Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་རིམ་ལ་དཔྱད་པའི་གཏམ།

Posted on 2022-09-26 By ཁ་བརྡ No Comments on སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་རིམ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

ཉེ་ལམ་ཚོགས་ཟིན་པའི་སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ལས་རིམ་ཆ་ཚང་ལ་ཉན་བལྟ་བྱས་ནས་ང་ལ་གོ་རྟོགས་དང་མཐོང་ཚུལ་གང་བྱུང་བ་དེ་འདིར་མང་གཙོ་༼ Democracy ༽དང་ཁྲིམས་ཀྱི་དབང་བསྒྱུར་༼ Rule of Law ༽ལ་འགན་འཁུར་ནས་གསལ་བཤད་བྱ་འདོད་བྱུང།མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་༼ Rule of Law ༽ནང་ཁྲིམས་སྒྲིག་ལ་འགན་འཁུར་ནས་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ཁྲིམས་སྒྲིག་གི་ལམ་སྟོན་འོག་ནས་འགྲོ་དགོས་པ་དང་ཁྲིམས་སྒྲིག་ལ་འགན་འཁུར་མ་ཐུབ་པའི་ཉི་མ་དེ་ནས་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དེ་དོན་དངོས་ལག་ལེན་དུ་ཉིན་སྐར་ཙམ་ལས་མ་མཐོང།གྲོས་ཚོགས་ཀྱི་འཐུས་མི་ཚོའི་ལས་རིམ་རྣམ་བཞག་༼ Point of Order ༽ལ་སྒོ་སྐབས་བླངས་ནས་རང་གི་བསམ་ཚུལ་གླེང་རྒྱུ་དེ་གྲོས་ཚོགས་འཐུས་མིའི་སྤུས་ཚད་མི་མང་གི་མདུན་གསལ་སྟོན་བྱེད་བཞིན་པ་ནི་འབྲོང་བསད་ནས་རྔ་མ་འཕྱར་ཟེར་བའི་གཏམ་དཔེ་དེ་མ་རེད་དམ།ལས་རིམ་འགྲོ་བཞིན་པ་དང་འབྲེལ་བ་མེད་པའི་གནས་དོན་གཞན་འཐུས་མི་ཞིག་ནས་གསུང་གི་ཡོད་ན་ཚོགས་གཙོའི་མ་བཀག་པའམ་ཡང་ན་མ་གཟིགས་ནས་འཐུས་མི་དེའི་མུ་འཐུད་ནས་གསུང་གི་ཡོད་ན་འཐུས་མི་སུ་རུང་ནས་ལས་རིམ་རྣམ་བཞག་༼ Point of Order ༽འདོན་ཆོག་པ་དང་།འཐུས་མི་གང་ཞིག་ནས་ལག་པ་ཡར་ཀྱག་ནས་ལས་རིམ་རྣམ་བཞག་གསུང་སྐབས་ཚོགས་གཙོའི་སྐད་ཆ་བཤོད་བཞིན་པའི་འཐུས་མི་དེ་བཀག་ནས་ལས་རིམ་རྣམ་བཞག་འདོན་མཁན་གྱི་འཐུས་མི་དེ་ལ་ལས་རིམ་རྣམ་བཞག་ག་རེ་ཡིན་དྲི་དགོས་པ་དང་འཐུས་མི་དེའི་རང་གི་ལས་རིམ་རྣམ་བཞག་གང་ཡིན་གསུང་དགོས་པ་དང་

ཚོགས་གཙོའི་ལས་རིམས་རྣམ་བཞག་ཚད་ལྡན་ཡིན་མིན་གཟིགས་དགོས་པ་ལས་འཐུས་མི་དེའི་ལས་རིམ་རྣམ་བཞག་ལ་འགན་འཁུར་ནས་རང་གི་བསམ་ཚུལ་མུ་འཐུད་ནས་གླེང་རྒྱུ་དེ་ལས་རིམ་རྣམ་བཞག་མིན་པ་ནས་གྲོས་ཚོགས་ཀྱི་ལས་རིམ་ཆུད་ཟོས་བཏང་བ་མ་ཟད་ཚོགས་གཙོ་ནས་བཏང་འཛིན་མ་གནང་བར་འཐུས་མི་ནས་གང་བསམ་བཤོད་རྒྱུ་དེ་དག་སྤྱི་འཐུས་གྲོས་ཚོགས་ཀྱི་ཆེ་མཐོང་དང་བཟང་སྤྱོད་སོགས་ལའང་དོ་ཕོག་དང་ཉམས་ཆགས་འགྲོ་སྲིད་པ་བཅས་ལས་རིམ་རྣམ་བཞག་༼ Point of Order ༽གི་འགྲོ་སྟངས་འདི་དག་ཡིན་པ་འཐུས་མི་ཚོའི་གསལ་པོ་མཁྱེན་པ་གནང་ནས་མ་འོངས་ང་ཚོའི་གྲོས་ཚོགས་དེ་རྫོགས་རྒྱུ་མེད་པའི་ལས་རིམ་རྣམ་བཞག་ལ་དུས་ཚོད་བཏང་ནས་གཞུང་གྲོན་འཕར་མ་འགྲོ་མ་དགོས་པའི་གཙོ་འདོན་འཐུས་མི་ཚོའི་གནང་དགོས་པའི་འབོད་བསྐུལ་ཡང་ཞུ་འདོད་བྱུང་ལ་ལས་རིམ་རྣམ་བཞག་ལ་ཁ་གཡར་ནས་འཐུས་མི་ནང་ཁུལ་ཟུར་ཟའི་རྣམ་འགྱུར་དང་ཚིག་ངན་བེད་སྤྱོད་སོགས་སྤྱི་འཐུས་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་དང་མ་མཐུན་པའི་གཏམ་བརྗོད་གྲོས་ཚོགས་ནང་གླེང་རྒྱུ་དེ་ནི་འཐུས་མི་སྒེར་གྱི་ཀུན་སྤྱོད་འོས་འཕེན་མི་མང་མདུན་གསལ་སྟོན་ཐུབ་པ་ཙམ་ལས་སྤྱི་སེམས་དང་ལྷག་བསམ་གྱི་འགན་འཁུར་ཞིག་ལ་དུས་ནམ་ཡང་ངོས་འཛིན་ཞུ་མི་ཐུབ་པ་དང་།གྲོས་ཚོགས་ཀྱི་ལས་རིམ་ནང་བཀོད་སྒྲིག་ཟིན་པའི་ཁྲིམས་བཟོའི་ལས་དོན་ཞིག་གི་ཐོག་བརྗོད་པ་དང་པོ་སྒྲུབ་ནས་ཕྱིར་འཐེན་བྱ་རྒྱུ་དེ་བཅའ་སྒྲིག་གང་གི་འོག་ཏུ་འགན་འཁུར་པ་ཡིན་དེ་ཡང་གསལ་པོ་ཤེས་མ་སོང་ལ་ས་གནས་གཞིས་ཆགས་ཁག་གི་ས་ཁང་དང་འབྲེལ་བའི་ཐོག་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་སྒྲིག་གཞི་བསྐྱར་བཅོས་གནང་བ་དེ་བཅའ་ཁྲིམས་དོན་ཚན་༨༢དང་བཅའ་ཁྲིམས་དོན་ཚན་༣༦བཅས་ཀྱི་འབྲུ་དོན་དང་ཕྱོགས་མཐུན་བྱུང་ཡོད་མེད་འཐེ་ཚོམ་ནང་ལྷག་མི་འདུག་གམ།བཅའ་ཁྲིམས་དོན་ཚན་གསུམ་པ་༼ཆབ་སྲིད་ཀྱི་རང་བཞིན་༽ཟེར་བའི་ནང་མང་གཙོ་མཉམ་འབྲེལ་༼ Federation ༽ཟེར་བའི་ཐ་སྙད་འདི་འོག་ཏུ་འགན་འཁུར་ནས་དབུས་དང་ས་གནས་གཉིས་འགན་དབང་ཆ་བགོས་༼ Decentralization ༽བྱས་ནས་བཅའ་ཁྲིམས་ལེའུ་བདུན་པ་བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས།བཅའ་ཁྲིམས་དོན་ཚན་དོན་བརྒྱད།ས་གནས་འཐུས་མིའི་ཚོགས་འདུ།བཅའ་ཁྲིམས་དོན་ཚན་༨༢ས་གནས་འཐུས་མིའི་དབང་ཚད་ཅེས་པའི་ནང།ས་གནས་ཀྱིས་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་འགོད་དང་གཏན་འབེབས་བྱ་རྒྱུའི་འགན་དབང་ཡོངས་རྫོགས་ས་གནས་འཐུས་མིའི་ཚོགས་འདུར་ཡོད།འོན་ཀྱང་མཐའ་མའི་གཏན་འབེབས་མ་བྱས་གོང་ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ལ་གོ་བསྡུར་བྱེད་དགོས་ཅེས་གསལ་བ་ནས་ས་གནས་ཀྱི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་རྒྱུ་དང་གཏན་འབེབས་བྱ་རྒྱུའི་འགན་དབང་ས་གནས་འཐུས་མིའི་ཚོགས་འདུར་ཡོད་པ་བཅའ་ཁྲིམས་དོན་ཚན་༨༢ནས་ངོ་སྤྲོད་གནང་འདུག་ལ།བཅའ་ཁྲིམས་དོན་ཚན་༣༦ཁྲིམས་བཟོའི་དབང་ཆ།ཁྲིམས་ལུགས་བཟོ་འགོད་དང་གཏན་འབེབས་བྱ་རྒྱུའི་འགན་དབང་ཡོངས་རྫོགས་ཁྲིམས་བཟོ་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་།ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་གིས་ཆོག་མཆན་དང་མིང་རྟགས་འགོད་དགོས།ཅེས་གསལ་བ་ནས་སྤྱི་འཐུས་གྲོས་ཚོགས་ཀྱི་འགན་དབང་དེ་ཁྲིམས་ལུགས་བཟོ་འགོད་དང་གཏན་འབེབས་བྱ་རྒྱུ་ཡིན་པ་བཅའ་ཁྲིམས་དོན་ཚན་༣༦ནས་ངོ་སྤྲོད་གནང་འདུག་ན་ད་ལམ་ས་གནས་གཞིས་ཆགས་ཁག་གི་ས་ཁང་དང་འབྲེལ་བའི་སྒྲིག་གཞི་ཁྲིམས་བཟོོ་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་སམ་བསྐྱར་བཅོས་གནང་བ་དེ་གོང་གི་བཅའ་ཁྲིམས་དོན་ཚན་༨༢དང་དོན་ཚན་༣༦གི་འབྲུ་དོན་དང་ཕྱོགས་མཐུན་བྱུང་ཡོད་མེད་དེ་ཡང་འཐེ་ཚོམ་ཆེན་པོའི་ནང་ལྷག་པ་ནི་ས་ཁང་གི་སྒྲིག་གཞི་༼ Rule and Regulations ༽ཡིན་ན་ས་གནས་སོ་སོའི་འཐུས་མིའི་ཚོགས་འདུ་ནས་བཅའ་ཁྲིམས་དོན་ཚན་༨༢འོག་འགན་འཁུར་ནས་བཟོ་དགོས་པ་དང་གལ་སྲིད་ས་ཁང་གི་སྒྲིག་གཞི་མིན་པ་ས་ཁང་གི་ཁྲིམས་ཡིག་༼ Law ༽ཡིན་ན་ས་ཁང་གི་སྒྲིག་གཞི་ཟེར་བའི་ཐ་སྙད་དེ་ས་ཁང་གི་ཁྲིམས་ཡིག་ལ་བཟོ་བཅོས་དགོས་པ་ནི་གྲོས་ཚོགས་ཀྱི་ཡིག་ཆ་ག་འདྲ་ཞིག་ཡིན་ཀྱང་མང་གཙོའི་ལྟ་གྲུབ་དང་མཐུན་པ།ཁྲིམས་ལུགས་ཁག་དང་མ་འགལ་བ།ཡ་རབས་བཟང་སྤྱོད་དང་ཁ་མ་བྲལ་བའི་ཐོག་ནས་གྲོས་ཚོགས་ཀྱི་ལས་རིམ་ལ་ཆ་ཤས་བཞེས་དགོས་པ་དེ་གྲོས་ཚོགས་འཐུས་མིའི་འགན་དབང་ཡིན་པའི་ངོ་སྤྲོད་བྱ་འདོད་བྱུང་ལ་ས་གནས་གཞིས་ཆགས་ཁག་གི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་ཁག་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཟོ་གི་ཡོད་ན་གོང་གི་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་གསལ་བའི་མང་གཙོ་མཉམ་འབྲེལ་ཟེར་བའི་ཐ་སྙད་༼ Federation ༽དེ་མང་གཙོ་གཅིག་སྒྲིལ་ཟེར་བའི་ཐ་སྙད་༼ Unitary ༽ལ་ཁ་ཕྱོོགས་དགོས་པ་ནི་མང་གཙོའི་རིག་པའི་གཞུང་ལུགས་སམ་མང་གཙོའི་ལྟ་གྲུབ་༼ Theory of Democracy ༽དངམཐུན་པ་ཞིག་དགོས་པ་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ལས་རིམ་ཁག་བཅའ་ཁྲིམས་རིན་པོ་ཆེའི་ལམ་སྟོན་འོག་འགྲོ་ཐུབ་པའི་ཀུན་སློང་བཟང་པོའི་སྨོན་པ་བཅས་རེ་ཞིག་འདིར་འཇུག་བསྡུས་སོ།།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༢/༠༩/༢༣ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post: འཕན་ཡུལ་བཀའ་གདམས་པའི་གནས་ཆེན་ཁག་ཏུ་བསྐྱོད་པའི་དྲན་ཐོ། ༼བར་ཆ།༽
Next Post: ཞིབ་འཇུག་གི་ཐབས་རྩལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme