Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔྱིད་ཀྱི་དྲན་པ།

Posted on 2022-09-02 By ཁ་བརྡ No Comments on དཔྱིད་ཀྱི་དྲན་པ།

འཆི་མེད།

༡

ཡང་ཡང་བསྒྲུགས་ཤིང་ཡང་ཡང་གཏོར་པའི་བག་ཆགས་ཀྱི་ས་བོན།
ཅིས་ཀྱང་མིད་སྒོ་ནས་ལུས་དགོས་པའི་མཛེས་སྡུག་གི་ངག་རྒྱུན།
རྒྱང་རིང་ན་ཅི་ཡང་མེད་པའི་ངའི་རྒྱང་རིང་།
གནམ་མཐའི་ཕྱི་མིག་དེ་ང་ལ་ལྷག་སྲིད་དམ།
རྨི་ལམ་ལས་སད་རྗེས་ལམ་བུ་མི་རྙེད་པའི་སྡུག་བསྔལ།
དཔྱིད་ཀྱི་དྲན་པ་ཁོ་ནས་བསླངས།
རྒྱུས་མེད་ཡིན་ལ་རྒྱུས་ཡོད་ཡིན་པའི་དྲན་པའི་སྣེ་གཉིས།
ཇི་ལྟར་མཐུད་ཚུལ་སུས་ཀྱང་ཤོད་མ་ནུས།
དྲི་ལན་དེ་ཡང་རླུང་གིས་ཁྱེར།
ལྕགས་རི་དེ་དང་འཇིག་རྟེན་དེ།
ཕྱག་འཇུ་རེ་རེས་གྱེས་ཕྱག་འབུལ་ཐབས་མ་བྱུང་བ།
གང་དང་ཅི་ཡིས་ལན།
གནམ་ས་ཁ་འཕྲོད་དཀའ་པ།།
ཆར་བས་འབྲེལ་ལམ་འཇོག་གིས།།
སྙིང་གི་གའུར་བཅུག་པའི།།
ཆད་མདོ་མཆི་མས་བཀྲུས་སོང་།།

༢

སྨྲ་བ་འགགས་པའི་གནས་སྐབས་གང་རུང་ལ།
འཚང་ག་ཤིག་ཤིག་གི་ཐ་སྙད་དེ་དག་གིས།
ཁྱེད་ལ་ཡ་ཆུང་བསང་པའི་གཞས་ཤིག་གཏང་ཐབས་བྲལ།

ཇི་ལྟར་ཉེ་ན་དེ་ལྟར་བཀྱེད་དགོས་པའི་ཁ་སྟབས་དེས།
སྙིང་ཉེ་བའི་ངའི་ཡིག་ཆུང་རེ་རེ་མུན་པའི་གཏིང་ལ་དེད།
ཚེ་རབས་འདི་ཡི་བུ་ལོན་མ་ཡིན་པའི་བུ་ལོན་གང་ཞིག་གིས།
གས་ཆག་ཅིག་ལ་ལྷན་པ་ཡང་ཡང་གླན།

སེམས་ཀྱིས་བརྒྱུས་ཤིང་ཚིག་ལ་དྲུབས་པ་དེ།
གྲུ་ཤན་ཕར་འགྲོ་ཞིག་ལ་བསྐུར་བར་བྱ།

དྲན་པའི་རུས་པ་འཐོར་དུས།
ང་རང་ཁྱེད་ཀྱི་གྲིབ་མའི་ནང་ན་འཁྱམས།

འཁྱག་དར་གྱི་སྦུབས་ནས་བསྐལ་བར་ལུས་དགོས་པའི་རྡོ་བར།
རྡོ་བ་ལས་འཁྱག་པའི་རྡོ་བའི་སྙན་ངག་ཁོ་ན་ཡོད་པས་ཆོག

ཉག་གའི་ཕར་རྒྱབ་དེ་ན།།
ཨེ་ཡོད་ཡང་ཡང་དྲི་འོང་།།
མཆི་མའི་རྫོངས་པ་ཞིག་ལ།།
ཕྱི་མིག་ལན་གཅིག་ཡོད་རོགས།།

༣

གཏམ་རྒྱུད་དེ་ཡི་མཚོན་དོན་ཡིན་པའི་ཁ་བའི་ཁྲོད་ཀྱི་རྒྱ་སེ།
སྐྱི་བསེར་རླུང་གིས་ཁྱེར་ནས་རྒྱང་ལ་ཡལ།
ཚིག་ལ་མདུད་པ་ཅིའི་ཕྱིར་བཏབ་པ།
ཁྱེད་ཀྱིས་ང་ལ་མི་དྲི་རོགས།

གཅིག་དེ་རི་བོའི་རྩེ་ན།
གཅིག་དེ་མཚོ་མོའི་གཏིང་ན། 
ལམ་ལ་གོལ་ས་ཡིན་མིན།
སོ་སོའི་སེམས་ལ་བསྐྱོན་ཡོད།
འདི་ཕྱིའི་འདུན་པའི་རི་མོ།  
རང་རང་ལས་ཀྱིས་བྲིས་སོང་།

སེམས་ཀྱིས་རྒྱང་མར་བལྟས་པའི་ཕ་མཐའ་ན།
བཏབ་པའི་སྨོན་ལམ་རླུང་ཁའི་མར་མེ་འདྲ།

གདམ་ཀ་ནི་གདུག་རྩུབ་ཉག་ཅིག་སྟེ།
ཡོད་ཚད་རྒྱུན་ལྡན་དུ་གྱུར་ཚར་བའི་རྗེས་ལ།
ལོ་ཟླའི་འགྲོས་ཀྱིས་དེད་དང་མ་དེད་གང་ཡིན་ཡང་།
འཇའ་ཚོན་གྱི་མཛེས་སྡུག་ཉིད།

མི་ལོ་མང་བོ་ཞིག་གི་རྗེས་ལ།
དྲན་པའི་རྒྱུ་ཕྱོགས་གློ་བུར་བ་ཞིག་གིས།
སྨྲ་བརྗོད་མང་བོའི་དོད་དུ་ཕན་ཚུན་ཡང་ཡང་བསྐུར་མྱོང་བའི་
རྟ་ཕོ་རྔོག་རིང་དེ།
བདེ་འཚམས་མཚོན་བྱེད་དུ།
ངས་ཡང་བསྐྱར་ཁྱེད་ལ་ལན་གཅིག་བསྐུར་སྲིད།

དཔྱིད་ཀྱི་དྲན་པ་ནི་ཉི་ནུབ་ཀྱི་གཏམ་རྒྱུད་ཡིན།
 མི་ལོ་སྟོང་གི་ལྕགས་སྒྲོག་སིལ་བུར་གཏོར་པའི་ངའི་དྲན་པ་དེ་ཡིན། 
དཔྱིད་ཀྱི་དྲན་པ་ནི། འདྲིས་ཐབས་མེད་ལ་གྱེས་ཐབས་ཀྱང་མེད་པའི་སེམས་ཀྱི་བུ་ལོན་དེ་ཡིན། བསྐྱུར་ན་ཡིད་ལ་བརྣག་ཅིང་། 
བལ་ན་ན་ཟུག་དགུ་འགྱུར་ཡིན་པའི་ངའི་སྙིང་གི་ཚེར་མ་དེ་ཡིན།

སྙན་ངག

Post navigation

Previous Post: མཇུག་མཐའི་སྐུ་པར།
Next Post: མང་གཙོ་དུས་ཆེན་ཐེངས་ ༦༢ པར་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme