Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལུགས་གསོ་རིག་གིས་ཏོག་གསར་གློ་ཚད་བཅོས་པའི་བཅོས་བསྐྱེད་ཚད་གཞི་ཇི་འདྲ་བཟུང་དགོས་པའི་སྐོར་གྱི་བསམ་འཆར།

Posted on 2022-08-22 By འཚོ་བྱེད་བུ No Comments on བོད་ལུགས་གསོ་རིག་གིས་ཏོག་གསར་གློ་ཚད་བཅོས་པའི་བཅོས་བསྐྱེད་ཚད་གཞི་ཇི་འདྲ་བཟུང་དགོས་པའི་སྐོར་གྱི་བསམ་འཆར།

ད་ཐེངས་ཀྱི་ཏོག་གསར་ནད་དུག་ཨོ་མི་ཁེ་རུང་ཞེས་པ་ནི་སྔར་ཚུལ་གྱི་ཡུན་ཐུང་བ་དང་།  འགོས་ཁྱབ་ཀྱི་འགྲོས་མགྱོགས་ལ་འགོས་སྟོབས་ཆེ་བ་གང་ཞིག ། ནད་ཞུགས་ཡུལ་གཙོ་བོ་གློ་ཡུ་དང་གྲེ་བ་ལྟ་བུ་དབུགས་ལམ་སྟོད་དུ་གནས་པས་ཁྱོན་ཡོངས་ནས་ནད་རྟགས་དང་ནད་གཞིའི་དཀྱེལ་ཆུང་བའི་རྣམ་པ་དང་ཁྱད་ཆོས་ལྡན་པ་ཞིག་ཏུ་སྣང་།

  དེ་ཡང་ནད་ཀྱི་ཞུགས་ཡུལ་དང་།  ནད་རྟགས།  གསོ་ཚུལ་བཅས་གསུམ་གྱི་ཐད་ནས་གཞིགས་ན་རང་རེའི་གཞུང་གི་ཆམ་རིམས་གསོ་བ་ལས་གྲེ་ཆམ་དང་འདྲ་བའི་ཆ་མང་དུ་སྣང་ཞིང་།  ལྷག་པར་ནད་རྟགས་མི་མངོན་པའི་ནད་པ་དང་ནད་གཞི་དཀྱེལ་ཆུང་བའི་ནད་པ་ལྟ་བུ་ལ་མཚོན་ན།  མིག་སྔའི་གསོ་ཚུལ་གྱི་རྩ་དོན་ཡང་གཙོ་བོ་ཟུར་བཀག་བལྟ་སྐྱོང་བྱེད་པ་གཙོ་ཆེ་ཞིང་།  དེ་ནི་རང་རེའི་རྒྱུད་ལས།  བཅོས་ཐབས་གྲེ་ཆམ་ཟས་སྤྱོད་གཟབས་པས་འཚོ།  ཞེས་གསུངས་པ་དང་གཞི་རྩའི་དགོངས་དོན་གཅིག་མཚུངས་ལྟ་བུར་སྣང་། 

    སྐབས་བབས་བཅོས་བསྐྱེད་ཀྱི་ཚད་གཞི་ཇི་ལྟ་བུ་ཞིག་ལ་བརྟེན་ནས་བོད་ལུགས་གསོ་རིག་གིས་ད་ཐེངས་ཏོག་གསར་ནད་གཞི་སྨན་བཅོས་བྱས་པའི་ཁྱད་ཆོས་དང་དགེ་མཚན་མངོན་པར་བྱ་དགོས་མིན་ནི།  རང་རེས་ཏོག་གསར་བཅོས་པའི་རྒྱུད་རིམ་ཧྲིལ་པོའི་ནང་ཡིད་གཟབ་དང་དོ་སྣང་བྱ་དགོས་པ་ཞིག་ཡིན་ཏེ།  མིག་སྔར་རང་རེའི་གསོ་ཐབས་སྤྱོད་བཞིན་པའི་ནད་རྟགས་མི་མངོན་པ་དང་ཡང་ན་དཀྱེལ་ཆུང་བའི་ནད་པ་ལྟ་བུར་མཚོན་ན།  དེ་བས་ཀྱང་རང་ལུགས་གཞུང་དང་འཚམས་ལ་སྐབས་བབ་ནད་གཞིའི་ཁྱད་ཆོས་དང་མཐུན་པའི་བཅོས་བསྐྱེད་ཚད་གཞི་ཡང་དག་ཅིག་མེད་ན་མི་རུང་ཞིང་།  དེ་ལ་བརྟེན་ནས་རང་རེའི་གསོ་རིག་གི་གསོ་བཅོས་ཁྱད་ཆོས་མངོན་ཐུབ་པ་བྱ་རྒྱུ་ནི་གལ་ཆེ་བ་ཡིན།

    ནད་གཞི་འདིའི་གསོ་ཚུལ་དང་གསོ་ཐབས་ཀྱི་གཉེན་པོ་ནི་ཏོག་གསར་གློ་ཚད་ནད་ཀྱི་བོད་ལུགས་གསོ་བ་རིག་པའི་འགོག་བཅོས་ཇུས་གཞིར་༼ཚོད་སྤེལ་ཐེངས་བཞི་པ་༽གཏན་འཁེལ་ཟིན་པའི་ནང་དོན་ལྟར་ལག་ལེན་དང་ལག་བསྟར་བྱས་ན་ཆོག་ཅིང་།  གཤམ་ལ་ཏོག་གསར་ནད་གཞི་ལས་ནད་རྟགས་མི་མངོན་པ་དང་ནད་གཞི་དཀྱེལ་ཆུང་གཉིས་ཀྱི་བཅོས་བསྐྱེད་ཚད་གཞི་དང་དེའི་ཐབས་ལམ་འཆར་འགོད་ཐད་ལ་བསམ་འཆར་འགའ་ཞུ་འདོད་དེ།

    དང་པོ།  ནད་རྟགས་མི་མངོན་པའི་ནད་པའི་བཅོས་བསྐྱེད་ཚད་གཞི་འཛིན་སྟངས།

    ༡ གདགས་གཤིས་ནས་སྲིབ་གཤིས་སུ་འགྱུར་བའི་དུས་ཚད།

    རྒྱལ་ཁབ་ཀྱི་ཏོག་གསར་གློ་ཚད་འགོག་བཅོས་ཇུས་གཞི་༼ཨང་དགུ་པ་༽ལྟར་ན།  ནད་རྟགས་མི་མངོན་པའི་ནད་པ་དག་གྲུ་ཚང་སྨན་ཁང་དུ་ཉར་ནས་བལྟ་ཞིབ་བྱ་བའི་ཚད་གཞི་སྤྱིར་བཏང་ཉིན་བདུན་དུ་གསུངས་ཡོད་ཅིང་། དེས་ན་རང་རེའི་གསོ་ཐབས་སྤྱད་པ་དང་མ་སྤྱད་པའི་ནད་པའི་བར་གྱི་གདགས་གཤིས་ནས་སྲིབ་གཤིས་སུ་འགྱུར་བའི་དུས་ཚད་ནི་གཞི་འཛིན་ས་ཞིག་ཏུ་འཇོག་ཆོག་སྙམ།

    ༢ ནད་རྟགས་མེད་པ་ནས་ནད་རྟགས་ཅན་དུ་འགྱུར་བའི་ཚད།

    ནད་རྟགས་མི་མངོན་པའི་ནད་པ་འགའ་རེ་ནད་འགྱུར་དབང་གིས་ནད་རྟགས་ཅན་དུ་འགྱུར་བ་ཡིན་ཞིང་།  དེས་ན་རང་རེའི་གསོ་ཐབས་སྤྱད་པའི་ནད་པ་དག་ནད་རྟགས་ཅན་དུ་འགྱུར་མི་འགྱུར་དང་།  དེའི་བསྡུར་ཚད་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་དེ་ཡང་གཞི་འཛིན་ས་ཞིག་ཏུ་འཇོག་ཆོག་སྙམ།

    ༣ ཉིང་སྐྱུར་བརྟག་དཔྱད་ཀྱི་Ctགྲངས་ཚད།

    རྒྱལ་ཁབ་ཀྱི་ཏོག་གསར་གློ་ཚད་འགོག་བཅོས་ཇུས་གཞི་༼ཨང་དགུ་པ་༽ལྟར་ན།  ནད་རྟགས་མི་མངོན་པའི་ནད་པ་གྲུ་ཚང་སྨན་ཁང་དུ་བལྟ་ཞིབ་བྱས་ནས་ཉིན་དྲུག་པ་དང་བདུན་པ་སོ་སོར་ཉིང་སྐྱུར་བརྟག་དཔྱད་རེ་བྱ་དགོས་ཤིང་།  དེའི་ཚད་གཞི་ནི་Ct值均≥35དང་ཡང་ན་སྲིབ་གཤིས་མངོན་ཚེ་གཞི་ནས་གྲུ་ཚང་ནས་ཕྱིར་ཐོན་པའི་ཚད་དུ་འཛིན།  དེས་ན་གལ་ཏེ་ཆ་རྐྱེན་ལྡན་ཚེ་རང་རེའི་གསོ་ཐབས་སྤྱད་པའི་ནད་པའི་གསོ་བཅོས་སྔ་རྗེས་ཀྱི་ཉིང་སྐྱུར་Ctགྲངས་ཚད་༼ནད་དུག་འགོས་ཚད་༽དེ་ཡང་གཞི་འཛིན་ས་ཞིག་ཏུ་འཇོག་ཆོག་སྙམ།

    ༤ ནད་གཞི་བསྐྱར་ལོག་འབྱུང་ཚད།

    ནད་རྟགས་མི་མངོན་པའི་ནད་པ་དག་གསོ་བཅོས་རྗེས་སྲིབ་གཤིས་སུ་འགྱུར་ནས་གྲུ་ཚང་སྨན་ཁང་ནས་ཕྱིར་ལོག་རྗེས།   བསྐྱར་དུ་ནད་པ་དེ་དག་ལ་གསོ་རིག་བལྟ་ཞིབ་ལེགས་པར་བགྱིས་ཏེ་ནད་གཞི་བསྐྱར་ལོག་གམ་ཡང་ན་ཡང་བསྐྱར་གདགས་གཤིས་སུ་འགྱུར་མིན་དེ་ཡང་གཞི་འཛིན་ས་ཞིག་ཏུ་འཇོག་ཆོག་སྙམ་ལ།  འདིའི་བལྟ་ཞིབ་ཀྱི་དུས་ཚད་ནི་ནད་པ་དྲག་བསྐྱེད་བྱུང་ནས་བརྩིས་པའི་ཟླ་བ་གཅིག་ཙམ་བཟུང་ན་ཅུང་ཟད་འཚམས་པར་མངོན།

    ༥ ནད་རོའམ་ནད་གཞུག་ལུས་མིན་གྱི་བལྟ་ཞིབ།

    སྤྱིར་ན་ཏོག་གསར་ནད་དུག་འགོས་པའི་ནད་རྟགས་མི་མངོན་པའི་ནད་པ་དང་ནད་གཞི་དཀྱེལ་ཆུང་བ་སོགས་ལ་ནད་གཞུག་ལུས་པ་ཧ་ཅང་དཀོན་པར་གསུངས་ཤིང་།  འོན་ཏེ་ཆ་རྐྱེན་ཡོད་མཁན་ཚོས་ནད་པ་དེ་དག་ལ་རྒྱུན་བསྲིངས་ཏེ་བརྩད་འདྲིའི་ལམ་ནས་བལྟ་ཞིབ་འདྲ་བྱ་ཐུབ་ནའང་ལེགས་པར་མངོན་ལ།  དེ་ཡང་གཞི་འཛིན་ས་ཞིག་ལ་འཇོག་ན་ཆོག་སྙམ།  འོན་ཏེ་འདིའི་བལྟ་ཞིབ་ཀྱི་དུས་ཡུན་ཅུང་ཟད་རིང་བ་ཡིན།

    གཉིས་པ།  ནད་གཞི་ཡང་བའམ་དཀྱེལ་ཆུང་བའི་ནད་པའི་བཅོས་བསྐྱེད་ཚད་གཞི་འཛིན་སྟངས།

    ༡ ནད་རྟགས་ཀྱི་ཞི་ཚད།

    ཏོག་གསར་ནད་དུག་ཨའོ་མི་ཁེ་རུང་ཞུགས་སའི་གནས་ཀྱི་ཁྱད་པར་སོགས་ལས་ནད་རྟགས་གཙོ་བོ་ཚ་བ་རྒྱག་པ་དང་།  གློ་ལུ་བ།  མགོ་ན་བ།  གྲེ་བ་དང་རྐན་མཚུལ་ཚ་བའམ་ན་བ།  ལྕེའི་རོ་ཚོར་ཉམས་པ་སོགས་འབྱུང་བར་བཤད་ཅིང་།  དེས་ན་ང་ཚོའི་གསོ་ཐབས་སྤྱད་པའི་ནད་པ་དག་ལ་གསོ་བཅོས་ཀྱི་རྒྱུད་རིམ་ཧྲིལ་པོའི་ནང་གོང་གི་ནད་རྟགས་རྣམས་ཀྱི་ཞི་ཚད་ལ་བལྟ་ཞིབ་གང་ཡག་བགྱིས་པ་དང་།  ལྷག་པར་གསོ་ཐབས་གཞན་སྤྱད་པའི་༼ཕྱི་ལུགས་ཀྱི་སྨན་ལྟ་བུ་༽ནད་པ་ཁག་དང་བསྡུར་བ་བྱ་ཐུབ་ན་དེ་བས་ལེགས་པར་མངོན།

    ༢ རྩ་ཆུ་ལྕེ་གསུམ་དང་ལུས་པོའི་མངོན་ཚུལ་གཞན་གྱི་གཞི་འཛིན་ས།

    གསོ་བཅོས་སྔ་རྗེས་གཉིས་སམ་ཡང་ན་གསོ་བཅོས་ཀྱི་རྒྱུད་རིམ་ཁྲོད་རྩ་ཆུ་ལྕེའི་ཁྱད་པར་དང་དེ་བཞིན་ལུས་པོའི་མངོན་ཚུལ་གཞན་ལ་བལྟ་ཞིབ་ཐུབ་ན་ཤིན་ཏུ་ལེགས་ཀྱང་སྐབས་བབས་ནད་གཞི་འདི་ཉིད་འགོས་ཁྱབ་ཆེ་བ་སོགས་ཀྱི་རྐྱེན་ཅི་རིགས་པས་འདི་ནི་སྒྲུབ་དཀའ་བ་ཞིག་ཡིན།

     ༣ གདགས་གཤིས་ནས་སྲིབ་གཤིས་སུ་འགྱུར་བའི་དུས་ཚད།

    གོང་གི་ནད་རྟགས་མི་མངོན་པའི་ནད་པའི་གདགས་གཤིས་ནས་སྲིབ་གཤིས་སུ་འགྱུར་བའི་དུས་ཚད་དང་གཞི་འདྲ་བར་འཆར་འགོད་བྱས་ན་ཆོག །

    ༤ ནད་གཞི་དཀྱེལ་ཆུང་བ་ནས་དཀྱེལ་ཆེ་བར་འགྱུར་བའི་ཚད།

    ནད་གཞི་ཡང་བའམ་ནད་རྟགས་ཆུང་བ་ནས་ནད་གཞི་ལྕི་བའམ་ནད་རྟགས་ཆེ་བར་འགྱུར་བའི་ཚད་དང་།  དེ་ལ་ཞིབ་བསྡུར་གྱིས་རང་རེའི་གསོ་ཐབས་ཀྱིས་ཐོན་པའི་ནུས་པའམ་ཤུགས་རྐྱེན་ཇི་ཙམ་ལྡན་མིན་དག་གཞི་འཛིན་ས་ཞིག་ཏུ་འཇོག་ཆོག་སྙམ། གལ་ཏེ་རང་རེའི་གསོ་བཅོས་ཀྱི་ཐབས་ལམ་ལ་བརྟེན་ནས་ནད་གཞི་ལྕི་བར་འཕེལ་འགྱུར་བྱ་ཚད་ལ་ཚོད་འཛིན་ཐེབས་ཚེ།  དེ་ནི་བཅོས་བསྐྱེད་ཚད་གཞི་ཤིན་ཏུ་ལེགས་པ་ཞིག་ཡིན།

    ༥ ཉིང་སྐྱུར་བརྟག་དཔྱད་ཀྱི་Ctགྲངས་ཚད།

    གོང་གི་ནད་རྟགས་མི་མངོན་པའི་ནད་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་Ctགྲངས་ཚད་དང་འདྲ་བར།  ནད་གཞི་ཡང་བའི་ནད་པའི་གསོ་བཅོས་སྔ་རྗེས་ཀྱི་Ctགྲངས་ཚད་ལ་དཔྱད་དཔོག་བྱ་རྒྱུའང་གཞི་འཛིན་ས་ཞིག་ཡིན།

    ༦ ནད་གཞི་བསྐྱར་ལོག་འབྱུང་ཚད།

    ནད་གཞི་ཡང་བའི་ནད་པ་དག་གསོ་བཅོས་རྗེས་སྲིབ་གཤིས་སུ་འགྱུར་ནས་སྨན་ཁང་ནས་ཕྱིར་ལོག་རྗེས།   བསྐྱར་དུ་ནད་པ་དེ་དག་ལ་གསོ་རིག་བལྟ་ཞིབ་ལེགས་པར་བགྱིས་ཏེ་ནད་གཞི་བསྐྱར་ལོག་གམ་ཡང་ན་ཡང་བསྐྱར་གདགས་གཤིས་སུ་འགྱུར་མིན་དེ་ཡང་གཞི་འཛིན་ས་ཞིག་ཏུ་འཇོག་ཆོག་སྙམ་ལ།  འདིའི་བལྟ་ཞིབ་ཀྱི་དུས་ཚད་ནི་ནད་པ་དྲག་བསྐྱེད་བྱུང་ནས་བརྩིས་པའི་ཟླ་བ་གཅིག་ཙམ་བཟུང་ན་ཅུང་ཟད་འཚམས་པར་མངོན།

    ༧ ནད་རོའམ་ནད་གཞུག་ལུས་མིན་གྱི་བལྟ་ཞིབ།

    སྤྱིར་ན་ཏོག་གསར་ནད་དུག་འགོས་པའི་ནད་གཞི་དཀྱེལ་ཆུང་བ་དག་ལ་ནད་གཞུག་ལུས་པ་ཧ་ཅང་དཀོན་པར་གསུངས་ཤིང་།  འོན་ཏེ་ཆ་རྐྱེན་ཡོད་མཁན་ཚོས་ནད་པ་དེ་དག་ལ་རྒྱུན་བསྲིངས་ཏེ་བརྩད་འདྲིའི་ལམ་ནས་བལྟ་ཞིབ་འདྲ་བྱ་ཐུབ་ནའང་ལེགས་པར་མངོན་ལ།  དེ་ཡང་གཞི་འཛིན་ས་ཞིག་ལ་འཇོག་ན་ཆོག་སྙམ།  འོན་ཏེ་འདིའི་བལྟ་ཞིབ་ཀྱི་དུས་ཡུན་ཅུང་ཟད་རིང་བ་ཡིན།

    གོང་གི་ནད་པ་དག་ལ་ད་དུང་གསོ་བཅོས་ཀྱི་ཕན་ནུས་ལ་དཔྱད་དཔོག་བྱ་ཕྱིར་དེང་རབས་བརྟག་ཐབས་ལས་ལུས་པོའི་ནད་འགོག་གི་བརྟག་དཔྱད་རྣམ་གྲངས་དང་།  དེ་བཞིན་ནད་གཞི་ལྕི་བར་འགྱུར་རིགས་ལ་གློག་པར་ཁང་གི་བརྟག་དཔྱད་ཁག ། དེ་མིན་བཅོས་དང་ནད་གཉི་གའི་ཆ་ནས་ལུས་པོའི་དོན་སྣོད་སོགས་ཀྱི་ནུས་པར་ཤུགས་རྐྱེན་ཐེབས་མིན་གྱི་གཞི་འཛིན་ས་དེང་རབས་ཀྱི་མཆིན་པ་དང་མཁལ་ནུས་ཀྱི་བརྟག་དཔྱད་སོགས་བྱུང་ན་བཅོས་བསྐྱེད་ཀྱི་ཚད་གཞིར་རུང་ཡང་།  སྐབས་བབབ་མཐུན་རྐྱེན་དང་ནད་གཞིའི་འགོས་ཁྱབ་ཤུགས་ཆེ་བ་སོགས་ཀྱི་རྐྱེན་ཅི་རིགས་པས་ཅུང་ཟད་སྒྲུབ་དཀའ་བར་སྣང་། གཞན་ད་དུང་གོང་ཞུས་བཅོས་བསྐྱེད་ཚད་གཞི་ཁག་ཕུད་པའི་གཞན་ཅི་རིགས་མཆིས་ཀྱང་འདིར་ལྷན་ཐབས་སུ་མཐུད་ན་ཆོག་པས་རྣམ་དཔྱོད་ཅན་ཚོས་ ཐུགས་སྣང་མཛོད། 

    མདོར་ན།  རང་རེའི་གསོ་རིག་གིས་ཏོག་གསར་ནད་གཞི་འདི་ཉིད་གསོ་བཅོས་བྱ་བར་རིག་གཞུང་གི་རྨང་གཞི་ཁུངས་བཙུན་པ་དང་།  གསོ་བཅོས་ཀྱི་གཉེན་པོ་ཕུན་སུམ་ཚོགས་པ།  གོང་རིམ་གྱི་རྒྱབ་སྐྱོར་ཤུགས་ཆེ་བ།  སྨན་པ་ཚོའི་ལྷག་བསམ་ཁ་དཀར་བ་སོགས་ཀྱི་མཐུན་རྐྱེན་དང་ཁྱད་ཆོས་དུ་མ་མངའ་ཞིང་།  དེར་བརྟེན་རང་རེའི་གསོ་ཐབས་ཀྱི་ཐུན་མིན་ཁྱད་ཆོས་དང་ཕན་འབྲས་དག་དེང་རབས་ཀྱི་དགོས་མཁོ་དང་འཚམས་པར་ར་སྤྲོད་གསལ་སྟོན་བྱ་ཆེད།  འདིར་ཕན་འབྲས་དཔྱད་དཔོག་གམ་བཅོས་བསྐྱེད་ཚད་གཞི་ཁག་ཅིག་གྲུ་ཚང་སྨན་ཁང་གི་སྨན་པར་མྱོང་བ་དངོས་ཀྱི་བཀའ་འདྲི་དང་།  དེ་བཞིན་འབྲེལ་ཡོད་མཁས་པ་འགར་བཅར་འདྲི་དང་གྲོས་མོལ་ཞུས་པ་བརྒྱུད་དེ་དག་ལ་ཕྱོགས་བསྡོམས་ཀྱིས་གང་ནུས་འགོད་པར་བྱས་ཤིང་།  ཞིབ་ཕྲའི་འཆར་འགོད་ཇི་འདྲ་བྱ་མིན་ནི་རང་རང་གི་སྐབས་བབས་མཐུན་རྐྱེན་ལ་གཞིགས་ནས་གང་ལ་དེ་འཚམས་འཆར་འགོད་བྱས་ན་ཆོག ། འདི་ལ་ད་དུང་ཆད་ལྷག་ལོག་པའི་རིགས་མཆིས་ན་ལྷག་བསམ་ཅན་ཚོས་མ་གསང་མྱུར་དུ་ཡོ་བསྲང་ཡོད་པ་མཁྱེན། །

བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་།  བུ་ཆུང་ཚེ་རིང་།

སྤྱི་ལོ་༢༠༢༢ལོའི་ཟླ་༨ཚེས་༢༢ཉིན།

དཔྱད་གཞིའི་ཡིག་ཆ་གཙོ་བོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།

རྒྱལ་ཁབ་ཀྱི་ཏོག་གསར་གློ་ཚད་འགོག་བཅོས་ཇུས་གཞི་༼ཨང་དགུ་པ།༽

ཏོག་གསར་གློ་ཚད་ནད་ཀྱི་བོད་ལུགས་གསོ་བ་རིག་པའི་འགོག་བཅོས་ཇུས་གཞི།༼ཚོད་སྤེལ་ཐེངས་བཞི་པ།༽

གསོ་རིག

Post navigation

Previous Post: ཁྱབ་བདག་རྫོགས་ཆེན་པ༧པདྨ་སྐལ་བཟང་མཆོག་ལ་བསྟོད་པ་རང་བྱུང་དབྱངས་ཀྱི་རྒྱལ་མོ་བཞུགས་སོ།།
Next Post: འགྲམ་ལྕག་ཚ་པོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme