིང་སྤུས་ལེགས་སློབ་ཁྲིད་འགྲན་བསྡུར་ཁྲོད་ཁུལ་ཡོངས་ལས་ཨང་གཉིས་པའི་བྱ་དགའ་ཐོབ། 2016-2017ལོའི་ཟླ་9པར་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་སྤུས་ལེགས་སློབ་གསོའི་ལས་བྱེད་པར་བདམས། 2018ལོའི་ཟླ9པར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རབ་བཅུ་པའི་འབྲིང་རིམ་ཁྱད་འཕགས་དགེ་རྒན་དུ་བདམས། 2018ལོའི་ཟླ12པར་རྒྱལ་ཁབ་མི་དོན་པུའུ་དང་སློབ་གསོ་པུའུ་ནས་མཐོ་རིམ་རྩེ་གྲས་དགེ་རྒན་དུ་བདམས། 2018ལོར་ཞིང་ལྗོངས་ལྔའི་བོད་ཡིག་བསླབ་གཞི་རྩོམ་སྒྱུར་ཁང་གི་ཆེད་མཁས་པའི་ཁོངས་མིར་བདམས། 2018ལོར་ཨ་རིའི་སློབ་སྔོན་སློབ་གསོ་དང་བོད་ཀྱི་སློབ་སྔོན་སློབ་གསོའི་གཤིབ་བསྡུར་ཞིབ་འཇུག་ཅེས་པའི་དཔྱད་རྩོམ་དེ་བོད་ཁུལ་གྱི་སློབ་གསོའི་ཞིབ་འཇུག་ལས་ཕུལ་བྱུང་དཔྱད་རྩོམ་དུ་བདམས། ཡང་ལོ་དེར་འཛམ་གླིང་ན་གཞོན་ནང་ཆོས་ཚོགས་པའི་ཞིབ་འཇུག་གླེང་སྟེགས་སྟེང་༼ ནང་ཆོས་དང་བོད་ཁུལ་གྱི་འཚོ་བའི་སློབ་གསོ༽ཞེས་པར་དཔྱད་གླེང་བྱ་དགའ་ཐོབ། 

སྔ་རྗེས་སུ་རེབ་གོང་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་སོགས་སུ་སློབ་བུ་མང་དུ་བསྐྱངས་པར་མ་ཟད། རེབ་གོང་གྲོང་ཁྱེར་སློབ་དཔྱོད་ཁང་དུ་སློབ་གསོའི་བྱ་བཞག་ལ་ཤ་ཐང་དུ་འབད་འབུངས་གནངས་པ་དང་མདོ་སྟོད་སྨད་གཙོས་ས་ཁུལ་གང་མང་ལ་ཕེབས་ཏེ་སློབ་གསོའི་འཆད་ཁྲིད་ཐེངས་ཉི་ཤུ་ལྷག་གནང་། གཞན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་འཆད་ཁྲིད་ཐེངས་བདུན་གནང་བ་དང་། ཨ་མདོ་བརྙན་འཕྲིན་ཁང་ནས་འཆད་ཁྲིད་ཐེངས་གཉིས་བྱས། 2018ལོའི་ཟླ12མཚོ་སྔོན་ཞིང་ཆེན་མཐོ་རིམ་དགེ་རྒན་དུ་བདམས། 2019ལོར་རྨ་ལྷོ་ཁུལ་གྱི་འཇོན་མི་སྣེ་ཁྲིད་པར་བདམས་པ་སོགས་རྗེས་སུ་ཡི་རངས་བྱ་དགོས་པའི་དོན་ཆེན་མང་པོར་དཀའ་ངལ་གདོང་གིས་བསུས་དང་བསུ་བའི་མོད་ལ་མི་འདོད་རྐྱེན་ངན་ཞིག་གིས་ཡུན་རིང་མནར་ཞིང་ལོ་ཤས་བསྙུངས་ནས་2022་ལོའི་ཟླ་12་པའི་ཚེས་21་ཉིན་སྐུའི་འཕེན་པ་རྫོགས་པར་སློབ་བུ་ཀུན་ཀྱིས་མྱ་ངན་ཞུ།

སྣ་ཚོགས།

Post navigation

Previous Post: བོད་ཀྱི་སློབ་གསོ་བ་གྲགས་ཅན་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་སྐུ་གཤེགས།
Next Post: གྲོགས་པོ་ནག་ཀྱཱ་བ་ཤ་བོ་ཚེ་རིང་སྐུ་གཤེགས་པ་ཐོས་འཕྲལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme