Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་གྱིས་དོན་ངོ་མར་བོད་དོན་བདེན་མཐའ་སེལ་ཐུབ་བམ་མི་ཐུབ་གསལ་བོར་བྱེད་པའི་གྲོས་འཆར་ཞིག་བོད་པའི་མཐོ་རིམ་མི་སྣ་ཚོར་སྤྱན་བསྟར་དུ་ཕུལ་བའོ།།

Posted on 2022-09-16 By ཁ་བརྡ 1 Comment on དབུ་མའི་ལམ་གྱིས་དོན་ངོ་མར་བོད་དོན་བདེན་མཐའ་སེལ་ཐུབ་བམ་མི་ཐུབ་གསལ་བོར་བྱེད་པའི་གྲོས་འཆར་ཞིག་བོད་པའི་མཐོ་རིམ་མི་སྣ་ཚོར་སྤྱན་བསྟར་དུ་ཕུལ་བའོ།།

-གྲོལ་ཧེ་རུ་ཀཿ

གཅིག   ད་ལྟའི་རྒྱ་ནག་གི་ཁྱོན་ཡངས་ཀྱི་གནས་སྟངས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་ཤུགས་ཚད། བོད་པ་རང་གི་ནུས་ཚད་བཅས་ལ་བལྟས་ན། དབུ་མ་དང་རང་བཙན་གང་གིས་ཀྱིས་ཀྱང་བོད་དོན་བདེན་མཐའ་སེལ་ཐུབ་པའི་རེ་བ་ནི་བརྒྱ་ཆའི་བཅོ་ལྔ་ཉི་ཤུ་ཙམ་རེད། རང་བཙན་བཅོ་ལྔ་དང་དབུ་མ་ཉི་ཤུ་ཙམ་རེད། ང་ཚོས་ཕར་བལྟས་ཚོད་ལ་རང་བཙན་ཧ་ཅང་ཁག་པོ་དང་དབུ་མ་ཅུང་ལས་སླ་བོར་མཐོང་སྲིད་མོད། དེ་ནི་རང་བཙན་བློ་གཏོང་བྱས་ཡོད་སྙམས་པའི་བོད་པ་རང་གི་བསམ་ཤེས་ཀྱིས་ལྟ་སྟངས་ཤིག་རེད་མ་གཏོགས། རྒྱ་གཞུང་གིས་དེ་ལ་ཁྱད་པར་ཆེན་པོ་བཀར་མི་སྲིད། རྒྱ་གཞུང་གིས་རང་ཉིད་ཨུ་ཐུག་ཐབས་ཟད་བྱུང་ན་མ་གཏོགས་དབུ་རང་གཉིས་གང་ཡང་སྤྲད་འདོད་མེད་པ་གསལ་བོ་རེད། འོན་ཀྱང་དབུ་མ་རྩོད་མཁན་རྣམས་ཀྱིས་དབུ་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་པར་ཡིད་ཆེས་བྱེད་གི་ཡོད་རེད། ཡིད་ཆེས་དེའི་ངང་ནས་ལོ་ངོ་ལྔ་བཅུ་མ་ཟིན་ཙམ་ཡང་འགྲོ་ཚར་རེད། ཆབ་སྲིད་འཐབ་རྩོད་ཅིག་ལ་མཚོན་ན། རེ་བ་ལ་མཐའ་མེད་ན་ཆོག་ཀྱང་དུས་ཚོད་ལ་ངེས་པར་དུ་མཐའ་ཡོད་དགོས་རེད། དེ་བས་བདག་གིས་དོན་ངོ་མར་དབུ་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་བམ་མི་ཐུབ་གསལ་བོར་བྱེད་པའི་གྲོས་འཆར་ཞིག་བཏོན་ནས་བོད་པའི་མཐོ་རིམ་མི་སྣ་གཙོས་བོད་འབངས་ཡོངས་ལ་སྤྱན་བསྟར་དུ་འབུལ་བསམ་པ་ཡིན་ནོ།།

གཉིས།   ཉེ་ཆར་སྲིད་སྐྱོང་གིས་འཛམ་གླིང་རྒྱལ་སྤྱིའི་སྒང་། ལོ་རྒྱུས་ཐོག་བོད་འདི་ནམ་ཡང་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མི་འདུག་ཅེས་གསུང་བ་རེད། ཚིག་འདི་གསུང་བས་གསུང་མཁན་ཁོང་ལ་རེ་བ་གསར་རྙིང་གཉིས་འགོ་རྩོམ་ཐུབ་པའི་རྟེན་འབྲེལ་ཡོད་པར་བདག་གིས་སེམས་བཞིན་མཆིས། གོང་གི་ཚིག་འདིས་ཡིན་པ་ནི་དབུ་མའི་ལམ་ལ་ངར་ལྡུད་པ་ཡིན་མོད། ཞོར་དུ་རང་བཙན་རྩོད་པར་ལམ་ཁའང་ཕྱེས་ཡོད་པ་རེད། འོན་ཀྱང་ད་ལྟའི་རང་བཙན་རྩོད་མཁན་ཡིན་ཟེར་མཁན་ཚོའི་བསམ་བློ་ཁུར་སྟངས་ལ་བལྟས་ན། རང་བཙན་ལེན་རྒྱུ་ཟེར་ན་ཉིན་མོའི་སྐར་མ་རེད། ཁོང་ཚོར་རང་བཙན་བརྩད་པའི་གྲུབ་འབྲས་ལ་རེ་བ་དང་ཡིད་ཆེས་མི་འདུག ཆེས་མ་མཐའ་ཡང་དབུ་མ་རྩོད་མཁན་ཚོར་དབུ་ལམ་ལ་རེ་བ་དང་ཡིད་ཆེས་ཡོད་པ་ནང་བཞིན་ཞིག་དགོས་ངེས་རེད། དེ་ཙམ་ཡང་མེད་ན་རང་བཙན་རང་བཙན་ཇི་ཙམ་ལབ་ཡང་ཁ་སྟོང་ནང་གི་ཚིག་སྟོང་ཙམ་རེད། དེ་བས་དང་པོ་རང་བཙན་ཕར་ལ་བཞག་ནས། དབུ་རང་གཉིས་ཀྱིས་མཉམ་དུ་དབུ་མའི་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་མིན་ལ་ལོ་ལྔ་ཡིས་དུས་ཚོད་ཅིག་སྤྲད་ནས་བལྟས་ན་ཧ་ཅང་བདེ་སྙམ་མོ།།

གསུམ།   དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད། ནང་དོན་ནི། བོད་རྒྱ་གཉིས་ལ་ཁེ་གྱོང་མཉམ་གནས་བྱེད་པའི་དཀྱུལ་ལམ་ཟེར་ནས་འགྲེལ་བཞིན་ཡོད་རེད། ད་ལྟའི་བཙན་བྱོལ་བོད་གཞུང་གིས་རྒྱ་གཞུང་ལ་བོད་དོན་འཐབ་རྩོད་བྱེད་པའི་ལམ་ཡིག་ཀྱང་རེད། གོང་ས་༧ཏཱ་ལའི་བླ་མ་ནི་ལམ་དེའི་སྲོལ་འབྱེད་པའམ་ལམ་དེར་ཐོག་མར་རེ་བ་རྒྱག་མཁན་ཁོང་རེད། དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་ནང་ནས་འགོ་བརྩམས་པ་རེད།  སྤྱིའི་ཆ་ནས་ལོ་དུས་དེ་ནི་འཛམ་གླིང་ཧྲིལ་བོས་ཁེ་གྱོང་མཉམ་བགོ་བྱེད་པའི་དུས་ཚོད་ཡག་ཤོས་ཤིག་ལ་ཁེལ་ཡོད་མོད། འོན་ཀྱང་རྒྱ་གཞུང་གིས་ད་ལྟའི་བར་དབུ་མའི་ལམ་གྱི་རྩ་བའི་དགོས་འདུན་ལ་རེ་བ་ཡོད་པའི་ལན་གང་ཡང་རྒྱབ་མེད། མ་ཟད་རེ་བ་མེད་པའི་བརྡ་ཤུགས་ཆེར་བསྟན་ཡོད། དེ་ལྟར་ལོ་ཡི་འཁོར་ལོ་བཅུ་ཕྲག་འགའ་འཁོར་རྗེས། གོང་ས་༧ཏཱ་ལའི་བླ་མ་ནི་དགུང་གྲངས་གྱ་སྟོད་ལ་སོན་པའི་བགྲེས་སོང་རྒན་པོ་ཞིག་ཏུ་གྱུར་བ་རེད་ལ་དབུ་མའི་ལམ་ཡང་བག་མར་མ་ཐོན་པའི་བུ་མོ་གོ་རྒས་མ་ཞིག་དང་འདྲ་བོ་ཆགས་པ་རེད། 

བཞི།   རྩ་བའི་ཆ་ནས་ད་ལྟའི་དབུ་མའི་ལམ་ལ་རེ་བ་བྱེད་མཁན་ཚོས་ཀྱང་དབུ་མའི་ལམ་ནི་འཆི་རྒྱུ་རྒས་རྒྱུ་མེད་པའི་ལྷ་མོ་དབྱངས་ཅན་མ་ལྟ་བུ་ནམ་ཡང་གཞོན་ཤ་དོད་སེ་ཡོད་པ་ཞིག་ལ་ངོས་བཟུང་ན་ནོར་བ་རེད། དབུ་མའི་ལམ་གྱི་དུས་ལའང་ཚེ་དང་ཚད་ཡོད་དགོས་ངེས། དུས་ལ་ཚད་མེད་ན་རང་རྒས་རོགས་རྒས་ཆགས་ནས་གྲུབ་འབྲས་ཐོན་པ་ཕར་ཟད་རང་མེད་རོགས་མེད་ཆགས་རྒྱུར་གཏན་ཁེལ་རེད། གྲུབ་འབྲས་མེད་པའི་ལས་ལ་ཨུ་ཚུགས་རྒྱག་པ་ནི་མ་གཞི་ནས་བྱེད་ཐབས་ཡག་པོ་མ་རེད། དེས་ན་འདིར་གང་བཤད་པར་བྱ་བ་ཡོད་ལབ་ན། གོང་ས་༧ཏཱ་ལས་བླ་མ་གཙོ་བྱས་མཐོ་རིམ་དཔོན་རིགས་ཡོངས་ཚང་འཛོམས་ཐོག་དབུ་མའི་ལམ་གྱི་ནུས་པའི་སྐོར་ལ་བསྐྱར་ཞིབ་ཅིག་དགོས་ངེས་རེད། བརྗོད་གཞི་དབུ་མའི་ལམ་གྱི་ཆེས་མཐའ་མའི་དུས་ཚོད་རྫོགས་མཚམས་དེ་གཏན་ཁེལ་དགོས་པ་འདི་རེད།  གལ་ཆེ་ཤོས་མཐའ་མའི་ས་མཚམས་ཆུ་མཚམས་གསལ་བོ་མ་བཟོས་ན། དབུ་མའི་ལམ་ནི་རེ་བ་རྐྱང་རྐྱང་བྱེད་སའི་ལྷའི་ཞིང་ཁམས་ལྟ་བུ་རེད། དངོས་ཡོད་ལ་ཕན་ཐོག་མེད་རེད། 

ལྔ།   བོད་གཞུང་ནས་དབུ་མའི་ལམ་ལ་མཐའ་མའི་དུས་ཚོད་ངེས་བཅད་བཟོ་དགོས། དཔེར་ན་དེ་རིང་ནས་བཟུང་ལོ་ལྔའི་རིང་གཏན་ཁེལ་བྱས་ཏེ། རྒྱ་གཞུང་གིས་དུས་བཅད་དེའི་ནང་ཚུད་དུ་དབུ་མའི་ལམ་གྱི་དགོས་འདུན་ལ་འགྲིག་མིན་གྱི་བརྡ་ལན་གསལ་བོ་ཞིག་མ་སྤྲད་ན། དུས་བཅད་རྫོགས་མཚམས་དེ་མ་ཐག་བོད་གཞུང་དམངས་གཉིས་ནས་དབུ་མའི་ལམ་རྩིས་མེད་བཏང་བ་ཡིན་པའི་གྲོས་ཆོད་སྤྱི་བསྒྲག་བྱེད་དགོས་རེད། དེ་ནས་བཟུང་བོད་གཞུང་གིས་ལམ་ཁ་གཞན་ཞིག་མི་འདམས་རང་འདམས་རེད་ཅེས་འཛམ་གླིང་རྒྱལ་སྤྱིའི་སྒང་ལ་ས་བསྒྲག་གནམ་བསྒྲག་བྱེད་དགོས་རེད། དེ་དེ་བཞིན་དུ་ལག་སྟར་ཡང་བྱེད་དགོས་ངེས་རེད། མ་གཏོགས་ཁྲེལ་གཞུང་མེད་པའི་རྒྱ་གཞུང་སྐྱག་ལང་ལ་ཤོར་ཏེ་དུས་ཚོད་མང་པོ་བརླག་འགྲོ། སྤྱིར་ན་བོད་གཞུང་གིས་དབུ་མའི་མལ་གྱིས་རྒྱ་གཞུང་ལ་དུས་ཚོད་རིང་ཙམ་སྤྲད་དེ་འབྲས་བུ་ཐུང་ཙམ་ལ་དམིགས་པ་ཡིན་མོད། རྒྱ་གཞུང་ལ་མཚོན་ན་དུས་ཚོར་ནར་འགྱང་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཏུ་འགྱུར་བཞིན་ཡོད།

དྲུག   དུས་བཅད་དེ་ལ་༧གོང་ས་མཆོག་གི་མོས་མཐུན་ཧ་ཅང་གལ་ཆེན་རེད། སྲིད་སྐྱོང་ནི་བོད་གཞུང་གི་དཔོན་རིགས་མཐོ་ཤོས་ཡིན་པས་ཁོང་གིས་ལས་འཆར་དེའི་འགོ་ཁྲིད་དེ་ཆབ་སྲིད་ལངས་ཕྱོགས་གསར་བ་དེ་༧གོང་ས་མཆོག་ལ་ཐོག་མར་སྙན་གསང་འབུལ་དགོས་རེད། ཁོང་ལ་དེ་འབུལ་ཐུབ་པའི་སྤོབས་པའང་ཡོད་དགོས་ངེས། ཆབ་སྲིད་ལངས་ཕྱོགས་གསར་བ་དེ་ནི་དབུ་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་མི་ཐུབ་གསལ་བོར་བྱེད་པའི་ལམ་གཅིག་པུ་དེ་རེད། སེལ་ཐུབ་ན་རབ་རེད། གལ་སྲིད་བོད་དོན་བདེན་མཐའ་སེལ་མ་ཐུབ་ནའང་དབུ་མའི་ལམ་ལ་རེ་བ་ཡོད་མེད་གསལ་བོ་ཆགས་པ་རེད། མུ་མཐུན་ནས་དབུ་མའི་ལམ་ལ་རེ་སྟོང་འཆང་ནས་འདུག་མ་དགོས་པ་རེད། བོད་ཕྱོགས་ལ་ཕན་ཐོགས་ཆེན་པོ་རེད། དབུ་མའི་ལམ་ཁ་གསལ་བོ་ཆགས་ན་གཉན་འཕྲེང་ཆེ་བའི་དུས་ཚོད་འཕྲོ་བརླག་ཏུ་གཏོང་མ་དགོས་པ་རེད། ཆབ་སྲིད་ལངས་ཕྱོགས་གསར་བ་གཞན་ཞིག་འགོ་བརྩམ་པར་སྟབས་བདེ་བཟོས་པ་རེད། ལམ་ཁ་གཞན་དེ་ནི་རེ་བ་ཡོད་ན་མེད་ན་རང་བཙན་མ་གཏོགས་འགྲོ་ས་མེད་རེད། 

བདུན།   རང་བཙན་བརྩད་པ་ནས་བཟུང་མགྱོགས་པོར་གྲུབ་འབྲས་ཐོན་ཁག་པོ་རེད། ཅིག་བྱས་ན་ད་ཡོད་བོད་དོན་རྒྱབ་སྐྱོར་བའང་ཇེ་ཉུང་དུ་འགྲོ་སྲིད། མ་ཟད་ང་ཚོར་དཀའ་ངལ་ཆེན་པོ་དེ་འདྲའང་འཕྲད་སྲིད་པ་རེད། དེ་ནི་འགྲོ་སྟངས་ཤིག་རེད། ང་ཚོས་ཕྱོགས་ཡོངས་ནས་གདོང་་ལེན་ཆེན་པོ་བྱེད་པར་གྲ་སྒྲིག་ཨང་གསར་དགོས་ངེས། རང་བཙན་ནི་ང་ཚོའི་ཆེས་ཆེ་བའི་མངོན་འདོད་ཡིན་པས་དེའི་ཆེད་དུ་སྡུག་དཀའ་ལས་ཅི་ཞིག་འཕྲད་ཀྱང་ང་ཚོས་དང་ལེན་བྱེད་ཐུབ་ངེས་ཡིན། 

བརྒྱད།   རང་བཙན་བརྩད་པས་བཟང་ཕྱོགས་བཤད་ན། རང་བཙན་ཐོབ་ན་ཆེས་བླ་ན་མེད་པ་རེད། འོན་ཀྱང་སྐབས་ཐོག་རིང་མ་ཐོབ་ནའང་ཁ་ཕྱོགས་ནོར་མེད་རེད། མ་ཟད་བོད་པ་ནང་ཁུལ་གྱི་རྩོད་རྙོག་རྣམས་མེད་པར་ཆགས་ནས་བོད་འབངས་ཡོངས་ཁ་ཕྱོགས་གཅིག་ལ་རང་བཞིན་གྱིས་བསྒྲིལ་འགྲོ། རྒྱལ་སྤྱིའི་སྒང་གི་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་བསམ་ཤེས་བྱེད་པའི་གོ་སྐབས་ཡོད་པར་ཆགས་རེད། མ་གཞི་སྤྱིར་ན་ང་ཚོས་རང་བཙན་རྩོད་འོས་པ་རེད། རྒྱུ་མཚན་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། སྔོན་ཆད་ཡ་གླིང་དཀྱུལ་མའི་ནང་འགྲན་ཟླ་བྲལ་བའི་བཙན་རྒྱལ་གཅིག་པུ་དེ་ཡིན་པས་ཕྱིར་རོ།།

དགུ།   རང་བཙན་ཇི་ལྟར་རྩོད་པའི་ཐབས་ལམ་ནི་ང་མི་གཅིག་གིས་བཤད་ཐུབ་པ་ཞིག་མ་རེད། འོན་ཀྱང་ཤེས་དགོས་ངེས་ཤིག་ནི་ང་ཚོ་བཙན་བྱོལ་ནང་ཡུན་རིང་ལྷག་ངེས་པ་དང་། ལྷག་པའི་རིང་དེར་ཡང་ང་ཚོ་ཆེ་མཐོང་དང་གཟི་བརྗིད་ལྡན་པའི་ངང་གནས་ཐུབ་པར་བྱ་དགོས་པ་ནི་རྩ་བའི་ཆ་རྐྱེན་གཙོ་བོ་རེད། གཞན་རྣམས་མང་མང་གི་མཐུ་ལ་བརྟེན་ནས་ཡོང་དགོས་པ་ཞིག་ལ་བདག་གིས་འདོད་དོ།།

བཅུ།    རྩོམ་ཡིག་འདི། དབུ་མའི་ལམ་གྱི་གདུལ་བྱ་གཤའ་མ་ཞིག་གིས་བྲིས་པ་ཡིན་པས་ཀུན་སློང་ལྷད་མེད་དྭངས་གཙང་ཡིན། དབུ་མའི་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་ན་སྙམས་པའི་དབུ་མ་བ་ཞིག་གིས་བྲིས་པ་ཡིན་པས་བརྗོད་དོན་གཙང་མ་གཙང་རྐྱང་ཡིན། བདག་གིས་དོན་ངོ་མར་དབུ་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་བམ་མི་ཐུབ་གསལ་བོར་བྱེད་ཐུབ་པའི་གྲོས་འཆར་ཞིག་བོད་འབངས་ཡོངས་ལ་སྤྱན་བསྟར་དུ་ཕུལ་བ་དང་། དེ་བཞིན་དབུ་མའི་ལམ་གྱི་དུས་བཅད་གྲོས་འཆར་འདིས་རང་འགན་རང་ཐག་རང་གཅོད་ཡོང་བའི་སྨོན་འདུན་སྙིང་ནས་ཞུའོ།།

2022.9.15

བསམ་ཚུལ།

Post navigation

Previous Post: རྟགས་འཇུག་དཀའ་གནད་གསལ་མེའི་འགྲེལ་པ་ཁག་གསུམ་གྱི་འཁྲུལ་སེལ།
Next Post: མྱོང་ཚོར་གོ་བདེ་མ།

Comment (1) on “དབུ་མའི་ལམ་གྱིས་དོན་ངོ་མར་བོད་དོན་བདེན་མཐའ་སེལ་ཐུབ་བམ་མི་ཐུབ་གསལ་བོར་བྱེད་པའི་གྲོས་འཆར་ཞིག་བོད་པའི་མཐོ་རིམ་མི་སྣ་ཚོར་སྤྱན་བསྟར་དུ་ཕུལ་བའོ།།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2022-09-24 at 8:58 am

    དབུ་མའི་ལམ་གྱི་དགོས་འདུན་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་འཁོད་པའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་གི་དགོས་འདུན་སྟོན་ཡོད་ན་ང་ཚོའི་རྒྱ་མིའི་མཉམ་སྐད་ཆ་བཤད་ནས་དབུ་མའི་ལམ་གྱི་དགོས་འདུན་ཐོབ་དགོས་པ་ལས་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པའི་ཆ་རྐྱེན་དེ་རྒྱ་མིའི་ལག་ནས་ང་ཚོར་ཐོབ་དགོས་པ་ལས་རྒྱ་མིའི་རྩ་ཁྲིམས་ནང་འཁོད་པའི་ཐོབ་ཐངས་དེ་ཕྱིའི་རྒྱལ་ཁབ་སུ་གཅིག་གི་ང་ཚོར་སྤྲོད་ཐུབ་ཀྱི་མ་རེད་ལ་ང་ཚོ་དང་རྒྱ་མིའི་བར་སྐད་ཆ་བཤད་སྐབས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་བརྒྱུད་ནས་བོད་རྒྱའི་དཀའ་རྙོགས་སེལ་ཐུབ་དགོས་པ་མ་རེད་དམ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme