Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱའི་དཀའ་རྙོགས་དེ་གཉིས་སྨན་དབུ་མའི་ལམ་བརྒྱུད་ནས་སེལ་དགོས་པ་དེ་གལ་ཆེན་པོ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

Posted on 2022-11-142022-11-15 By ཁ་བརྡ No Comments on བོད་རྒྱའི་དཀའ་རྙོགས་དེ་གཉིས་སྨན་དབུ་མའི་ལམ་བརྒྱུད་ནས་སེལ་དགོས་པ་དེ་གལ་ཆེན་པོ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

ཚེ་དབང་བསོད་ནམས།

ཆབ་སྲིད་ཀྱི་གནད་དོན་ ༼ Political issue ༽ དང་ཆབ་སྲིད་ཀྱི་དཀའ་རྙོགས་༼ Political Conflict ༽ ཆབ་སྲིད་ཀྱི་འགྲན་རྩོད་ ༼ Political Challenge ༽ ག་འདྲ་ཞིག་ཡིན་ཀྱང་ས་བབ་ཀྱི་གནས་སྟངས་དང་། མི་རིགས་ཀྱི་ངོ་བོ་། སྤྱི་ཚོགས་ཀྱི་འཕེལ་རིམ་། འཁོར་ཡུག་གི་གནས་སྟངས་། རྒྱལ་སྤྱིའི་ཆབ་སྲིད་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་ཕྱོགས་མང་པོ་ཞིག་ལ་འགན་འཁུར་ནས་ཆབ་སྲིད་ཀྱི་ཐབས་ལམ་ཚོལ་དགོས་པ་ལས་གཡས་ལྟ་དང་གཡོན་ལྟ་གང་ཡང་མ་བྱས་པར་ཆབ་སྲིད་རག་པ་ལ་འགན་འཁུར་ནས་མདུན་འཕྱོངས་བྱེད་ཐུབ་པ་ཙམ་གྱི་ཆབ་སྲིད་ལ་རྒྱལ་ཁ་ཐོབ་རྒྱུ་དང་། ཆབ་སྲིད་ཀྱི་དཀའ་རྙོགས་སེལ་ཐུབ་རྒྱུ་ནི་ཉིན་སྐར་ཙམ་ལས་མ་འདས་པ་དང་། བོད་རྒྱའི་དཀའ་རྙོགས་དེ་སེལ་ཐུབ་པ་ལ་ས་འབྲེལ་ཆབ་སྲིད་ ༼ Geopolitics ༽ ལ་འགན་འཁུར་ནས་གཉིས་སྨན་དབུ་མའི་ལམ་ ༼ Middle way Approach ༽ བརྒྱུད་ནས་བོད་རྒྱ་གཉིས་ཀྱི་འགོ་འཁྲིད་བར་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་བྱས་ནས་གཉིས་མོས་ཀྱི་ཐབས་ལམ་ཚོལ་དགོས་པ་ལས་རྒྱལ་སྤྱིའི་སྟེང་ཁ་དམག་ལ་འགན་འཁུར་ནས་བོད་རྒྱའི་དཀའ་རྙོགས་དུས་ནམ་ཡང་སེལ་མི་ཐུབ་པ་ནི་འདས་པའི་མི་ལོ་དྲུག་བཅུ་ལྷག་ཙམ་གྱི་ཉམས་མྱོང་ནས་ང་ཚོར་ངོ་འཕྲོད་ཐུབ་པ་དང་། གཉིས་སྨན་དབུ་མའི་ལམ་གྱིས་དགོས་འདུན་དེ་ཕྱོགས་གཉིས་ངོས་ནས་ཞིབ་ཚགས་པོ་བྱས་ནས་གསལ་པོ་ཤེས་ཐུབ་པ་དང་གོ་རྟོགས་ཐུབ་པའི་ཆེད་སློབ་སྦྱོངས་བྱས་ནས་གཉིས་སྨན་དབུ་མའི་ལམ་ལ་ཡིད་ཆེས་དང་ངེས་པ་རྙེད་ནས་བརྐྱངས་བསྐུམ་ཆབ་སྲིད་ལ་འགན་འཁུར་ནས་ནུས་པ་སྟོན་ནས་ས་འབྲེལ་ཅན་གྱི་བོད་རྒྱ་མི་རིགས་གཉིས་ཀྱི་མ་འོངས་མི་རབས་གསར་པའི་མི་ཚེའི་མདུན་ལམ་དེ་འཆམས་མཐུན་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་

༼ Harmony and Happiness Society ༽ཞིག་བསྐྲུན་དགོས་པ་དེ་ད་ལྟའི་བོད་རྒྱ་གཉིས་ཀྱིས་མི་རབས་འདིའི་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ་འདས་པའི་གནས་དོན་ལས་ད་ལྟའི་གནས་སྟངས་དེ་གལ་ཆེ་བར་ངོས་འཛིན་ཞུ་གི་ཡོད་ལ་ད་ལྟའི་གནས་སྟངས་ལས་མ་འོངས་པའི་མདུན་ལམ་དེ་དེ་བས་ཀྱང་གལ་ཆེ་བར་ངོས་འཛིན་ཞུ་གི་ཡོད་ན་བོད་རྒྱ་གཉིས་ཀྱི་འགོ་འཁྲིད་ཚོ་དྲང་བདེན་དང་འདྲ་མཉམ་།ལྷག་བསམ་དང་འགན་འཁུར་།ཆེ་མཐོང་དང་གུས་བརྩི་།རྣམ་དཔྱོད་དང་ཡིད་ཆེས་།ཆོད་སེམས་དང་ནུས་པ་།ཕྱི་གསལ་ནང་གསལ་བྱས་ནས་ས་འབྲེལ་ཅན་གྱི་བོད་རྒྱའི་དཀའ་རྙོགས་དེ་གོང་ས་མཆོག་གི་སྐུ་དུས་འདིར་ངེས་པར་དུ་སེལ་དགོས་པ་ནི་ཆེས་ཛ་དྲག་ཅན་གྱི་གནད་དོན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ལ་གལ་སྲིད་བོད་རྒྱའི་དཀའ་རྙོགས་དེ་གོང་ས་མཆོག་གི་སྐུ་དུས་འདིར་སེལ་མ་ཐུབ་ཚེ་བོད་རྒྱའི་དཀའ་རྙོགས་དེ་རྒྱལ་སྤྱིའི་ཆབ་སྲིད་རྩོད་གླེང་ནང་ཚུད་ནས་ང་གསོན་དང་ཁྱོད་ཤི་ཟེར་བའི་མི་གསོད་ཁྲག་སྦྱོར་གྱི་རྒྱལ་ཕམ་ལོ་རྒྱུས་ནང་ང་ཚོ་ཡང་ཚུད་ནས་བོད་དོན་བདེན་མཐའ་སེལ་རྒྱུ་ཕར་བཞག་ནས་ནང་བསྟན་ཆོས་ལུགས་ནས་བསྟན་པའི་བྱམས་པ་དང་།སྙིང་རྗེ་།འཚེ་བ་མེད་པ་།གཞན་ཕན་ཟེར་བའི་ཐེག་པ་ཆེན་པོའི་ཆོས་ཀྱི་བསླབ་བྱ་དེ་ཚོ་ཡང་བདག་མེད་གོ་མེད་ཚོར་མེད་དུ་མི་ལྷག་པའི་ངེས་པ་མེད་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་འཁོད་པའི་འཚེ་མེད་ཞི་པ་ཟེར་བའི་ཐ་སྙད་དེ་ལ་ང་ཚོའི་འགན་འཁུར་ནས་བོད་རྒྱ་གཉིས་ས་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་ལ་བརྩི་བཀུར་ཞུས་ནས་༼ Geopolitics and Neighbourhoods ༽མེ་རྩེ་མེ་གཏུག་དང་ལན་དགུ་ཆད་འཐུད་བྱས་ནས་བོད་རྒྱའི་དཀའ་རྙོགས་སེལ་དགོས་པ་དེ་བོད་རྒྱ་མི་རིགས་གཉིས་ལ་འཁྲི་པའི་ལས་འགན་ཞིག་ཡིན་པ་མ་ཟད་འཛམ་གླིང་གི་ས་ཆེན་པོ་འདི་མ་འཇིག་བར་བོད་རྒྱ་གཉིས་ས་འབྲེལ་ཁྱིམ་མཚེས་བྱས་ནས་བུ་རབས་ཚ་རྒྱུད་རྣམས་མི་ཐོག་ནས་མི་ཐོག་བརྒྱུད་ནས་མི་ཚེ་བདེ་སྐྱིད་ཀྱིས་འཚོ་བ་ལ་རོལ་ཐུབ་པའི་འཁོར་ཡུག་བཟང་པོ་བསྐྲུན་དགོས་པ་དེ་ང་ཚོ་བོད་རྒྱ་མི་རིགས་གཉིས་ཀྱི་མི་ཐོག་འདིའི་ཕྲག་ཏུ་བབས་པའི་གཡོལ་ཐབས་མེད་པའི་ལས་འགན་ཞིག་མ་རེད་དམ་།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༢/༡༡/༡༤ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ་།

བསམ་ཚུལ།

Post navigation

Previous Post: འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཐོག་ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་གཉིས་པ་འཚོགས་པ།
Next Post: དྲན་གསོའི་རྡོ་རིང་། ཆེས་སྐལ་བཟང་གི་ཉིན་མོ་རྩ་ཆེན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme