Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གདན་ས་ཆེན་མོ་རྣམ་གྲོལ་གླིང་གིས་མཛད་སྒོ་སྔ་འཐེན་གྱི་གསར་བསྒྲགས་ཤིག།

Posted on 2010-07-292010-07-29 By ཁ་བརྡ་ 16 Comments on གདན་ས་ཆེན་མོ་རྣམ་གྲོལ་གླིང་གིས་མཛད་སྒོ་སྔ་འཐེན་གྱི་གསར་བསྒྲགས་ཤིག།

འཆམ་ར་དྲི་མེད་རྒྱལ་མཚན།

དཔལ་གསང་ཆེན་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་ཆོས་མཆེད་གྲྭ་བཙུན་ཡོངས་ཀྱིས་མཁྱེན་ཆུབ་དགོས་རྒྱུར།
དེ་ཡང་གདན་ས་རྣམ་གྲོལ་གླིང་གིས་ཁ་སྔོན་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་གསར་བསྒྲགས་གནང་གསལ་དུ། འདི་ལོའི་བོད་ཟླ་དགུ་བའི་ ཚེས་༢༢ རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན། སྔ་འགྱུར་མཐོ་སློབ་ཆེན་མོའི་མདོ་འོག་མའི་རྒྱུགས་སྤྲོད་ཟིན་པ་རྣམས་ལ་མཐའ་བྲལ་སྨྲ་བའི་དབང་ཕྱུག་དང་། མདོ་གོང་མའི་རྒྱུགས་སྤྲོད་ཟིན་པ་རྣམས་ལ་ཕར་ཕྱིན་རབ་འབྱམས། རྒྱུད་སྡེ་གོང་འོག་གི་རྒྱུགས་སྤྲོད་ཟིན་པ་རྣམས་ལ་ངེས་གསང་ལེགས་བཤད་མཛོད་འཆང་གི་ཕྱག་ཁྱེར་བཅས། སོ་སོའི་གནས་བབ་དང་བསྟུན་ནས་འབུལ་རྒྱུ་གཏན་ཁེལ་གནང་མོད།

འགྱུར་ལྡོག་ཕྱིན་པ་ཞིག་ལ། ༧གོང་ས་མཆོག་ལྷོ་ཕྱོགས་སུ་ཕེབས་འཆར་དང་སྟབས་བསྟུན་ནས། འདི་ལོའི་ཕྱི་ཟླ་དགུ་བའི་ཚེས་ ༣ ཉིན་༧གོང་ས་མཆོག་གིས་མཛད་སྒོའི་དབུ་འབྱེད་དང་འབྲེལ། ལག་ཁྱེར་རྣམས་གནང་འཆར་གྱིས་མཛད་སྒོ་དེ་སྔ་འཐེན་གནང་རྒྱུའི་གསར་བསྒྲགས་གདན་ས་རང་ནས་གནང་ཟིན་འདུག་པས་དེ་ལུགས་གྲ་སྒྲིག་གནང་གལ་ཆེ་བ་མཐོང་ཞུ།

༢༠༡༠་༧་༢༩ ཉིན།

གསལ་བསྒྲགས།

Post navigation

Previous Post: མི་ཚེ་གཅིག་མགྲོན་པོར་སྡོད་དགོས་སམ།
Next Post: གདན་ས་ཆེན་མོ་རྣམ་གྲོལ་གླིང་གིས་མཛད་སྒོ་སྔ་འཐེན་གྱི་གསར་བསྒྲགས་ཤིག།

Comments (16) on “གདན་ས་ཆེན་མོ་རྣམ་གྲོལ་གླིང་གིས་མཛད་སྒོ་སྔ་འཐེན་གྱི་གསར་བསྒྲགས་ཤིག།”

  1. བཀྲ་ཤིས། says:
    2010-07-29 at 12:58 pm

    དགོན་པའི་མཛད་སྒོ་ལ་ཏཱ་ལའི་བླ་མ་གདན་འདྲེན་ཞུས་པར་དགའ་བསུ་ཡོད།

  2. མེ་ཏོག་དཀར་པོ། says:
    2010-07-29 at 1:24 pm

    བཀྲ་ཤིས་ལགས། འདིར་༧གོང་ས་མཆོག་ལ་ཏ་ལའི་བླ་མ་ཞེས་པའི་མཚན་བེད་སྤྱོད་གནང་བར་རྒྱབ་ལྗོངས་དམིགས་བསལ་བ་ཞིག་ཡོད་དམ།

  3. རང་བཙན་ལྡེའུ་ says:
    2010-07-30 at 4:33 am

    གདན་ས་ཆེན་མོ་སེ་འབྲས་དགའ་གསུམ་མིན་ཚེ་ གདན་ས་ཆེན་མོ་རྣམ་གྲོལ་གླིང་ཟེར་ལེ་དེ་སྔོན་གོ་མ་མྱོང་ ད་གདན་ས་ཆེན་མོ་བཞི་ཟེར་དགོས་ལེ་ཨེ་རེད་།

  4. མེ་ཏོག་དཀར་པོ། says:
    2010-07-30 at 5:01 am

    རང་བཙན་ལྡེའུ། སྔར་མ་གོ་བ་བདེན་མོད། སྔར་གདན་ས་ཆེན་པོ་གསུམ་ཟེར་དུས་དགེ་ལྡན་པའི་གདན་ས་ཁོ་ན་ལ་གོ་དགོས་པ་གཞུང་དགའ་བ་བརྒྱ་དང་ལྡན་ཞིང་ཕྱོགས་ལས་རྣམ་པར་རྒྱལ་བའིི་སེང་ཁྲི་ལ་བཞུགས་མཁན་དང་དེ་དང་འབྲེལ་བའི་ཆེན་པོ་ཁག་ཅིག་གིས་བཟོས་པ་རེད། ད་ནི་ཁྱེད་ཀྱང་རང་དབང་དང་ལྡན་པའི་ཡུལ་དུ་ཡོད་སྲིད་པས་བློ་བདེ་ངང་བཞུགས། གདན་ས་ཆེན་མོ་བཞི་ཡང་མི་ཚད་མང་པོ་ཡོད་ལེ་རེད།

  5. གཞོན་ནུ་ཟླ་མེད། says:
    2010-07-30 at 7:07 am

    ཅུང་ཟད་མི་འདྲ་བ་ཞིག་འདུག དགེ་ལུགས་པའི་གྲྭ་ས་ལ་གདན་ས་ཆེན་པོ་ཟེར། འདི་ན་གདན་ས་ཆེན་མོ་རེད་འདུག རིམ་བཏེགས་ལ་གདན་ས་གཅིག་བུ་རེད་འདུག དྲ་གྲོགས་རྣམས་ལ་དྲི་བ་ཞིག་ཡོད་པ་ནི། ཡི་གེ་དེ་གསུམ་ལ་ཁྱད་པར་འེ་ཡོད་ན། དེ་ནས་གདན་ས་ཟེར་ན་ག་རེ་ཟེར་གི་ཡོད་པ་རེད་དམ།

  6. མེ་ཏོག་དཀར་པོ། says:
    2010-07-30 at 7:21 am

    ཆེན་པོ་ཞེས་པ་ནི་ཆུང་བའི་ཁ་བཏད་དེ་རེད། ཆེན་པོ་གང་ཞིག་ལ་ཡུལ་དེར་བསྔགས་པ་དང་འབྲེལ་བའི་སྐབས་ཆེ་བརྗོད་དུ་ཆེན་མོ་ཟེར་ན་འགྲིག
    ་
    དགེ་ལུགས་པའི་སེ་ར་དགོན་པ་ལ་གདན་ས། གདན་ས་ཆེན་པོ། གྲྭ་ས་སོགས་མིང་སྣ་ཚོགས་གོ་རྒྱུ་འདུག

    ཡང་ཆེན་པོ་ཟེར་བ་ལ་མི་གྲངས་འདི་ཙམ་དགོས། ཆེན་མོ་ཟེར་བ་ལ་མི་གྲངས་འདི་ཙམ་དགོས་ཞེས་ད་སྔ་བར་གྲངས་ཚད་བཟོ་ཐུབ་མེད། ད་དུང་བཟོ་ཐུབ་ཀྱི་མ་རེད།

    རུམ་སྟེགས་ལའང་དེ་བཞིན་ནོ། །

  7. གཞོན་ནུ་ཟླ་མེད། says:
    2010-07-30 at 7:36 am

    མེ་ཏོག་དཀར་པོས་ལན་གནང་བ་ཐུགས་རྗེ་ཆེ། དྲི་བ་ལྟེ་བ་དེ་གདན་ས་རེད། དེ་ལ་ལན་བཏབ་མི་འདུག གལ་ཏེ་ཤེས་ན་གདན་ས་ཟེར་ན་ག་རེ་ཟེར་བ་རེད་དམ།

  8. མི་སྲས says:
    2010-07-30 at 7:37 am

    གདན་ས་ཆེན་པོའམ། ཆེན་མོ་ཞེས་པ་ནི། བླ་མ་ཆེན་པོ་ཞིག་དང་། དགེ་འདུན་པའི་སྡེ་ཚོགས་ཆེན་པོ་ཞིག་གི་བཞུགས་གནས་ཡིན་པས་ལས།
    གཞན་གོ་རྒྱུ་གཞན་པ་དང་། དེ་ལས་ཀྱང་ཆོས་བརྒྱུད་གང་ཞིག་ལ་འཐོབ་ལ་དེ་ལས་གཞན་ལ་མི་འཐོབ་ཟེར་བའི་ཕྱོགས་རིས་ཤིག་ཀྱང་ཐ་སྙད་འདི་ལ་མེད་པ་རེད།

    ཡིན་ནའང་རང་རང་སོ་སོའི་ལམ་སྲོལ་དང་། ཁོར་ཡུག་གིས་ཐ་སྙད་དེའི་འཇུག་ཡུལ་ལ་གོ་བདེ་མིན་དང་། སྣང་བ་འགྲོ་མིན་སོགས་ཡོང་སྲིད་པ་ནི། འཇིག་རྟེན་མིའི་སྤྱི་མཚུགས་ཀྱི་འདུ་ཤེས་ལྟར་རེད།

    དེ་བཞིན་ཆེན་པོ་དང་ཆེན་མོ་གཉིས་ནི། དོན་གཅིག་པ་ཞིག་ལས་གཞན་བསྟན་དོན་ལོག་ཀ་ཞིག་མེད་པ་ཚིག་མཛོད་དག་གིས་བདེན་དཔང་བྱེད་ཀྱི་རེད།

  9. བཀྲ་ཤིས། says:
    2010-07-30 at 8:37 am

    མེ་ཏོག་དཀར་པོ་ལགས། བླ་མ་དེ་ལ་འཛམ་བུ་གླེང་གི་མི་ཚོས་ཏཱ་ལའི་བླ་མ་ཟེར་གི་འདུག བྱས་ཙང་ང་ཡང་འཛམ་བུ་གླེང་པའི་རྗེས་སུ་འབྲང་སྟེ་ཏཱ་ལའི་བླ་མ་ཞེས་བྲིས་ཡིན། མིང་དེ་སོག་པོས་བཏགས་པ་རེད་ཟེར་ལ་རྩ་ཆེན་པོ་རེད་ཟེར། བོད་པའི་སྤྲུལ་སྐུ་ཆེན་པོ་ཚོ་ལ་མིང་མི་འདྲ་བ་ཡོད་རེད་ཟེར། གང་འདྲ་རེད་ཟེར་ན། HH དང་། ༸དང། HEཟེར་བ་སོགས་མིང་པོ་འདུག་ཟེར། ད་བལྟས་དུས་མིང་དེ་ཚོ་ཡེ་ཤུས་ཆོས་ལུགས་པ་དང་བོད་པའི་སྤྲུ་སྐུ་ཚོས་མིང་རེད་འདུག
    བཀྲ་ཤིས་ནི་སྤྲུལ་སྐུ་ལ་དགག་པ་རྒྱག་མཁན་གྱི་གཙོ་བོ་ཞིག་ཡིན། བོད་ལ་སྤྲུལ་སྐུ་མེད་ན་འགྲིག་གི་རེད་དམ་ཟེར་བའི་རྩོམ་ཡིག་གི་བཀྲ་ཤིས་མཆན་བུ་མིང་པོ་བྲིས་ཡོད་ལགས།
    འོན་ཀྱང་བོད་ཀྱི་མི་བུ་བསྟན་འཛིན་རྒྱ་མཚོ་ར་སྒྲེང་ཁྲི་ཆེན་གྱིས་ཏཱ་ལའི་བླ་མའི་ཁྲི་ཐོག་ཏུ་གཞག་ཡོད་པ་ཁོང་གི་རྣམ་དཔྱོད་དང་ཡོད་ཏན་ཀུས་བརྩི་ཡོད།

  10. བཀྲ་ཤིས། says:
    2010-07-30 at 8:51 am

    HH དང་། ༸དང། HE ཟེར་བ་སོགས་ནི་སངས་རྒྱས་དང་། རྒྱན་དྲུག གཏད་རབས་བདུན། རྗེས་འབང་ཉེར་ལྔ། ལྷག་པར་བོད་གཞིས་བྱེས་སུ་བཞུགས་པའི་མཁན་པོ་རྣམས་ལ་མིང་འདི་འདྲ་གཏན་ནས་བཏགས་མི་རུང་ཟེར། གང་ཡིན་ཟེར་ན། གོང་གསལ་སངསརྒྱས་དང་། མཁན་པོ་སོགས་ནི་ནང་པ་རེད་ལ་མཁན་པོ་སློན་དཔོན་སོགས་ཀྱི་ཐ་སྙད་ནི་སྡེ་སྣོད་གསུམ་དང་ནཱ་ལེན་དྲའི་ཆོས་པ་ཚོས་མིང་རེད། བྱས་ཙང་སངས་རྒྱས་ཤཱཀྱ་ཐུབ་པ། ཟ་ཧོར་མཁན་པོ་པདྨ་འབྱུ་གནས་ལ་སོགས་པ་མཁན་པོའི་མིང་གི་མགོར་ HH, HE ༸ འདི་འདྲ་རྩ་བ་ཉིད་ནས་འབྲི་རུང་ཟེར།
    HH, HE ༸ འདི་འདྲ་འབྲི་བ་ལ་ཡེ་ཤུའིཆོས་དཔོན་དང་བོད་པའི་སྤྲུ་སྐུ་གང་རུང་ཡིན་དགོས་ནི་རེད།

  11. མེ་ཏོག་དཀར་པོ། says:
    2010-07-30 at 11:54 am

    ཟླ་མེད་ལགས། མི་སྲས་ཀྱིས་གཅིག་བྲིས་འདུག་པ་དེས་ང་ལ་ལས་ཀ་ཉུང་དུ་བཏང་སོང་། དེ་ལ་མི་ཚོགས་མང་པོ་གཅིག་པུ་མིན་པར་བླ་མ་དམ་པ་བཞུགས་ནས་དངོས་གྲུབ་བརྙེས་ས་ལའང་དེ་ལྟར་བཤད་ཆོག་སྟེ། དཔེར་ན་མི་ལའི་རྣམ་ཐར་ནང་བླ་མའི་གདན་ས་ཞེས་མང་དུ་འབྱུང་བ་བཞིན་ནོ། །

    བཀྲ་ཤིས་ལགས། H H དང་ HE གཉིས་ག་རེ་ཡིན་རུང་འདྲ། སྤྲུལ་སྐུ་ལ་དགག་པ་རྒྱབ་མཁན་ཡིན་ཞེས་དཔའ་གཏམ་སྒྲོག་གིན་འདུག་སྟེ། སྤྱི་ལྡོག་གི་ཆ་ནས་སྤྲུལ་སྐུ་ལ་དགག་པ་རྒྱབ་ཟེར་ན་ཁྱེད་ཐེག་ཆེན་ནང་པ་ཞིག་ཡིན་ན་ཤཀྱ་ཐུབ་པ། པདྨ་འབྱུང་གནས་སོགས་ལའང་དགག་པ་རྒྱབ་པ་རེད། ད་དེ་འདྲ་མིན་དེང་སང་གི་ཕ་བླ་མ། བུ་སྤྲུལ་སྐུ་དང་། མ་ཁ་མཁས། བུ་སྤྲུལ་སྐྲུ་དེ་ཚོ་ལ་ཟེར་ན་ཡང་སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས་ཟློས་གར་ལ་སུ་ཡིས་འགོག་ནུས།

    སྤྲུལ་སྐུའི་མིང་འཆང་ནས་མི་ཆོས་ལས་ཀྱང་འགལ་བའི་བྱ་སྤྱོད་སྤེལ་བ་དང་། བྱ་ངན་སྤེལ་སླད་ཆེད་དུ་སྤྲུལ་སྐུའི་མིང་འཆང་རྣམས་ལ་ནི་རྣམ་པ་ཀུན་ཏུ་དགག་པར་བྱའོ།།

  12. མེ་ཏོག་དཀར་པོ། says:
    2010-07-30 at 12:00 pm

    བཀྲ་ཤིས་ལགས། ཁྱེད་ཀྱིས་ HH and HE ཀྱི་སྐོར་ལ་རྟིང་ཚིག་འདྲ་ཞིག་འདུག་སྟེ། འདི་ནི་བོད་སྐད་ནང་ནའང་མི་བདེ་བ་ཞིག་ཡོད་པ་དངོས་ཡོད་ཡིན་ཏེ། དཔེར་ན་སྐྱབས་རྗེ་སངས་རྒྱས་ཤཱཀྱ་ཐུབ་པ། སྐྱབས་མགོན་པདྨ་སམ་བྷ་ཝ། ཞེས་བརྗོད་པ་མི་བདེ་ཞིང་། པ་ལགས། ཨ་མ་ལགས་ཞེས་བདེ་ཡང་། རྒྱལ་བ་རིན་པོ་ཆེ་ལགས། ས་སྐྱ་པཎ་ཊི་ཏ་ལགས་ཞེས་བརྗོད་མི་བདེ།

  13. མེ་ཏོག་དཀར་པོ། says:
    2010-07-30 at 12:04 pm

    དེ་ནས་བཀྲ་ཤིས་ལགས། རྣམ་གྲོལ་གླིང་ནས་༧སྐྱབས་མགོན་རིན་པོ་ཆེ་མཛད་སྒོར་གདན་ཞུས་པ་མིན་པར། ཕེབས་ཞོར་དང་སྟབས་བསྟུན་ནས་རེད་འདུག
    དེ་ཙམ་མོ། །

  14. བཀྲ་ཤིས། says:
    2010-07-31 at 4:44 am

    དེ་ཡང་ཡག་གི

  15. བཀྲ་ཤིས། says:
    2010-07-31 at 5:07 am

    མེ་ཏོགས་དཀར་པོ་ལགས། HH and HE ཟེར་བ་འདི་བོད་པའི་སྤྲུལ་སྐུ་ཚོ་སྐྱབས་བཅོལ་ལ་སོང་སྟེ་ཡེ་ཤུའི་ཆོས་པ་ཚོས་གསོལ་རས་ལ་བསྩལ་བ་རེད་ཟེར། ཐ་སྙད་འདི་ནི་བོད་པའི་སྤྲུལ་སྐུ་མི་ཆོས་བླ་མའི་རྫུན་འཁོར་ལོ་སྐོར་མཁན་ཞིག་མ་གཏོགས་བེད་སྤྱོད་མི་ཆོག་པ་སྐྱབས་བཅོལ་གཞུང་གི་གཏན་ལ་ཕབ་པ་རེད་ཟེར། དེས་ན་ནཱ་ལེན་དྲའི་མཁན་རབས་རྣམས་དང་། དགའ་ལྡན་ཁྲི་པ་རིམ་བྱོན། མདོར་ན་ཤཱཀྱ་ཐུབ་པ་དང་། ཟ་ཧོར་མཁན་པོ་པད་འབྱུང་གཙོས་པའི་འཕགས་བོད་ཁྱི་བསྟན་པའི་མངའ་བདག་ཆེན་པོ་མཁན་པོ། དགེ་བཤེས་རྣམས་ལ་མིང་འདི་གཏན་ནས་བཏགས་མི་རུ་ཟེར། ཅིའི་ཕྱིར་ཞེ་ན་ཁོང་ཅག་ནང་པ་ཡིན་ཕྱིར་དང་། སངས་རྒྱས་ཆོས་ལུགས་ནས་བཤད་པའི་བླ་མ་ཡིན་པའི་ཕྱིར་དང་།
    མི་ཆོས་བླ་མ་བཤད་དེ་བླ་མར་ཆགས་མ་ཡིན་པའི་ཕྱི་རོ།

  16. བཀྲ་ཤིས། says:
    2010-07-31 at 9:49 pm

    http://www.khabdha.org/?p=7795

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme