Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་བླ་མ། བཀའ་དྲིན་ཆེའོ་རིན་པོ་ཆེ།

Posted on 2022-11-052022-11-05 By ཁ་བརྡ 7 Comments on ངའི་བླ་མ། བཀའ་དྲིན་ཆེའོ་རིན་པོ་ཆེ།

ཆབ་མདོ་ངག་ཕུན།

ངུར་སྨིག་གར་གྱི་འཛིན་པ། །ཆོས་སྲིད་གཉིས་ཀྱི་ཐོག་ལ།།
མཁྱེན་རྒྱ་ཤིན་ཏུ་ཆེ་བའི། །སྐྱབས་རྗེ་ཟམ་གདོང་བླ་མ།།
 
བོད་དོན་གཉན་འཕྲང་སྐབས་སུ། །ཡོད་ཚད་བློས་བཏང་མཛད་ནས།།
ལྷག་བསམ་ཞུམ་པ་མེད་པའི། །བོད་དོན་ཕྱག་ལས་མཛད་ཡོད།།
 
ཝ་ན་གཙུག་ལག་སློབ་གྲྭ། །གསར་དུ་བསྐྲུན་པར་མཛད་ནས།།
ཆོས་དང་རིག་གཞུང་མི་ཉམས། །གོང་འཕེལ་རླབས་ཆེན་མཛད་ཡོད།།
 
སྤྱི་འཐུས་གཙོ་ཚོགས་མཛད་ནས། །བཙན་བྱོལ་བོད་མིའི་སྒྲིག་འཛུགས།
དེང་རབས་མཐུན་པའི་མང་གཙོ། །རྨང་གཞི་སྲ་བརྟན་མཛད་ཡོད།།

བོད་ཀྱི་རིག་གཞུང་རྩ་ཆེན། །མི་ཉམས་གོང་འཕེལ་ཡོང་ཆེད།།
དཔེ་སྟོན་སློབ་གྲྭ་བསྐྲུན་ནས། །བྱས་རྗེས་རླབས་ཆེན་འཇོག་ཡོད།།
 
བཙན་བྱོལ་བོད་མིའི་སྒྲིག་འཛུགས། །ཁེ་བཟང་མེད་པའི་ཚོང་ལས།།
བུ་ལོན་གནས་སུ་ལྷུང་བ། །དེ་དག་གནས་ལས་གྲོལ་མཛད།།
 
དེ་འདྲའི་བྱས་རྗེས་འཇོག་ཀྱང་། །བསམ་ཤེས་མེད་པ་མི་འགས།།
སྐྱོན་བརྗོད་བྱེད་ཁུལ་བྱས་རུང་།། །བྱང་སྟོང་ཁ་ཏ་སྒྲོག་མཚུངས།།
 
རང་རེའི་དོན་གཉེར་ཅན་ལ། །མདོ་སྔཌ་གཞུང་ལུཌ་མཐའ་དག།
བསྲེགས་བཅད་བརྡར་གསུམ་ངང་ནས། །དམར་ཁྲིད་མཛད་པ་སྐྱོང་མཛད།།
 
གངས་ཅན་མཁས་པའི་གཙུག་རྒྱན། །མཁས་དབང་ཟམ་གདོང་བླ་མར།།
སྐུ་ཚེ་ཡུན་རིང་བརྟན་པའི། །གསོལ་བ་སྙིང་ནས་འདེབས་སོ།།
 
དགུང་གྲངས་གྱ་གསུམ་ཕེབས་རུང་། །ངལ་བ་ལྷོད་མེད་ཐོག་ནས།།
ཆོས་རིག་མི་ཉམས་གོང་འཕེལ། །མཛད་པ་རླབས་ཆེན་སྐྱོང་མཛད།།
 
དེ་འདྲའི་བཀའ་དྲིན་ཅན་གྱི། །སློབ་དཔོན་ཟམ་གདོང་བླ་མར།།
གསོལ་བ་སྙིང་ནས་འདེབས་སོ། །སྐུ་ཚེ་ཡུན་རིང་བརྟན་སྨོན།།

ཞེས་པ་འདི་ནི་ས་མཐའ་སྤྲང་འཁྱམས་པ་ཆབ་མདོ་ངག་ཕུན་ཞེས་འདོད་པའི་ཕྱི་ལོ་ ༢༠༢༢/༡༡/༥ ཉིན་མོར་རིན་པོ་ཆེའི་སྐུ་ཡི་འཁྲུངས་སྐར་ལ་རང་ཉིད་བསོད་ནམས་བསགས་ཆེད་དུ་བྲིས་པའི་ཁུལ་ཞིག་ཡིན་ན་དེ་དོན་ཀློག་པ་པོ་རྣམས་ཀྱི་དགོངས་བཞེས་ཡོད་པ་མཛོད། 

སྙན་ངག

Post navigation

Previous Post: རྒྱ་གར་གྱི་གློག་བརྙན་གླུ་གཞས་ཁག་གསུམ།
Next Post: སྟོན་ཁ།

Comments (7) on “ངའི་བླ་མ། བཀའ་དྲིན་ཆེའོ་རིན་པོ་ཆེ།”

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    2022-11-05 at 9:09 pm

    སྐྱེས་ཆེན་དམ་པའི་མཛད་འཕྲིན་ནམ་མཁའ་བཞིན་དུ་ཁྱབ་ཡོད་།
    གངས་ལྗོངས་བསྟན་འགྲོའི་དོན་དུ་ཡོད་ཚད་བློས་གཏོངགནང་ཡོད་།
    བཙན་བྱོལ་སྒྲིག་འཛུགས་དོན་དུ་ལམ་སྟོན་གསེར་ཟམ་བཙུགས་ཡོད་།
    རྒྱལ་སྤྱིའི་ཆབ་སྲིད་མཐུན་པའི་མང་གཙོ་བསྲ་བརྟན་བཙུགས་ཡོད་།
    རྒྱལ་བའི་བཀའ་དགོང་སྒྲུབ་ཕྱིར་ཉིིན་མཚན་སྐུ་ལས་སྐྱོན་ཡོད་།
    དགོན་པ་གྲཱ་ཚང་བླ་གྲང་ཟེར་བའི་མིང་ཙམ་ཁོང་ལ་མེད་པ་།
    གྲཱ་ཀྱང་དཀྱུས་མའི་མཚན་གྱིས་སྙན་གྲགས་འཛམ་གླིང་ཁྱབ་ཡོད་།
    སྐུ་ཚེ་མཛད་འཕྲིན་རྒྱས་པའི་མཆོག་གསུམ་དཔང་པོར་བཞག་ནས་།
    སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཁྲི་ཕྲག་ཞུས་ཡོད་།

  2. འབྲོང་བུ་སོག་ཚ། says:
    2022-11-08 at 5:57 pm

    དང་པོ་ཝར་ཎར་སློབ་སྤྱིའི་མིང་ཐོག་ཆོས་བརྒྱུད་ཕན་ཚུན་དབྱེན་ལ་སྦྱོར།
    གཉིས་པ་སྤྱི་ལྷན་ཚོགས་གཙོའི་མིང་གིས་ཁམ་པ་ནང་ཁུལ་འཁྲུག་ལ་སྦྱོར།
    གསུམ་པ་བཀའ་བློན་ཁྲི་པའི་འགྱིང་གིས་གཞུང་གི་ཡོང་འབབས་ཕུང་ལ་སྦྱོར།
    བསམ་བཞིན་ཕུང་སྦྱོར་བྱེད་གཏེ་དེ་ཉིད་སྲིད་འདིར་བཞུགས་ལས་ཕེབས་ན་བཟང་།
    ག་ལེར་ཕེབས།།

  3. དགེ says:
    2022-11-15 at 10:33 pm

    ལེགས་སོ་ལེགས་སོ་བྲིས་པ་བཟང་།།
    དང་བ་ཆེན་པོས་བྲིས་པ་བཟང་།།👍
    ངན་ནོ་ངན་ནོ་སྙད་འདོགས་ངན།།
    ཕྲག་དོག་ཆེན་པོས་སྙད་འདོགས་ངན།།👎

  4. ཆབ་མདོ་ངག་ཕུན། says:
    2022-11-19 at 9:48 am

    རང་ཉིད་བློས་བཏང་མཛད་ནས།། རྒྱལ་བའི་བཀའ་བཞིན་བསྒྲུབ་ཡོད།།
    དེ་འདྲའི་སྐྱེས་བུ་ཞིག་ལ། །བདག་གིས་སྙིང་ནས་བསྟོད་དོ།།

  5. འབྲོང་བུ་སོག་ཚ། says:
    2022-11-22 at 10:59 pm

    ཕྱི་དཀྲུག་ནང་དཀྲུག་བྱས་དུས།
    བློས་བཏང་ཕྲན་བུ་བྱེད་དགོས།
    བློས་བཏང་མིང་གི་འོག་ནས།
    ནང་ཁུལ་ཏག་ཏག་བཟོས་ཡོད།།

  6. ཆབ་མདོ་ངག་ཕུན། says:
    2022-11-24 at 11:20 pm

    ང་ཚོའི་མི་རིགས་ཆེད་དུ། །ན་ཚོད་སྨིན་པའི་དུས་ནས།།
    ཡོད་ཚོད་བློས་བཏང་མཛད་ཡོད། །རླབས་ཆེན་མིན་སུ་ཡིན།།

  7. ཆབ་མདོ་ངག་ཕུན། says:
    2022-11-24 at 11:24 pm

    ནོར་བཅོས།
    ང་ཚོའི་མི་རིགས་ཆེད་དུ། །ན་ཚོད་སྨིན་པའི་དུས་ནས།།
    ཡོད་ཚོད་བློས་བཏང་མཛད་ཡོད། །རླབས་ཆེན་མིན་ན་སུ་ཡིན།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme