Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུས་པ་དང་ཀུན་སྤྱོད་མཉམ་སྐྱེད།

Posted on 2022-10-082022-10-09 By ཁ་བརྡ 4 Comments on ནུས་པ་དང་ཀུན་སྤྱོད་མཉམ་སྐྱེད།

པདྨ་འབུམ།

ན་ནིང་དབྱར་ཀའི་ཕྱི་དྲོ་ཞིག་ལ།  ངའི་ར་སྐོར་གྱི་ནང་གི་རྩྭ་འབྲེག་རན་ནས་ཡུན་ཙམ་འགོར་ཡོད།    ཡིན་ན་ཡང་རྩྭ་འབྲེག་འཕྲུལ་འཁོར་མེ་ཁ་སྦར་ཐུབ་ཀྱི་མི་འདུག  དེ་ཞིག་གསོ་ཁང་ལ་བསྐྱལ་ན་ཉིན་ཤས་འགོར་འགྲོ་ལ།  ར་སྐོར་ནང་གི་རྩྭ་མགོ་མཐོ་ནས་སྒུག་དཀའ་བར་འདུག

ངས་རུ་ཁ་ཁྱིམ་མཚེས་ཀྱི་འཕྲིན་ཚོམ་གྱི་ནང་དུ་འཕྲིན་ཐུང་ཞིག་བཏང་ནས།  གླ་ཡོན་སྒོར་མོ་ཅུང་ཙམ་སྤྲད་ན་ངའི་ར་སྐོར་གྱི་རྩྭ་འབྲེག་མི་ཡོད་མེད་རྩད་གཅོད་བྱས་པ་ཡིན།  དགུན་ཁ་ཁ་བ་བབས་སྐབས།  རང་གིས་ཁ་བ་འཕྱག་མི་ཐུབ་ན།  རུ་ཁ་ཁྱིམ་མཚེས་ཀྱི་འཕྲིན་ཚོམ་ལ་བརྡ་སྤྲོད་བྱས་ན།  འབྲིང་རིམ་དང་མཐོ་འབྲིང་གི་སློབ་མ་འགའ་རེས་ཁ་བ་ཕྱགས་ནས་སྒོར་འགའ་རེ་བཙལ།  ཡིན་ན་ཡང་རྩྭ་འབྲེག་མི་ཡོད་མེད་ངས་ད་བར་དུ་མ་ཤེས། 

འཕྲིན་ཚོམ་གྱི་ནང་དུ་ལན་ཞིག་མགྱོགས་པོར་སླེབས་སོང་།  “ངའི་བུ་མགྱོགས་པོར་ཡོང་ངེས་ཡིན།”ཞེས་ལན་ཐུང་ཞིག་བརྒྱབ་འདུག  ལན་རྒྱག་མཁན་ངས་མི་ཤེས།

ངོ་མས་མགྱོགས་པོར་སླེབས་སོང་།  ངའི་ར་སྐོར་གྱི་ནང་དུ་རྩྭ་འབྲེག་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་སོང་།  ངས་སྒེའུ་ཁུང་ནས་ཕྱི་ལོགས་ལ་བལྟས་པ་ཡིན།  བུ་ཆུང་ལོ་བཅུ་བཞི་བཅོ་ལྔ་ཙམ་ཞིག་གིས་རྩྭ་འབྲེག་བཞིན་འདུག  ཅུང་ཙམ་འགོར་ནས་ངས་ཡང་སྒེའུ་ཁུང་ནས་བལྟས་པ་ཡིན།  ཉིན་དེར་གནམ་གཤིས་ཧ་ཅང་ཚ།  བུ་ཆུང་དེའི་གདོང་རྔུལ་ཆུས་བརླན་ཡོད་པ་ཧ་ཅང་གསལ།  ངས “སྙིང་རྗེ།  ཁོ་ལ་སྒོར་མོ་འགའ་རེ་དགོས་པ་རེད་མ་གཏོགས།  དེ་རིང་ལས་ཀ་འདི་འདྲ་བྱེད་པའི་ཉིན་མོ་མ་རེད།”སྙམ།

ཅུང་ཙམ་འགོར་ནས།  རྩྭ་འབྲེག་འཕྲུལ་འཁོར་གྱི་ལྡིར་སྒྲའི་ནང་དུ་ཡང་ལྡིར་སྒྲ་དེ་ལས་ཆུང་བ་ཞིག་གྲགས་ཡོང་།  ངས་ཡང་སྒེའུ་ཁུང་ནས་ཕྱི་ལོགས་ལ་བལྟས་པ་ཡིན།  ངའི་ར་སྐོར་གྱི་མདུན་དུ་BMWརྟགས་ཅན་གྱི་རླངས་འཁོར་ཞིག་བཞག་ཡོད་པ་དང་།  སྟོད་གོས་ཕུད་ཀྱང་ཚིལ་ལེན་དང་ལྷམ།  དོར་མ་བཅས་ཧ་ཅང་སྤུས་དག་གོན་པའི་ཁྱོ་ག་ཞིག་གིས་decker trimmer ཞིག་བཟུང་ནས་ར་སྐོར་གྱི་མཐའ་དང་ཟུར་ཁུག་གི་རྩྭ་འབྲེག་འཕྲུལ་འཁོར་གྱིས་འབྲེག་མི་ཐུབ་པའི་རྩྭ་འབྲེག་བཞིན་འདུག  ཕར་བལྟས་ན་ཁོ་ལས་ཁུངས་གྲོལ་མ་ཐག་ཁོའི་བུ་ལ་རོགས་པ་བྱེད་དུ་ཡོང་བ་འདྲ།  ཁོའི་ཆ་བྱད་ལ་བལྟས་ན་ཁོའི་བུ་ཡིས་རྩྭ་བྲེག་ནས་གླ་འཚོལ་དགོས་པའི་ཚོད་མ་རེད།  གཅིག་བྱས་ན་རང་གི་བུ་ལ་རང་ཁ་རང་གསོ་ཡི་ནུས་པ་རེ་སློབ་ཏུ་འཇུག་པ་ཡིན་ནམ།

བུ་དེས་རྩྭ་བྲེག་ཚར་གྲབས་འདུག  ངས་ཁོའི་ལས་ཡོན་དེ་ཡིག་སྐོགས་ཤིག་གི་ནང་དུ་བཅུག་ནས་སྤྲད་པ་ཡིན། 

ཕ་བུ་དེ་གཉིས་སོང་ནས་ཡུན་ཙམ་འགོར་རྗེས།  ངའི་ཁང་པའི་སྒོ་དྲིལ་གྲགས་སོང་།  ང་སྒོ་ཁར་སོང་བ་ན་བུ་དེའི་ཕ་སྒོ་ཁ་ན་ལངས་འདུག  ངས་སྒོ་ཕྱེ་བ་ན་ཁོས་ཡིག་སྐོགས་ཤིག་ང་ལ་བསྲིངས་སོང་།  དེ་ནི་ངས་ཁོའི་བུ་ལ་ལས་ཡོན་བཅུག་ནས་སྤྲད་པའི་ཡིག་སྐོགས་དེ་རེད། 

“གླ་ཉུང་དྲགས་འདུག་གམ།”ངས་ཁོ་ལ་དེ་ལྟར་དྲིས།

“མང་དྲགས་འདུག ཁྱེད་ཀྱི་ར་སྐོར་དེ་འདྲའི་ཆེན་པོ་མ་རེད།”ཁོས་དེ་ལྟར་ཟེར།  ངས་ཡིག་སྐོགས་བླངས་པ་ན་ཁོ་ཕྱིན་སོང་།

ནང་དུ་ཡོང་ནས་ངས་ཡིག་སྐོགས་ཁ་ཕྱེ་བ་ན།  ངས་ཕར་སྤྲད་པའི་ལས་ཡོན་གྱི་ཕྱེད་ཀ་ཕྱིར་སློག་འདུག

ཕ་དེས་རང་གི་བུ་ལ་རང་ཁ་རང་གསོ་ཡི་ནུས་པ་སྦྱོང་དུ་འཇུག་པ་དང་མཉམ་དུ་དྲང་མོ་དྲང་བཞག་གི་ཀུན་སྤྱོད་ཀྱང་སྦྱོང་དུ་འཇུག་གི་ཡོད་པ་འདྲ།

སྣ་ཚོགས།

Post navigation

Previous Post: འཕན་ཡུལ་བཀའ་གདམས་པའི་གནས་ཆེན་ཁག་ཏུ་བསྐྱོད་པའི་དྲན་ཐོ། ༼སྨད་ཆ།༽
Next Post: སྐྱེས་པ་འགའི་སྣང་ཚུལ།

Comments (4) on “ནུས་པ་དང་ཀུན་སྤྱོད་མཉམ་སྐྱེད།”

  1. ཅོག་རོང་བ། says:
    2022-10-09 at 2:19 pm

    ལེགས།

  2. ཨརྱ་ལགས་ says:
    2022-10-13 at 12:53 am

    འབྱུང་འགྱུར་མི་རབས་ཀྱི་ཐད་ལ་རེ་བ་མེད་པའི་བསམ་བློ་གཏོང་མཁན་མང་དྲག་འདུག

  3. གོང་ཐུབ། says:
    2022-10-16 at 7:58 am

    ལེགས།

  4. རྐ་སྲས། says:
    2022-10-19 at 10:01 pm

    འདི་ཕྱི་གླིང་པས་མྱི་སྐྱོང་སྟངས་རེད། “ངས་ཨ་ཕའི་ལག་ནས་སྒོར་མོ་འགའ་གཡར་ཡོད་” ཅེས་པའི་སྐད་ཆ་དེ་དང་པོ་བློ་ཡུལ་ལ་མི་ཤོང་གྲབས་འདྲ་བྱེད་ཀྱི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme