Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་ནང་རུལ་བ།

Posted on 2022-07-25 By ཁ་བརྡ 3 Comments on བོད་པ་ནང་རུལ་བ།

སྒང་པ་དགེ་ལེགས། 

མི་རིགས་ཤིག་གི་སྲོག་དབུགས་མཐུད་ཐུབ་པའི་སྟོབས་ཤུགས་ཆེ་ཤོས་སྐད་ཡིག་ཡིན་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། རེད་དེ་འཆི་གསོན་གྱི་བར་ནས་དབུགས་ཆད་མ་མཐུད་ཅིག་ལེན་བཞིན་པའི་མི་ཚོགས་འགའ་རེས་གནས་ལུགས་དེ་རྟོགས་མེད་པར་མ་ཟད་རང་གི་དབུགས་ཀྱི་རྒྱུ་བ་ཇེ་ཐུང་དུ་འགྲོ་བཞིན་པའང་ཚོར་གྱིན་མེེད། དེའི་དབང་གིས་རྩ་ཆེའི་སྐད་ཡིག་ལ་དེ་ཙམ་གྱི་རིན་ཐང་ཡང་འཇོག་གི་མེད། རང་རེའི་ཕྱི་སྡོད་བོད་མིའི་སྤྱི་ཚོགས་འགའ་ཞིག་ཀྱང་དེ་འདྲ་ཡིན་ཏེ། ཚོགས་པའི་བརྡ་ཁྱབ་དང་གསལ་བསྒྲག་སོགས་ལ་བོད་ཡིག་ཅིག་བཙལ་རྒྱུའི་དབང་དུ་བཏང་ན་ལས་ཤོག་གི་ཁ་བྱང་དང་ཡང་ན་ཚོགས་པའི་མིང་ཙམ་ལས་གཞན་མེད། ཐ་ན་བོད་པ་ཡིན་པའི་འབྲེལ་ཡོད་མི་སྣའི་མིང་དེ་དག་ཀྱང་དབྱིན་ཡིག་མ་གཏོགས་བོད་ཡིག་གིས་བྲིས་མེད། འོན་ཀྱང་ཚོགས་པ་དེ་དག་བོད་ཀྱི་བདེན་དོན་རྩོད་མཁན་གྱི་གྲལ་མགོར་བསྡད་ཡོད། བོད་ཀྱི་སྤྱི་ཚོགས་ཆུང་ངུ་འདིའི་ཁྲོད་དུ་ཁོང་ཚོས་གོ་གནས་ཀྱང་གལ་ཆེན་བཟུང་ཡོད། དོན་གྱི་ཆ་ནས་ཁོ་ཚོའི་མི་རིགས་འདིའི་བདེན་དོན་རྩོད་པའི་ཐབས་ལམ་ནི་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་རྒྱུ་ཙམ་ལས་གཞན་གང་ཡང་མེད། 

འོ་ན་ཁོ་ཚོས་སྐད་ཡིག་གི་གལ་ཆེའི་རང་བཞིན་དེ་དག་མ་ཤེས་པ་རེད་དམ་ཟེར་ན། དེ་ཡང་ཡིན་ཚོད་མི་འདུག་སྟེ། སྐབས་རེར་ཁོ་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབས་བྱེད་དགོས་ཚུལ་དང་རྩ་་ཆེན་པོ་ཡིན་ཚུལ་དབྱིན་ཡིག་གིས་བྲིས་ནས་གང་སར་བཀྲམ་དང་འགྲེམ་བཞིན་འདུག  རྒྱུ་མཚན་གཅིག་ཡོད་པ་ནི་ཁོ་ཚོས་བརྡ་ཁྱབ་དང་གསལ་བསྒྲག་དེ་ཚོ་དབྱིན་ཡིག་མ་གཏོགས་བོད་ཡིག་གིས་འབྲི་མ་ཤེས་པ་རེད། འབྲི་མ་ཤེས་པ་དེ་ཁོ་ཚོ་ལ་ལེ་ཁག་མེད་པའི་སྒྲུབ་བྱེད་དུ་འགྲོ་རུང་མི་འགྲོ་རུང་ཁོ་རང་ཚོས་དང་ལེན་བྱས་ཚར་བ་རེད་ལ་མ་འོངས་པར་ཡང་དང་ལེན་བྱ་ངེས་པ་རེད། 

འོན་ཀྱང་བོད་ཡིག་ལ་དགའ་མཁན་ཞིག་དང་བོད་ཡིག་གི་གལ་ཆེའི་རང་བཞིན་ལ་ངེས་ཤེས་རྙེད་པའི་གང་ཟག་ཅིག་ལ་མཚོན་ན་འདི་སྒྲུབ་བྱེད་ཅིག་མ་རེད་ལ་ལེ་ཁག་དཀྲི་རུང་བ་ཞིག་དེ་བས་ཀྱང་མ་རེད། ཁྱོད་ཚོས་བོད་ཡིག་མ་ཤེས་པ་དེ་ཁྱོད་ཚོའི་ནག་ཉེས་རེད་ཅེས་བརྗོད་ན་ཁོང་ཚོས་དང་ལེན་བྱ་མི་སྲིད་ལ་བརྒྱ་ལ་དང་ལེན་བྱས་རུང་འཕྱིས་དྲགས་པ་རེད། དེ་བས་ངས་ཁྱེད་ཅག་ལ་སྐད་ཆ་དེས་ཚ་འདེད་མི་བྱེད། ཅིའི་ཕྱིར་ཁྱོད་ཚོས་བོད་ཡིག་ཡག་པོ་ཤེས་མཁན་ཞིག་མ་བཙལ་བ་ཡིན་ནམ། བཙལ་ནའང་རྙེད་མ་སོང་མ་ཟེར། སྐྱག་རྫུན་དེའི་རིགས་དྲྭ་རྒྱའི་དུས་རབས་འདིར་སུས་ཀྱང་དང་ལེན་བྱེད་མི་སྲིད། བསམ་ཤེས་ན་དྲི་བ་འདིས་ཁྱོད་ཚོའི་མདོག་ཆ་རྣལ་མ་ཞིག་གསལ་སྟོན་བྱས་ཚར་བ་རེད། དེ་ནི་མཐར་གཏུགས་ན་ཁྱོད་ཚོ་བོད་ཡིག་ལ་དོ་སྣང་ཅི་ཡང་མེད་པ་དེ་རེད།  

བོད་ཀྱི་སྐད་ཡིག་གི་ཆགས་འཇིག་དང་རྒས་རྒུད་ཀྱི་ད་ལྟའི་གནས་བབས་འདི་ལ་ཤ་ཚ་ཞིང་སྙིང་ན་མཁན་ཞིག་ཡིན་ན། བོད་ཀྱི་མི་རིགས་འདིའི་ད་ལྟའི་ཉམས་ཉེས་དང་རྨ་ཁ་ལ་སྙིང་རྗེ་ཞིང་རུས་གཟེར་མཁན་ཞིག་ཡིན་ན། བོད་ཡིག་གི་སྤྱོད་སྒོ་དང་ཁྱབ་རྒྱ་ཟེར་བའི་ཁག་དཀྲི་ས་ཞིག་བཙལ་མི་སྲིད་ལ་རང་ཉིད་ཀྱི་ཁ་དང་ལག་པ་གཉིས་བོད་ཀྱི་སྐད་ཡིག་དང་འབྲེལ་བ་རྩ་ཆད་དུ་དེ་བས་ཀྱང་གཏོང་མི་སྲིད། 

ཕྱོགས་གཞན་ཞིག་ནས་བཤད་ན། བོད་པ་ཡིན་བཞིན་ཏུ་བོད་ཡིག་མི་ཤེས་པའམ་ཡང་ན་བོད་སྐད་མི་ཤེས་པ་ནི་བོད་ཀྱི་སྐད་ཡིག་ལ་བཀག་རྒྱ་བཟོས་པ་རེད། དེ་ཡང་ཁ་གསལ་བོས་བཤད་ན་། བོད་ཡིག་གི་ཁྱབ་དགོས་ཤིང་འོས་པ། མ་ཁྱབ་ན་མི་ཆོག་པའི་ས་ཆ་ཞིག་ལ་ཁྱོད་ཀྱིས་ཁྱབ་ཏུ་མ་བཅུག་པ་རེད། ཁྱབ་ཏུ་འཇུག་རྒྱུ་ནི་ཁྱོད་ཀྱི་ལས་འགན་ཡིན་བཞིན་ཏུ་ཁྱོད་ཀྱིས་བཀག་རྒྱ་བཟོས་པ་རེད། རྒྱུ་མཚན་དེའི་ཐོག་ནས་བསམ་ན་ཁྱོད་ཚོའང་བོད་མི་རིགས་རྩ་མེད་གཏོང་མཁན་གྱི་གྲས་རེད། རང་གི་མི་རིགས་ལ་རང་གིས་གཉའ་གནོན་བྱེད་པ་ལ་ནང་རུལ་བ་ཟེར། འདས་པའི་ལོ་རྒྱུས་ཀྱིས་ང་ཚོ་ལ་ནང་རུལ་བ་དེ་དག་མི་རིགས་རྒུད་པའི་རྩ་བ་ཡིན་པ་ཡང་ཡང་གསལ་འདེབས་བྱས་ཡོད། འོན་ཀྱང་གསལ་འདེབས་དེ་དག་ནི་བོད་ཡིག་ཏུ་བྲིས་ཡོད་པས་ཁྱེད་ཅག་གི་མདུན་ཏུ་བཤམས་ནས་བཞག་ན་ཡང་དེ་ཙམ་རེད། དེ་དང་འདྲ་བར་ངའི་རྩོམ་ཡིག་འདི་ཡང་བོད་ཡིག་གིས་ཚུར་མ་བཀླག་ན་བོད་ཡིག་ཕར་མི་ཀློག་པའི་ཁྱེད་ཅག་གིས་མཐོང་མི་སྲིད་ན་ཡང་། བློས་མི་ཐོངས་བ་མང་པོ་ཞིག་གིས་ནམ་ཡང་མནན་མནན་ལ་ཡོད་པའི་ང་ལ་མཚོན་ན། ནམ་ཞིག་ཁྱེད་ཅག་གིས་ཀྱང་བོད་ཡིག་འབྲི་ཞིང་ཀློག་ཐུབ་པའི་རེ་བ་དང་སྨོན་པ་དེ་སྙིང་ནས་འདོར་ཐུབ་མ་སོང་། 

བསམ་ཚུལ།

Post navigation

Previous Post: གཡག་ལ་འོ་མ་ཡོད་མེད་བཤད་པ།
Next Post: ཞིང་གཤེགས་དམ་པ་སྐུ་ངོ་བསམ་འཕེལ་མཆོག་དགོང་ཞག་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་དང་བཀའ་དྲིན་རྗེས་དྲན་ཞུ་བ།

Comments (3) on “བོད་པ་ནང་རུལ་བ།”

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    2022-07-25 at 6:09 pm

    ད་ལྟའི་དུས་རབས་འདི་བོད་མི་རིགས་དང་བོད་ཀྱི་སྐད་ཡིག་རླུང་རྟ་རྒུད་པའི་དུས་རབས་རེད་།
    ཚོགས་པ་ཙམ་མ་ཟད་ལྷན་ཁང་ཁག་དང་སྒྲིག་འཛུགས་མང་པོའི་ཡིག་འབྲེལ་ཨིན་ཡིག་བེད་སྤྱོད་བྱེད་བཞིན་པ་སོགས་མཐོང་སྐབས་སོ་སོའི་སྐད་ཡིག་ལ་བདག་ཉར་དང་སྲུང་སྐྱོབས་ཟེར་བའི་ཐ་སྙད་དེ་ཁ་སྟོང་དང་ཚིག་སྟོང་ཙམ་ལས་ཅང་མ་མཐོང་ངོ་།

  2. གྱེར་ནག་ཚང་ says:
    2022-07-27 at 1:24 pm

    སྒང་པ་ཚང་གི་ལྷག་བསམ་ལ་ཡི་རངས་ཞུ

  3. གཞུང་པ་ཚེ་དབང་བསོད་ནམས་། says:
    2022-07-31 at 8:27 am

    བོད་པ་ནང་རུལ་ཟེར་བའི་ཐ་སྙད་དེ་མང་གཙོ་དང་གཏམ་བརྗོད་་དབང་ལ་འགན་འཁུར་བ་ཙམ་ལས་དོན་དངོས་དང་མཐུན་པ་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་ཐུབ་མ་སོང་ཡང་ང་ཚོའི་སྐད་ཡིག་ལ་ཉམས་ཆགས་འགྲོ་བཞིན་པ་འདི་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མང་གཙོའི་ཀ་བ་གསུམ་གྱིས་འགན་འཁུར་འོག་མེ་མ་ཤི་སྔོན་དུ་མེ་རོ་གསོ་ཐབས་གནང་དགོས་པ་དེ་ཕྱི་སྐྱོན་མེད་ན་ཡང་སྔ་སྐྱོན་གང་ནས་ཡོད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme